[001A]༄༅། །རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་དང། རྫོགས་རིམ་རིམ་ལྔ་གསལ་སྒྲོན་གཉིས་ཀྱི་གསུང་བཤད་ནོས་པའི་ཟིན་ཐོ་འགའ་ཞིག་ཕྱོགས་གཅིག་ཏུ་བཀོད་པ་བཞུགས་སོ།། [001B] །ཁྱབ་བདག་འཁོར་ལོའི་མགོན་པོ་དཀའ་དྲིན་མཚུངས་མེད་རྗེ་ཕ་བོང་ཁབ་བདེ་ཆེན་སྙིང་པོ་དཔལ་བཟང་པོས། མཁས་གྲུབ་ཆེན་པོ་ཅོ་ནེ་པཎྜི་ཏ་བློ་བཟང་རྒྱ་མཚོ་སྤྲིན་གཙུག་ ལག་ཆོས་ཀྱི་འདོད་འཇོའི་ཞལ་སྔ་ནས་ལས། རྒྱུད་རྒྱལ་མཐར་ཐུག་དཔལ་ལྡན་གསང་བ་འདུས་པའི་བསྐྱེད་རིམ་ཆེན་མོ་དངོས་གྲུབ་རྒྱ་མཚོ་ལྷ་ས་ཞོལ་སྤར་མའི་སྟེང་ནས་ཟབ་ཁྲིད་གསན་སྐབས་ཀྱི་ཕྱག་ཟིན་ ༈ །བྱིན་གྱིས་བརླབ་ཏུ་གསོལ། འདིར་དཔལ་གསང་བ་འདུས་པའི་བསྐྱེད་རིམ་ཆེན་མོ་དངོས་གྲུབ་རྒྱ་མཚོའི་གསུང་བཤད་ཀྱི་ཟིན་ཐོ་འགའ་ཞིག་རིམ་བཞིན་འགོད་ པ་ལ༑ ༈ རྒྱལ་བའི་བཀའ་མ་གཞི་རྫོགས་རིམ་ཡིན་པ་ལ། དེའི་ཐབས་བསྐྱེད་རིམ། རིམ་པ་དེ་ཉིད་ད་ལྟ་ནས་ཚགས་སུ་ཚུད་པ་ཞིག་དགོས་ཏེ། དེ་བྱུང་ན་བར་དོ་སོགས་སུ་འོང་བས་སྔོན་ཚུད་བསྒོམ་ [002A] །དེ་ཉིད་རྒྱས་ན་མང་པོ་ཡོད་ཀྱང། འཕགས་པའི་ལུགས་ཉིད་གཙོ་བོར་བཟུང། སྔགས་རིམ་ཆེན་མོར་ཡང་རྒྱས་པར་ཡོད། ་ལུས་ངག་ཡིད་གསུམ་རགས་ཕྲ་ གསུམ། ཤིན་ཏུ་ཕྲ་བ་འདི་སྔགས་བླ་མེད། དེ་ཡང་གསང་འདུས་ལ་བརྟེན་ན་མ་གཏོགས་སྦྱོང་མི་ནུས། ཞེས་འཇམ་བཞད་ཀྱི་གྲུབ་མཐའ་ཆེན་མོའི་ལུང་གསུངས། ངག་ཕྲ་བ་དང་ཤིན་ཏུ་ཕྲ་བ་གཉིས་ རླུང་དེ་དང་དེའི་སྐད་ཀྱི་གདངས་ལ་བྱེད། ་སྤྱིར་བསྟན་པ་གནས་མི་གནས་འདུལ་བ་ཡིན་པ། གནས་ན་ལས་ཡོད་ན་ཞེས་སོགས་དྲངས་ནས་གསུངས། བསྟན་པའི་སྙིང་པོ་འདུས་པ་ཡིན། མདོ་ ཕྱོགས་སྟོང་ཉིད་ལ་བསྟན་པའི་སྙིང་པོ་ཞེས་གསུངས་ཀྱང་མདོ་སྔགས་ཟུང་འབྲེལ་གྱི་དབང་དུ་བྱས་ན་འདུས་པ་འདི་ཡིན། དེ་ལྟར་གུང་བསྒྲིག་དགོས། ༈ [002B] མཁས་གྲུབ་སྟོང་ཐུན་ལས། བོད་སྔ་མ་རྣམས་ལྟ་བ་ལ་དཀའ་སླ་བཤད་ཀྱང་མཐར་སེམས་མི་རྟོག་པ་འདི་ལ་གྲོས་མ་བྱས་པར་ཁ་འཆམ་མོ་ཞེས་གསུངས་ཚུལ་ལྔ་པ་དང་སྡེ་སྲིད་ཀྱིས་གསུངས། ་རྗེའི་རྣམ་ གཞག་རིམ་པར་འདི་ངེས་པ་རྙེད་ནས་ལོ་བཅུ་གཉིས་སོང་ཡང་ད་བར་ལབ་མ་ནུས་ཞེས་གསུངས་པ་འདིས་ཆོག། ༈ ཐུན་མོང་ལ་སྐྱེས་བུ་ཆུང་འབྲིང་ཐུན་མོང། ཆེན་པོ་དང་ འབྲིང་ཐུན་མོང། ཆེན་པོ་དང་སྔགས་ཀྱི་ཐུན་མོང་སོགས་ཡོད་ཚུལ། ཆུང་ངུའི་ལ་མ་ཡང་ཡིན། འབྲིང་གིས་སློབ་དགོས་པ་ཡང་ཡིན་པ་ཞིག་ལ་འབྲིང་དང་ཐུན་མོང་ཟེར། དེ་ལ་དལ་འབྱོར། མི་རྟག། ངན་སོང། སྐྱབས་འགྲོ་ ལས་འབྲས་སོགས་ཡོད། དེ་རྣམས་ལ་མ་སྦྱངས་ན་ཕྱི་མ་དོན་གཉེར་ཙམ་ཡང་མི་འབྱུང། དེ་མེད་ན་འདི་ན་ཕྱི་མ་ངན་སོང་ལ་འཇིགས་ནས་སྐྱེ་བ་བཟང་པོ་ལེན་ཐབས། དེ་ཡང་སྐྱེ་བ་གཅིག་བླངས་གཉིས་བླངས། མང་དུ་ ལེན་ཚུལ་བསམས་ནས་སུན་སྣང་སྐྱེ་བ་ན་ངེས་འབྱུང། ངེས་འབྱུང་མེད་ན་སོ་ཐར་སྡོམ་པ་བསྲུང་མི་ནུས། རང་རེ་ཉེས་ལྟུང་མང་བ་དེ་མེད་པས་ཡིན། དེས་ན་ངེས་འབྱུང་གི་ལྕགས་རི་དགོས། དེ་ཡོད་ཀྱང་རང་དོན་ཡིད་བྱེད་ཀྱི་རྐུན་པོ་ ནང་དུ་ཞུགས་ན་མི་ཡོང་བས། དེ་ལ་བྱང་སེམས་དགོས། དེའི་ཕན་ཡོན་ཟན་ཆང་སྦྱིན་པ་ཙམ་སོགས་གསུངས། དེའི་ལྕགས་རི་གཅིག་དགོས། དེ་ཡོད་ཀྱང་བདག་ལྟའི་མཚན་འཛིན་གྱིས་བཅིངས་ན་འཁོར་བ་ལས་ [003A]༄༅། །ཐར་མི་ནུས་པས་ལྟ་བ་དགོས། དེའི་ཐོག་སྔགས་ལམ་གྱི་སྣོན་པ་བརྒྱག་དགོས། རྗེའི་གསུང་འདི་རྣམས་སྔ་མ་མ་སྐྱེས་པར་ཕྱི་མ་མི་སྐྱེ་བ་དང། སྔ་མ་སྐྱེས་ན་ཕྱི་མ་དྲངས་འོང་བ་ཡིན་ གསུངས། ་གྲུ་བཞི་ཞེས་བ་རྗེ་རང་གིས་བཞེད། ་བེའུ་བུམ་སྔོན་པོ་ན་བལྟ་རྒྱུ་ཡོད་གསུངས། གཙང་ལ་ལམ་རིམ་མ་གཏོགས་མི་ཤེས་ཟེར་འདུག་པ་དེ་ལེགས། ལམ་རིམ་འཆད་ཤེས་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ འཆད་ཤེས། ་རྗེས་དབང་རེ་གཉིས་ལས་མ་གནང། དེ་དུས་ངོར་པ་ཀུན་བཟང་གིས་རྡོ་རྗེ་ཕྲེང་བ་བརྒྱད་ཅུ་བསྐུར་ནས་མང་དུ་འདུས། ས་སྐྱ་པ་རྣམས་དབང་བསྐུར་བ་ལ་དགའ་བས། རྟ་ནག་བརྩོན་སེང་གིས། དབང་གི་ཆོས་འཁོར་ བསྐོར་ལགས་སམ། །དམ་ཉམས་ས་སྟེང་གང་ལགས་སམ། །དམྱལ་བའི་སྒོ་མོ་ཕྱེས་ལགས་སམ། །ཞེས་གསུངས། གུང་ཐང་པས་ཀྱང། གསང་སྔགས་གཟུགས་བརྙན་སྤེལ་བའི་རྣམ་ཐར་ཡིན། །ཞེས་གསུངས་ ཡོད༑ ་དབང་གི་ངོ་བོ་བདེ་སྟོད་སྐྱེ་དཀའ། འོན་ཀྱང་མོས་པ་ཙམ་དང། བླ་མའི་ཕན་སེམས་དང། སློབ་མའི་དད་པས་ཐོབ་ལུགས་ཤིག་ཡོད། མི་བརྒྱ་ལ་ཐོབ་ལུགས་མི་འདྲ་བ་འོང་གསུངས། མ་བསྒོམ་གྱུར་ཀྱང་ཞེས་ པ་སྒོམ་ཐག་གྱོན་ནས་ཆིག་སྒྲིལ་དུ་མ་བྱས་པའི་དོན། པ་སྤྱི་ལྡོག་བསྐྱེད་རིམ་གཟུགས་སྐུའི་རྒྱུ་དང། རྫོགས་རིམ་ཆོས་སྐུའི་རྒྱུ། བསྐྱེད་ཅེས་པ་ཕར་སྤྲོ་བ་དང་བསྐྱེད་པ། རྫོགས་ཞེས་པ་བསྡུད་པ། ཟད་པ། རྫོགས་པ་སོགས་ [003B] མདོ་ལས་ཀྱང་སེམས་ལས་ཚང་མ་སྐྱེ་བར་གསུངས་པ་མདོ་སྡུད་པའི་ལུང་གསུངས། དེ་ཡང་ཟག་མེད་ཀྱི་ལས་ཀྱིས་དག་པའི་སྣོད་བཅུད། མི་དགེ་བ་དང་དགེ་བ་ཟག་བཅས་ཀྱིས་མ་དག་པའི་སྣོད་བཅུད་བསྐྱེད། སྟོང་པ་ ལས་བསྐྱེད་ཚུལ་མདོ་ལས་ཀྱང་གསུངས་ཏེ། མཁའ་ལ་རླུང་བརྟེན་སོགས་གསུངས། བ་བོད་ཀྱི་བླ་མ་ཁ་ཅིག་ཅེས་པ་མར་པ་ཡིན། བསྐྱེད་རིམ་བསྒོམ་ན་སྐད་ཅིག་ཀྲོང་བསྐྱེད་ཙམ་ལ་ཡང་སྦྱང་གཞི་གསུམ་སྦྱངས་ནས། སྐུ་གསུམ་ལམ་འཁྱེར། སྦྱངས་ འབྲས་གསུམ་སོགས་ལམ་གྱིས་ཚང། གོམས་ཆ་སོགས་དེ་ལྟར་ཕར་ཕྱིན་ཐེག་པའི་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་སྡུད་སྒོམ་གོམས་པ་ན་སྐད་ཅིག་མར་བསྒོམ་པ། བདག་གི་བླ་མས་དཔེ་ངོ་མཚར་ཅན་འདི་ལྟར་གསུངས། མི་ཚེ་གཅིག་ བདེ་བར་བྱའོ་སྙམ་པ་ན་ཚེ་གང་པོའི་རྒྱུ། གོ་ས། དབང་སོགས་ཚང་མ་བློར་འཆར་བ་གོམས་ཆ་སོང་བས་ཡིན། དེ་བཞིན་དགེ་བར་ཡང་འོང་དགོས། ལམ་རིམ་ཡོབ་ཏུ་རྐང་པ་བཞག་པའི་རིང་བསྒོམ་ཚར་བ་ཡང་འོང་གསུངས། བསྐྱེད་རིམ་འོག་མཆོད་ པ་བྱིན་རླབས་ནས་གཞལ་ཡས་ཁང་བར་རང་གར་ཁང་པ་བསྒོམ་པ་ཙམ་གྱིས་མི་ཆོག་སངས་རྒྱས་ཀྱི་ཐུགས་བདེ་སྟོང་ཆོས་སྐུར་བསྒོམས་ནས། དེ་མཆོད་པ་དང་གཞལ་ཡས་ཁང་སོགས་སུ་འཆར་བར་མོས་དགོས། ཐ་མལ་དང་བདེན་འཛིན་གྱི་སྣང་ཞེན་ བཀག་དགོས། ཐ་མལ་གྱི་སྣང་ཞེན་ཡིན་ན་བདེན་འཛིན་གྱི་སྣང་ཞེན་ཡིན་པས་མ་ཁྱབ། ཉན་རང་དགྲ་བཅོམ་པ་ལ་བདེན་འཛིན་གྱི་སྣང་ཞེན་མེད་ཀྱང། ཐ་མལ་གྱི་སྣང་བ་འདི་མཉམས་པར་ཡོད། འདི་འགོག་པ་ལ་བསྐྱེད་རིམ་ངེས་པར་མི་དགོས། དགྲ་གཉེ་ [004A]༄༅། །བར་མ་གསུམ་ལ་བློ་སྦྱངས་པ་དཔེར་བྱས་ནས་སྦྱང་ན་འགོག་རྒྱུ་ཡོད་གསུངས། རྫོགས་རིམ་སྐབས་ཐམས་ཅད་ཟུང་འཇུག་ཏུ་འཆར་ལུགས་ཡོད། ཟུང་འཇུག་པའི་སྐུས་ཐུགས་ཀྱི་བྱ་བ་བྱེད། ཐུགས་ཀྱིས་སྐུའི་བྱ་བ་ བྱེད་པ། རྩ་རྒྱུད་ལས། ཁྱོད་ཀྱི་ལུས་སེམས་ལྟ་བུ་དང། ཞེས་སོགས་དྲངས་ནས་གསུངས། སྔགས་ཀྱི་ཚོགས་ལམ་དུ་ཞུགས་པ་ལ་ཟུང་འཇུག་ལ་གོ་བ་ཆགས་དགོས། རླུང་སེམས་ངོ་བོ་གཅིག། གྲུབ་སྡེ་རྫས་གཅིག། གྲུབ་པ་དུས་མཉམ། སྐྱ་ འགག་གནས་གསུམ་དུས་མཉམ། དེ་ལ་ཁ་དོག་ཡོད་མེད། མིག་ཤེས་ཀྱི་གཟུང་བྱ་ཡིན་མིན་གྱི་དཀའ་གནད་ཀྱང་གསུངས། དགེ་སྐོས་ལྟ་བུ་གདགས་གཞི་ཚོགས་པ་ལ་བཏགས་པ་མ་གཏོགས། སྤྱི་གཙུག་ནས་རྐང་མཐིལ་བར་ལ་དགེ་ སྐོས་རྡུལ་ཙམ་མེད། ཐ་སྙད་རྟེན་འབྱུང་ཚོགས་པ་ལ་དེ་ལྟར་བཏགས་བ་ལྟར་སྣང། རྗེ་མིད་ལའི་སློབ་མ་ལྕམ་ས་ལེ་འོད་ཀྱིས། ནམ་མཁའ་བསྒོམ་དུ་བདེ་ལགས་ཀྱང། །ལྷོ་སྤྲིན་བསྒོམ་དུ་མ་བདེ་ལགས། །ཞེས་བདེན་སྟོང་རྟོགས་ནས་ཐ་ སྙད་འཇོག་ལུགས་དཀའ་བར་དེའི་དོན་གྱི་དྲི་བ་འདྲ་ཡང་བཀའ་བརྒྱུད་པ་རྣམས་ཀྱིས་མི་ཤེས་གསུངས། ༈ ཐིག་ལེ་ནི་སྟོང་པ་སྟེ་དེ་གཉིས་དོན་གཅིག་པ་ལས་བསྐྱེད་ བའི་དོན། རྩིས་ཀྱི་སྟོང་པའི་གནས་སུ་ཐིག་ཅེས་པའི་དཔེ་བཅས་གསུངས། སངས་རྒྱས་ཀུན་གྱི་སྐུ་གཅིག་པོ། །ཞེས་རིགས་དྲུག་པ་རིགས་ཀུན་གཅིག་ཏུ་སྡུད་པའི་དོན། རྡོར་སེམས་བསྒོམ་བཟླས་ཀྱི་ཁུངས་འདི་ཡིན། འབུམ་ཕྲག་སྐབས་ [004B] བསྙེན་ཆེན་ལྟ་བུ་གྲངས་ཙམ་ལ་ནོར་དོགས་ཆུང་དུ་ལ་སེམས་་དངོས་པོ་མེད་པས་སོགས་ལ་བྱ་བྱེད་ལས་གསུམ་བྱིས་སྟོང་པའི་རྣམ་ཐར་སྒོ་གསུམ་དང། ངོ་བོ་རྒྱུ་འབྲས་གསུམ་གྱིས་སྟོང་པའི་སྒོ་གསུམ་ སོགས་གསུངས། ་རང་སེམས། སྟོང་ཉིད། ལྷ་གསུམ་ངོ་བོ་དབྱེར་མེད་བསྒོམ་དགོས། དེ་ཡང་རང་སེམས་དང་སྟོང་པ་ངོ་བོ་གཅིག། བླ་མའི་ཐུགས་དང་སྟོང་པ་ངོ་བོ་གཅིག་ཡིན་ཡིན་པ་ཡིན། རང་སེམས་སྒྲིབ་བཅས་དང་བླ་མའི་ཐུགས་སྒྲིབ་མེད་ ངོ་བོ་དབྱེར་མེད་དུ་བྱེད་པ་འདི་གནད་ཆེ། བདག་བསྐྱེད་གཞལ་ཡས་ཁང་ལྷ་སོགས་དེར་མོས་དགོས། གཟུང་རྣམ་ཞེས་པ་སྣང་ཡུལ་ལ་བྱེད་གསུངས། ༈ སྤྲ་བ་ལ་ཉི་མའི་འོད་ཟེར་ཇི་ཙམ་ཕོག་ཀྱང་མེ་མི་འབྱུང་ བར། མེ་ཤེལ་ཚོད་རན་བར་བཟུང་ན་མེ་འབྱིན་པ་ཉི་མའི་འོད་ཟེར་ཚང་མ་མེ་ཤེལ་དེས་བསྡུད་པ་ཡིན། དེ་བཞིན་དུ་བླ་མས་ཀྱང་སངས་རྒྱས་ཀུན་གྱི་བྱིན་རླབས་བསྡུད་ལུགས་དེ་དང་འདྲ། ་གཏི་མུག་ཉེས་པ་ཞེས་པའི་ཉེས་པ་ང་རྒྱལ་ཡིན། ང་རྒྱལ་ ཉེས་དམིགས་ཆེ་བས་ཉེས་བ་ཞེས་བཤད། ༈ སྦྱིན་སོགས་རྣམ་བཅུ་ཞེས་པ་ཕར་ཕྱིན་བཅུ། དབང་པོའི་ཚོགས་ལ་སྐྱབས་སུ་མཆི། །ཞེས་པའི་ སྐབས་ཚོགས་ཀྱི་མཆོག་ཅེས་པ། ཆོས་ལ་ཚོགས་པ་ནི་ཚོགས་ཀྱི་མཆོག་ཡིན། བཟའ་བཏུང་ལ་ཚོགས་པ་ལྟ་བུ་མིན། དགེ་འདུན་ཞེས་པ་ཡང་དགེ་བ་ལ་འདུན་པ་རྩེ་གཅིག་པ་ཞིག་དགོས། མི་དགེ་བ་ལ་རྩེ་གཅིག་བསམ་ན་དགེ་འདུན་གྱི་སྒྲ་བཤད་ [005A]༄༅། །མེད༑ ༈ རིགས་ལྔ་རེ་རེའི་དམ་ཚིག་ལ་ལམ་ཡོངས་རྫོགས་སྦྱར་བ་གསུངས་ཀྱང་ད་ལམ་མི་འཆད། རྗེས་སུ་འབྱུང་གསུངས། ༈ བོ་ཡང་བཅུ་ཡིན། ཕྱོགས་སྐྱོང་དེ་ལ་བགེགས་ཀྱི་ཁོངས་གཏོགས་དང། དཀར་ཕྱོགས་པ། གཙོ་བོའི་ཡེ་ཤེས་ཀྱི་ཆ་གསུམ་ཡོད། ཕུར་གདབ་བྱེད་ས་དེ་དང་པོ། སྔོན་འགྲོའི་གཏོར་མ་འབུལ་ས་དེ་གཉིས་པ། དཀྱིལ་འཁོར་གྱི་མཐར་ ཡོད་པ་ཕྱི་འགྲོའི་གཏོར་མ་འབུལ་ས་དེ་གསུམ་པ་ཡིན། ༈ འཁོར་བསྒྱུར་སྤྱི་གཙུག་གྱེན་དང། རྡོ་རྗེ་འོག་སྤྱི་གཙུག་ཐུར་དུ་བལྟ་ཚུལ་ཡང་ཡོད་གསུངས། དེ་ཡང་མི་འཐད་པ་མིན་ཏེ་འཇིག་རྟེན་གྱི་ཁམས་ཉི་ཤུ་ ཞེས་པར་འགའ་ཞིག་མགོ་ཐུར་དུ་བལྟ་བས་སྟེང། གནམ་འོག། འོག་ཏུ་སྟོང་པར་མི་ལྷུང། སྟེང་དུ་སྟོང་པ་ཡོད་ན་ལྷུང་བ་ཁྱད་མཚར་གསུངས། འགའ་ཞིག་འགྲེད་སོགས་དུ་མ་ཡོད། ལས་ཀྱི་ཁྱད་པར་གྱིས་རང་རེ་ཡང་མགོ་གང་བལྟ་ མི་ཤེས་གསུངས། ཁྲོ་བོ་ལ་རིག་པའི་རྒྱལ་པོ་ཞེས་པ་ངེས་དོན་གྱི་ཁྲོ་བོ་རིག་པ་བདེ་སྟོང་གི་ཡེ་ཤེས་ཡིན། དྲང་དོན་ཕྱི་རོལ་གྱི་བགེགས་དང་ངེས་དོན་ནང་གི་བདེན་འཛིན་དེ་བགེགས་ཀྱི་གཙོ་བོ། འཇིག་རྟེན་རྒུད་པ་ཇི་སྙེད་པ། །དེ་ཡི་རྩ་བ་ མ་རིག་སྟེ། །ཞེས་སོགས། དྲག་ལས་ཀྱི་སྐབས་ཀྱང་གཙོ་བོ་བདེན་འཛིན་གྱི་བགེགས་ལ་གཙོ་བོ་བྱ། འདི་ལས་འཕྲོས། དྲག་ལས་ལ་རྒྱུའི་ཀུན་སློང་བྱམས་སྙིང་རྗེ། དུས་ཀྱི་ཀུན་སློང་རྩུབ་སེམས་ཕྲན་བུ་དགོས། དེ་མིན་ཞེ་སྡང་གིས་ཕུན་ [005B] །དེ་ཡང་ཀུན་སློང་གིས་རྣམ་སྨིན་གྱི་འབྲས་བུ། ངོ་བོས་རྒྱུ་མཐུན། མཇུག་གིས་བདག་འབྲས་བསྐྱེད། དགེ་བ་ཡང་དེ་བཞིན་ཀུན་སློང་ཕྱི་མ་དོན་གཉེར། ངེས་འབྱུང། སེམས་བསྐྱེད་རྣམས་ཀྱིས་རིམ་བཞིན་ ཆོས༑ ལམ། ཐེག་ཆེན་རྣམས་སུ་འགྱུར། དེའི་ཕྱིར་ཞེ་སྡང་ལམ་བྱེད་འདི་དཀའ། འདོད་ཆགས་ལམ་བྱེད་འདི་ཅུང་སླ། ༈ དོན་གྲུབ་ནི་ལས་ཀྱི་རང་བཞིན་ཡིན་པས་འདིར་བདུད་རྩི་འཁྱིལ་པ་བྱེད་པ་དེའོ། ། དགེ་ལུགས་ལ་ལང་བུར་བུ་ཡོད་པ་ཡིན། འདི་ལས་འཕྲོས། བསམ་ཡས་སུ་སློབ་དཔོན་དང་པོ་ཕེབས་སྐབས་ཀྱི་ལྡེབས་བྲིས་རྙིང་པ་མེས་མ་ཚིག་པར་པཎྜི་ཏའི་ཆས་ཅན་དུ་ཡོད། ཟ་ཧོར་མ་ཡུམ་བཅས་འདི་རྗེས་སུ་སྔགས་པའི་འདོད་པས་བྱས་པ་འདྲ་ གསུངས། ༈ འོག་མིན་ཞེས་པ་གཟུགས་ཁམས་ཀྱི་མཐོ་ཤོས་ཡིན། སེམས་བསྒྱུར་བ་ཞེས་པ་ལས་སྣང་བ་ཐམས་ཅད་རང་ལ་སྣང་བ་ལྟར་ཡིན་ བསམས་ཀྱང་དེ་འདྲའི་ངེས་པ་མེད་ལུགས། ༈ གུང་ཐང་པས། ཡེ་ཤེས་ཀྱི་ཚོགས་རྫོགས་པའི་ཆེད་ཡིན་ནམ་ཞུས་ པས༑ དེ་ཡང་ཡིན་མོད། བདེན་གྲུབ་ཀྱི་སྣང་བ་འདི་འགོག་མ་ཐུབ་ན་ལྷ་བསྒོམས་ཀྱང་སྣང་བ་འདིའི་ཁ་ཡ་མི་ཁྱོག་ཅེས་གསུངས་པ་རྗེས་སུ་ཨ་མདོར་དོན་གསལ་གྱི་བཤད་པ་གནང་སྐབས་དེ་ཚིག་གཅིག་ཡིན་ཀྱང་བརྗེད་དུ་ཕངས་ཞེས་བསྔགས་བརྗོད་མཛད་ [006A]༄༅། །གསུངས། ༈ བྱ་བྱེད་ལས་གསུམ་ལ་སྦྱང་བའི་རྣམ་ཐར་སྒོ་གསུམ་སྤྱི་དོན། དེ་ཡང་རྒྱུ་མཚན་ཡོད། ངོ་བོ་སྟོང་ཉིད། འབྲས་བུ་སྨོན་མེད་ དེ་བཞིན་བྱེད་བ་བོ་སྟོང་པ་མཚན་མེད། བྱ་བ་སྟོང་ཉིད། ཡུལ་སྨོན་མེད་ཡིན། གཞི་གྲུབ་ན་བྱེད་པ་བོ་དང། ལས་ཡིན་བས་ཁྱབ། འདུས་བྱས་རྣམས་རང་རང་གི་འབྲས་བུའི་བྱེད་པ་བོ། རྟག་བ་ནི་རང་རང་གི་སྟོང་གཞི་ཆོས་ཅན་བྱེད་བས་བྱེད་བ་པོ་ ཡིན༑ རང་རང་གི་ངོ་བོ་འཛིན་བས་ལས། དྷ་ར་འཛིན་བ་ལས་དྲངས་ནས་འཛིན་ལུགས་དེ་ཡང་གཞི་གྲུབ་ན་ཆོས་ཡིན་པས་ཁྱབ་ཅེས་པས། ཆོས་ནི་རང་རང་གི་ངོ་བོ་འཛིན་པ། དངོས་རྙེད་ངོ་བོ་གཉིས་ནི་སོགས་བཞིན། ཆོས་བྱེད་ཅེས་བའི་ཆོས་ ནི་གྱེས་བུ་ཆུང་ངུས་ངན་སོང་དུ་ལྟུང་བ་ལས་འཛིན། དེ་བཞིན་འབྲིབ་འཁོར་བ། ཆེན་བོས་སྲིད་ཞི་ལས་འཛིན། དྷ་རའི་བྱིངས་བསྒྲུབས་ནས་དྷརྨ་བྱུང། དེས་ན་བྱ་བྱེད་དང། ངོ་བོ་སོགས་གཞི་གཅིག་ལ་སྦྱར་བ་དགོས་སོ། ། ༈ པར༑ གྲངས། བ་ཀླུ་བྱང་གིས་ཞེས་བ་ནས་ཚུགས། གཞལ་ཡས་ཁང་རྣམ་སྣང་ལས་སྐྱེས་བ་གཟུགས་ཕུང་དགའ་བ་མཚོན། དེ་ཡང་གཙོ་བོ་ལ་རིགས་ལྔ་ཡོད་པའི་དེའི་རྣམ་སྣང་དགོས། གཙོ་བོའི་ཡེ་ཤེས་ལྔ། དེ་རིགས་ལྔར་ཤར། དེ་ལྟར་ གཞལ་ཡས་ཁང་གཙོ་བོའི་ཡེ་ཤེས་ལས་གྲུབ། རྡུལ་ཕྲ་རབ་རེ་རེས་ཀྱང་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་སྦྱོང་ནུས་པ་དེ་འདྲ་བསྒོམ་དགོས་ཀྱི། ཁང་པ་ཕུབས་ཚུལ་ལྟ་བུ་དེང་སང་བྱེད་མོད། དེ་ལ་ཤིང་བཟོ་ཚོ་མཁས། སྦྱང་གཞི་སྐྱེ་ [006B] སྦྱངས་འབྲས་ཆོས་ལོངས་སྦྲུལ་གསུམ་སྦྱོང་བྱེད་རྫོགས་རིམ་གྱི་འོད་གསལ་སྒྱུ་ལུས། ཟུང་འཇུག། དེའི་སྨིན་བྱེད་ལམ་འཁྱེར་གསུམ། དེ་ལྟ་བུའི་སྦྱང་གཞི་སྦྱོང་བྱེད་ཀྱི་རྣམ་པ་འཆར་གིན་འཆར་གིན་བསྒོམ་ན་བསྐྱེད་རིམ་ཡིན་ གྱི༑ ཁང་པ་བསྒོམ་པ་དང་ལྷ་བསྒོམ་པ་ཙམ་གྱིས་མིན་གསུངས། ཚད་གསུངས་པ་གདུལ་བྱའི་བློ་ངོ་ཙམ་ལས། དོན་ལ་ཚད་མེད། ཟབ་གསལ་གྱི་ཡེ་ཤེས་ལ་ཚད་ག་ལ་ཡོད། མཁྱེན་པའི་སྐད་ཅིག་གཅིག་གིས་ཀྱང། །སོགས་ཀྱི་ལུང་གསུངས། གཏེར་མ་ གླང་དར་གྱིས་བསྟན་པ་བསྣུབ་སྐབས་སྐུ་དང། དཔེ་ཆ་སོགས་ས་དང་བྲག་ལ་སྦས་པ་ཚུར་བླངས་པ་ཡིན། རྗེས་མ་རྣམས་ཕར་བཅུག། ཡང་ཚུར་བཏོན་པ་རེད། ཆང་ཞིམ་པོ་དྲོངས་དང་རྒྱུད་བརྩོམ་ཞེས་ཟེར་བ་རེད། ཟུར་ཟ་མིན་ཡང་རང་ལ་ཡོད་ བའི་ནོར་བུ་ངོ་ཤེས་པའི་ཆེད་ཡིན། གཞལ་ཡས་ཁང་ཡེ་ཤེས་ཀྱི་རང་བཞིན་ཅན་མིན་ན་ནག་རུ་ནག་རུ་འགྱུར། རྟ་བབས་ཞེས་པ་རྟ་བབས་ས། དབང་སྐབས་བློན་པོ་ཆེན་པོ་ཞིག་གིས་མི་ཞིག་ཡར་ཁྲིད་པ་ལ་དཔེ་སྦྱར་ནས་གསུངས་པ་འཇིག་རྟེན་ཐ་སྙད་དང་བསྟུན་ པ་མང། རྩིག་པ་རིམ་པ་ལྔ་དར་གྱི་ཡོལ་བ་ལྟ་བུ་བླ་མས་གསུངས། དོ་ཤལ་གྱི་དོ་ཞེས་པ་ནི་གཉིས། ཤལ་ཞེས་པ་ནར་བ་ཡིན་ནོ། །་དབེན་དགོན་དུ་ཞི་ཁྲོའི་ལྡེབས་བྲིས་གཟིགས་པར་མ་མཉེས་ཚུལ་གསུངས། མཁས་གྲུབ་རིན་པོ་ཆེས་རྗེའི་སྐུ་དྲུང་ཧ་ ཅང་ཡུན་རིང་མ་བསྟེན། ཤངས་རི་བོ་དགེ་འཕེལ་ཕྱག་བཏབས། བཞད་དངུལ་ཆུ་རྒྱལ་སྲས་ཀྱི་སློབ་མ་བླ་མ་མཁས་པ་ཞིག་གི་ཞབས་ལ་ཡུན་རིང་གཏུགས་པར་མཛད་གསུངས། ༈ འོད་གསལ་ཡན་ལུས་ [007A]༄༅། །ཆགས་སྐབས་འོད་གསལ་གྱི་ལྷ་གཅིག་ཚེ་འཕོས་པ་ཚངས་ཆེན་དུ་སྐྱེས་པ་དེ་ཚངས་པ་ཆེན་པོ་ཡིན། གླིང་བཞིའི་ནང་ནས་དང་པོ་སྒྲ་མི་སྙན་ཆགས། ༈ རྙིང་མ་ཚོས་སློབ་དཔོན་རྫུས་སྐྱེས་ཡིན་ ཞེས་བཟང་པོར་བསྒྲུབ་ཀྱང་སེམས་ཅན་དམྱལ་བ་ཞེས་སོགས་མཛོད་ཀྱི་ལུང་གསུངས་ནས་དམྱལ་བ་སོགས་ཀྱང་རྫུས་སྐྱེས་ཡིན་པས་རྫུས་སྐྱེས་མ་འདོད་རྒྱུ་ལེགས། ཏཱ་ར་ནཱ་ཐས་སློབ་དཔོན་མངལ་སྐྱེས་སུ་འདོད། རྟེན་འབྲེལ་རྣམ་ཤེས། མིང། གཟུགས་གསུམ་མངལ་སྐྱེས་ལ་ ཅིག་ཅར་གྲུབ། སྐྱེ་མཆེད་མ་གྲུབ། རྫུས་སྐྱེས་ལ་ཅིག་ཅར་གྲུབ། ་བསྐྱེད་རིམ་ཡིན་ན་རང་གི་སྦྱང་གཞི་སྐྱེ་ཤི་བར་དོ་གསུམ་ཡོད་པས་ཁྱབ། འོ་ན་རིན་པོ་ཆེ་ལྟ་བུའི་གང་ཟག་གི་འཆི་བ་ཨེ་ཡོད། ཡོད་ན་རྒྱུད་ཀྱིས་ཨེ་བསྡུས། འོ་ན་སྔ་མ། ད་ལྟ་ མ་འོངས་པ་སུའི་རྒྱུད་ལ་ཨེ་ཡོད་འཕངས་ན་འཇོག་དཀའ་ཙམ། རྫུས་སྐྱེས་ལ་རོ་མེད། འོད་ཀྱི་རང་བཞིན་ཡིན་པས་ན་ཡལ་འགྲོ། བསྐྱེད་རྫོགས་བསྒོམ་པའི་རྟེན་འཛམ་བུ་གླིང་པའི་མི་མངལ་སྐྱེས་ཁམས་དྲུག་ལྡན་དགོས་སློབ་དཔོན་པདྨ་རྫུས་སྐྱེས་ཡིན་ པས་དེ་ལ་ཁམས་མེད་པས་དོགས་པ་ཡོད། ༈ ལྷན་ཅིག་བྱེད་རྐྱེན་བྱས་ནས་བདེ་བ་སྐྱེ་་དོགས་པ་སྐྱོ། སྲིན་བུའི་ཚུལ་གྱིས་རྒྱུད་བཞིར་གནས། །ཞེས་པ་ ལྟར་ན་་ལུས་ལས་སྐྱེས་པའི་སྲིན་བུས་ལུས་ཟ་བ་ལྟར། འདོད་ཆགས་ལས་སྐྱེས་པའི་བདེ་བ་ཆེན་པོས་འདོད་ཆགས་ཟད་པར་བྱེད་པར་གསུངས་པ་ལྟར་འདོར་ལེན་ཡིན་དགོས་པ་འདྲ། ཉེར་ལེན་བྱེད་ན་རྫས་རྒྱུན་ཡིན་དགོས་པས་དེས་ན་ཤིན་ [007B] ཐག་གཅོད་དཀའ། ཕན་འདོགས་བྱ་ཡིན་ཀྱང་རྒྱུ་ཡིན་མི་དགོས། ༈ བོད་པའི་སྐད་ལ་ན་རོ་མེད། ༈ ཤིན་ཏུ་རྟོགས་པ་མཐོ་བ་དང། མ་རུངས་དམན་པར་ངེས་པ་ མེད༑ དེ་བཞིན་གཟའ་སྐར་ལ་གང་ཟག་རང་བཞིན་པ་ལས་མཆོག་དམན་རྣམས་དེ་ལ་ལྟོས་མི་དགོས། ན་ཚེ་དེ་ཉིད་ལ་བུད་མེད་ཀྱི་ལུས་སྤངས་ནས་ཞེས་པར་རྗེ་བཙུན་སྒྲོལ་མ་ལྟ་བུས་དང་པོར་སེམས་བསྐྱེད་པ་ཡང་བུད་མེད་ཀྱི་རྟེན་ལ་བསྐྱེད། བར་དུ་སྤྱོད་པ་ མཐང་སངས་རྒྱས་པ་ཡང་བུད་མེད་ཀྱི་རྟེན་ལ་བྱེད་པ་ཡང་ཡོད་པར་གསུངས་པ་ཡོད། ༈ དེ་བྱེད་ན་ཉན་རང་དགྲ་བཅོམ་པ་ལ་དེ་མེད་པས་མི་རིགས། ཐ་མལ་གྱི་སྣང་བ་ད་ལྟ་དབང་པོ་དྲུག་ལ་ སྣང་བ་འདི་ཡང་སྤང་བྱ་མིན། འདི་བློ་དོན་མཐུན་ཡིན་པས་སོ། །དེས་ན་རྟོག་ངོར་ཐ་མལ་གྱི་སྣང་ཞེན་འདི་འགོག་དགོས། འདི་འགོག་ནུས་པ་རྣམ་འགྲེལ་ལས་གསུངས་པ་ལྟར། མིག་ཤེས་ཀྱིས་ཡུལ་ཡིད་དུ་འོང་བ་ལ་ལྷག་པར་ཆགས་པའི་ཚེ་སྒྲ་ འཛིན་རྣམ་ཤེས་མངོན་དུ་མི་འགྱུར་བ་ལྟ་བུ། ་གཞིའི་འོད་གསལ་གཟུགས་སོགས་ཐོགས་རེག་བཀག་པའི་སྟོངས་སྟོང་ཉིད་ལྟ་བུ་ཞིག་འཆར་བ་ལས་སྟོང་ཉིད་དངོས་འཆར་བ་མིན། བློ་དེ་སྣང་ལ་མ་ངེས་པ་ཡིན། གཉུག་སེམས་ཀྱི་ངོ་བོ་ངེས་པ་ཡང་ མིན་གསུངས། ༈ དེ་ལ་བཤད་ཚུལ་གཞན་གསང་བའི་གནས་ཀྱང་ཡོད། རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་ཅིག་ཅིག་ཟེར་ [008A]༄༅། །བ་དེ་ཡིན། ཡོངས་སུ་མི་བསྒྲག་གསུངས། གཞིའི་དོན་དམ་བདེན་བ་ཡིན་ན་དོན་དམ་བདེན་པ་ཡིན་བསམ་ཁྱབ། ༈ བདག་འཛིན་ཀྱི་རིགས་རྒྱུན་གཅོད་དགོས། ༈ ་སྨག་རུ་མ་གློག་ལྟར་གཡོ་བའི་ཚེ་འདི་སླ། །འབྱོར་ཡང་མི་རིང་དྲན་པའི་ཡུལ་དུ་འགྱུར། །བྲང་དཀའ་ཕྱི་མའི་མཐའ་དེ་རྒྱང་རིང་བས། །རྣམ་གྲོལ་ཕྱིར་ནི་ཐོས་པས་འདིར་ཞུགས་ ཤིག༑ ཅེས་སོགས་དྲངས་ནས་རང་རེ་འཁོར་བ་འདིར་སྐྱེ་བ་སྔོན་མའི་མཐའ་དང། ཐ་མའི་མཐའ་སྐྱེ་བ་ཤིན་ཏུ་མང་པ་ལ་ལྟོས་ན་དལ་འབྱོར་རྟེན་འདི་ཡུན་ཤིན་ཏུ་ཐུང་ངུ་ཡུད་ཙམ་ཞིག་ཡིན། འདི་ཡུན་ཐུང་བས་སྐྱིད་རིང་སྡུག་རིང་མེད། དེས་ན་རྟེན་ འདི་ལ་ཞི་བ་བསྲུང་འཁོར་དང་རིག་མ་འདུ་བྱ་བ་སོགས་བསྐྱེད་རིམ་མིན་ཟེར་མཁན་ཡང་ཡོད། བསྐྱེད་རིམ་གྱི་མཚན་ཉིད་སྐུ་གསུམ་ལམ་འཁྱེར་ཚང་བར་བྱེད་ཟེར་ཡང། བསྐྱེད་རིམ་གྱི་གཙོ་བོ་ལ་དེ་ལྟར་དགོས་པ་མ་གཏོགས་ བསྐྱེད་རིམ་ཡིན་ན་དེས་མ་ཁྱབ། བསྲུང་འཁོར་སོགས་བསྐྱེད་རིམ་ཡིན་ཟེར་མཁན་ཡང་ཡོད། ༈ བསྐྱེད་རིམ་གྱི་མཚན་ཉིད་དེ་ལྟར་ཆ་བཞག་མ་སྦྱར་བ་པཎ་ཆེན་བློ་བཟང་ཆོས་རྒྱན་ གྱིས་གསུངས། རྗེས་མ་རྣམས་ཀྱིས་དེས་མ་འགྲངས་པར་ཆ་བཞག་སྦྱར། ༈ ཚེ་འདི་དང་ཕྱི་མ་བར་དོ་གསུམ། །གཅིག་ཏུ་དྲིལ་ལ་འདྲིས་སུ་ཆུགས། །ཞེས་གསུངས་པ་སྐྱེ་ཤི་བར་དོ་གསུམ་གྱི་ཉམས་ལེན་བསྐྱེད་རིམ་དུ་བསྒྲིལ་ [008B] ༈ ཁོ་རྡོ་རྗེ་འཇིགས་བྱེད་དོ། །ཁོ་གསང་བ་འདུས་པའོ། །ཞེས་ང་རྒྱལ་མི་བསྟེན། རང་མ་འོངས་པ་ན་སངས་རྒྱས་པའི་སྐབས་ཀྱི་སངས་རྒྱས་ གསང་བ་འདུས་པ་ལྟ་བུ་རང་དང་རྒྱུད་གཅིག་ཏུ་གྱུར་པ་ཞིག་ཡོད། དེ་ལ་སེམས་ཅན་ཐམས་ཅད་འཚང་རྒྱ་བར་ངེས་པ་ཤ་སྟག་ཡིན། དེས་ན་རང་དང་རྒྱུད་གཅིག་བའི་གསང་འདུས་ལྟ་བུ་རང་རྒྱལ་བཞག་སྟེ་སྐུ་ཡོངས་དག་སོགས་ཡོངས་དག་བཞི་ལ་ང་ རྒྱལ་འཇོག་པར་གསུངས། ཐུན་མོང་ལམ་སྦྱངས་ལམ་གཙོ་རྣམས་ལ་ཤིན་ཏུ་བློ་བྱང་བ་དགོས། སྟོན་པའི་འཁོར་བྱང་སེམས་ས་དང་པོ་བ་ལ་གསང་སྔགས་མ་གསུངས། དེ་རྣམས་ཀྱང་གསང་སྔགས་ལ་སྒྲག་པ་ཡིན། རང་རེ་སྔགས་ལ་མི་སྐྲག་ དབང་ཞིག་ཡོད་ན་ཚང་མ་རྒྱུག་གསུངས། ༈ རྗེ་རིན་པོ་ཆེའི་གསང་བ་འདུས་པའི་སྒྲུབ་ཐབས་ལ་རྒྱུད་དང་རྒྱ་གཞུང་གི་ཤེས་བྱེད་གང་ཡོད་པ་ཤེས་པའི་ཆེད་དང། བོད་སྔ་མ་རྣམས་ ཀྱིས་དོན་གཞན་དང་གཞན་དུ་བཤད་པ་ནོར་བ་རྣམས་ཤེས་པའི་ཆེད་ཡིན་གསུངས། ༈ རྒྱན་དྲུག་མཆོག་གཉིས། གྲུབ་ཆེན་ཐམས་ཅད་ཀྱི་རང་གཞུང་དབང་པོར་བཞག་སྟེ་གསུངས་པ་ཤ་སྟག་ལས་དེ་དག་དང་ མི་མཐུན་པའི་བླ་མའི་གསུང་ཡིན་ཟེར་བ་ཙམ་མིན་གསུངས། ༈ དྲང་དོན་མདོའི་སྐབས་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་གྱིས་དོན་གཞན་དུ་དྲང་དགོས་པ་ཞིག་ལ་ཟེར། སྔགས་ [009A]༄༅། །ཀྱི་སྐབས་དྲང་དོན་བསྐྱེད་རིམ། ངེས་དོན་རྫོགས་རིམ། ཉམས་ལེན་སྐབས་སོ་སོར་སྦྱར་ལུགས་ཀྱི་ཁྱད་ཡིན། སྔགས་ཤེས་པ་ལ་མཐའ་དྲུག་ཚུལ་བཞིའི་དོན་ཤེས་དགོས། དེ་ལ་སྔོན་དུ་ཡེ་ཤེས་རྡོ་རྗེ་ཀུན་ ལས་བཏུས་ཀྱི་ཊཱིདྐ་བལྟ་དགོས། དེ་ནས་སྒྲོན་གསལ་བལྟས་ན་ཤེས། དེ་མིན་ཤེས་དཀའ། མཁས་གྲུབ་རིན་པོ་ཆེའི་རིམ་ལྔའི་ཟིན་བྲིས་ཤིག་ཏུ། ཐ་མལ་གྱི་སྣང་བ་འདི་འགོག་པ་དང། དོན་ལ་གྲུབ་པ་འདི་གཉིས་མི་འགོག་པའི་ཁྱད་པར་ ཕྱེད་དགོས་པར་གསུངས་པ་ལྟར་ཐ་མལ་གྱི་སྣང་བ་འདི་སྤང་བྱ་ངོ་མ་རང་མིན་ཚོད་རེད། སྤང་བྱ་བླང་བྱ་གཞི་གཅིག་ལ་ལྟོས་ཏེ་འཇོག་དགོས། ཞི་གནས་སྐབས་གཉེན་པོ་མངོན་པར་འདུ་མི་བྱེད་པ་དེ་གཉིས་ཀ་ཡིན་པ་ལྟ་བུ། ་ཡང་དག་ མཐའ་མངོན་དུ་བྱེད་ཚུལ་གྱི་གནད་གཅིག་སྔགས་ལ་ལྟོས་ཞེས་གསུངས་པ་གཉུག་སེམས་མངོན་དུ་བྱས་ནས་དེས་སྟོང་ཉིད་མངོན་དུ་བྱས་པ་ལ་ཟེར། གཞན་ཕར་ཕྱིན་ཐེག་པར་སྟོང་ཉིད་མངོན་སུམ་རྟོགས་པ་ཡང་ཡོད། རླུང་མ་ཐིམ་པས་ཟར་ཆད་ མེད་ལམ་དང་རྣམ་གྲོལ་ལམ་རྣམས་སྐད་ཅིག་མ་རེ་ལས་གནས་མི་ནུས། སྔགས་ཀྱི་སྐབས་རླུང་ཐིམ་པས། ཟླ་བ། ལོ། བསྐལ་པའི་བར་འཇོག་ནུས་པ་དེ་ཡིན། ཡུལ་ཅན་ཤུགས་ཆེ། ཡུན་རིང་བས་སྤང་བྱ་སྤོང་བ་ལ་སྟོབས་ཆེ། ཕར་ཐེག་ སྐབས་འཇུག་ཤེས་རགས་པས་རྟོགས། བྱེ་སྨྲས་མཐོང་ལམ་ལ་སྐད་ཅིག་མ་བརྒྱད། རྣམ་གྲོལ་ལམ་ལ་ཡང་ཤེས་བཟོད་སྐད་ཅིག་བརྒྱད་དེ་བཅུ་དྲུག་འཇོག་ཀྱང། དབུ་མ་པས་སྐད་ཅིག་མ་རེམ་གཏོགས་མི་འཇོག། ཡེ་ཤེས་གཅིག་པ་ཡིན་ [009B] ཡོངས་སྦྱོང་སོགས་ལ་བསླབ་པས་ཐབས་ཀྱིས་གྲོགས་བྱས་པས་གཉིས་པར་སྤངས་པ་ཡིན་ཞེས་བླ་མ་རིན་པོ་ཆེས་ གསུངས་གསུངས། ༈ རྫས་རྒྱུན་ཐ་དད་ཡིན་པས་འདྲེས་པ་མིན། ༈ དེ་འཁོར་བའི་རྩ་བ་འཆི་སྲིད་ཕྲ་མོའི་སྐབས་ མ་རིག་པ་འགག་ཟིན་པས་རླུང་ཕྲ་མོ་དེས་འཁོར་བའི་རྩ་བ་བྱས། དེ་སྒྱུ་ལུས། ལོངས་སྐུ་སོགས་ཀྱི་སྒྲུབ་གཞི་ཡང་ཡིན་པས་འཁོར་འདས་ཀུན་གྱི་གཞི་ཡིན་ཟེར། ༈ རྫས་ཀྱི་མི་ཤིགས་པའི་ཐིག་ལེ་ ཡུངས་ཀར་སྦོམ་པོའི་ཚད་ཀྱི་ནང་སྦུབས་སྟོང་ཕྲ་མོ་ཡོད་པ་དེའི་ནང་གནས། མི་ཤིགས་པ་གཉིས་ཀྱི་སྒྲ་དོན་ཡང་གསུངས། འཆི་བའི་སྐབས་དེ་ཞིག་པས་དབང་པོའི་སྒོ་ནས་འབབ་པ། མི་ཤིགས་པའི་ཐིག་ལེ་ཁོ་རང་ཡུངས་ཀར་ཙམ་ལས་མེད་པས་འབབ་ རྒྱུ་མེད་ཀྱང་དེ་ཞིག་བ་ན་ཁམས་གཞན་རྟེན་འབྲེལ་གྱིས་འབབ་པ་ཡིན། གནས་ས་འདི་ཤིན་ཏུ་བཀའ་རྒྱ་ཡིན་གསུངས། བ་སྣང་གསུམ་རྟོག་མེད་དུ་གསུངས་པ་རྟོག་པ་རགས་པ་འགག་པའི་དོན་ལས་རྟོག་མེད་ཁོ་ན་མིན། འདི་མ་ཟད་དཔེའི་འོད་གསལ་ཡང་ རྟོག་པ་ཡིན་མོད། གཞིའི་འོད་གསལ་ཡང་རྟོག་པ་ཡིན་དགོས་སོ། །ན་མདོ་ལས་ཀྱང་གཞིའི་ཆོས་སྐུ་གསུངས་པར་ཡོད་པ་ཆོས་དབྱིངས་བསྟོད་པའི་ལུང་བཅས་གསུངས། ༈ ལྷག་ [010A]༄༅། །བསམ་ཡོད་སྐབས་ཁོང་ཡང་གསུང་སྙིང་གང་འདོད་ཡོད་ཚོད། དེ་མེད་སྐབས་མར་ཕེབས་པ་བྱུང། རྣལ་འབྱོར་པ་འབྲིང་འཆི་བ་ལ་མི་འཇིགས། རབ་འཆི་བ་ལ་དགའ། སྔོན་ཆད་བསྒོམས་པའི་ལམ་ འཁྱེར་རྣམ་གསུམ་གྱིས། །་་ཤོག། ཅེས་གསུངས་པ་ལྟར་དགའ་སྤྲོ། བྱང་ཆུབ་སེམས་དཔའ་འགའ་ཞིག་ཉམ་ཐག་པའི་ཚུལ་ཡང་མཛད། བླ་མ་ཞང་རིན་པོ་ཆེས། ཨ་རོ་ཞེས་གསུང་ཆེན་པོས་གསུངས་གསུངས། འགའ་ཞིག་ཕལ་པ་ཡང་འཆི་ སྐབས་འོད་དང་ལྡན་པ་འདུག་པ་ཚོད་ཐིགས་དཀའ། ་ང་རྒྱལ་འཛིན་ལུགས་རྒྱལ་ཚབ་དང། བ་སོའི་དུས་འཁོར་བསྐྱེད་རིམ་གཉིས་མི་མཐུན་ཀྱང་གཉིས་ཀ་རྗེའི་གསུང་རྒྱུན་ཡིན་ངེས། ༈ རྒྱུད་ལ་འབྱར་ཐབས་མི་འདུག་གསུངས། སྔོན་གླིང་དགེ་བཤེས་ཟེར་བ་ཚུལ་ཁྲིམས་རྣམ་རྒྱལ་གྱི་སློབ་མ་ཞིག་གིས་རྗེ་ཡབ་སྲས་ཀྱི་གསུང་འདི་བཞག། གཞན་དཔེ་ཆ་ཚང་མ་བསྲེགས་ན་དེས་ཆོས་སྤོང་གི་ལས་ཚབས་ཆེ་བསགས་ཀྱང་བསྟན་པ་ལ་ ཆག་སྒོ་མེད་གསུངས། ན་བར་དོ་དེ་འཕངས་འབྲས་ཕལ་པ། སྐྱེ་སྲིད་དེ་འཕངས་འབྲས་གཙོ་བོ་ཡིན། སྐྱེ་བ་བླངས་པའི་སྐད་ཅིག་དང་པོ་དེ་སྐྱེ་སྲིད། འཆི་བའི་སྐད་ཅིག་དེ་འཆི་སྲིད། དེའི་བང་སྔོན་དུས་ཀྱི་སྲིད་པ། འཆི་སྲིད་དང་སྐྱེ་སྲིད་ཀྱི་བར་ ནི་བར་སྲིད། མི་ལྡོག་ཅེས་པ་བྱེ་སྨྲ། གོང་མས་ལྡོག་པར་འདོད། སྔོན་དུས་ཀྱི་སྲིད་པ་ཞེས་པ་པུརྦ་ཞེས་པ་སྔོན། མདུན། ཤར་སོགས་ལ་འཇུག་པས་བར་སྲིད་ཀྱི་མདུན་ན་ཡོད་པ་སྟེ་བར་སྲིད་པ་ཕར་འགྲོ་བའི་མདུན་ན་ཡོད་པས་ན་སྔོན་དུས་ཀྱི་སྲིད་པ་ [010B] ལྷའི་བར་དོའི་ལུས་གཟུགས་ཤིན་ཏུ་ཆེ་བ་གླིང་འདིར་མི་ཆུད་པ་ལྟ་བུ་ཡོད་ཀྱང་ལས་ཀྱི་དབང་གིས་གཅིག་གཅིག་ལ་མི་སྒྲིབ་པ་ཡིན། བར་དོ་བ་ལ་རྫུ་འཕྲུལ་ཡོད། དམྱལ་བ་པ་ལ་མངོན་ཤེས་ཡོད། གཟུགས་ཁམས་པར་སྒོམ་བཟང་པོ་ ཡོད༑ དེ་འདྲ་ངེད་ཚོས་ཚར་མང་པོ་བྱས་པས་དེ་ལ་དགའ་རྒྱུ་མེད། ངེས་འབྱུང། བྱང་སེམས། ཡང་དག་པའི་ལྟ་བ་སོགས་སྐྱེས་ན་བཟང། ༈ ༈ གྱི་རྨི་ལམ་ཙམ་ལས། སྐུ་གཟུགས་དེ་ལྟར་བསྟན་པ་མིན། བྱེ་སྨྲས་བར་སྲིད་སྐྱེ་སྲིད་ངོ་མར་འདོད། དེ་ལྟ་ན་ཡང་མཚན་དཔེའི་སྐུ་ཞིག་ནས་གླང་ཆེན་ཐལ་དཀར་མིན་བར་དོར་གནས་དང་གཟུགས་སོགས་ལ་འདོད་པ་སྐྱེ། ཕུང་པོ་རྙིང་པ་ལ་སྐྲག་པ་ སྐྱེ༑ ༈ ཁ་འདོན་བྱེད་སྐབས། ལས་ཀ་བྲེལ་བ་མང་པོ་ཞིག་དྲན། གང་མགྱོགས་བྱེད། ཟིན་ནས་ལྷོད་བདེར་སྡོད། ༈ ༈ གསུམ་བར་ཕྱིས་རོག་ཆད་ཀྱང་ནང་སྲོག་མ་ཆད་པས་ལུས་ལ་མི་རེག། གལ་ཏེ་རེག་དགོས་ན་སྤྱི་གཙུག་ནས་རེག་དགོས། ལུས་ཀྱི་གནས་གང་དུ་རེག་པ་དེ་ནས་རྣམ་ཤེས་ཕྱིར་འཕོ་གསུངས། ན་བར་དོ་ཤི་ནས་སྐྱེ་སྲིད་དུ་སྐྱེས་པའི་སེམས་དང་པོ་དང་ ཞེས་པའི་མཚམས་ཉིད་མཚམས་སྦྱར་བའི་མཚམས་འདི་འདྲ་ལ་ཨེ་བྱེད་གསུངས། ༈ སེམས་ཙམ་པ་ཡན་ཆད་ཡོད། སེམས་ཙམ་པས་ཕྱི་རོལ་དོན་གྱིས་སྟོང་པ་ཁས་བླངས་པ་དེས་ [011A]༄༅། །འགྲིག་དགོས་བྱུང་བ་རེད་གསུངས། རྫོགས་རིམ་གྱི་རྟོགས་པ་མཐོན་པོ་དང་སེམས་ཙམ་གྱི་ལྟ་བ་སྦྱར་བ་ཡོད་ཀྱང་རྫོགས་རིམ་ཐོབ་པ་མེད། སྦྱོར་ལམ་ཡན་ལ་ཐལ་འགྱུར་བ་ཁོ་ནའོ། ། ༈ ཞལ་གསུམ་སྒྱུ་འོད་ཟུང་གསུམ་དང། སྣང་མཆེད་ཐོབ་གསུམ། རྡོ་རྗེ་གསུམ་སོགས་ལ་སྦྱར་བྱ་མང། ན་ཕ་མཉལ་པོ་བྱེད་པ་མཐོང་བ་སོགས་མངལ་སྐྱེས་ཀྱི་དབང་དུ་བྱས། གཞན། གནས་དང་དྲི་ལ་མངོན་འདོད་བཞིན། །ཞེས་གསུངས་པ་ ལྟར་དེ་ལ་ཆགས་ཏེ་འཆི་སྦྱོར་བྱེད་པ་ཡང་ཡོད། ༈ རྗེས་ལ་སྐྱེས་པ་ཕུ་བོ་ཞེས་བྱ་སྟེ། རྗེས་ལ་སྐྱེས་པ་དེ་རྣམ་ཤེས་མངལ་དུ་དང་པོར་ཞུགས་པ་ཡིན་ནོ། །བར་དོའི་རྣམ་ཤེས་ཐོགས་རྡུགས་མེད་པར་ཁྲག་གི་ ནང་དུ་སྦལ་པའི་གཟུགས་ཆགས་པ། ༈ །ཞེས་གསུངས་པ་ལྟར་རོ། ། ༈ གོར་གོར་པོ་མཛོད་ན་མེད། དེ་དག་རླུང་གིས་བྱེད་པ་དཔེར་ན་ཀོ་བ་རློན་པར་ རླུང་གིས་ནག་གྱོང་གུག་འོང་བ་ལྟ་བུ། ༈ སྐྱེས་བུ་དམ་པ་འགའ་ཞིག་རྐང་པ་སྔོན་ལ་སྐྱེ་བ་ཡང་ཡོད། དེ་ལེགས་པ་བྱེད། ༈ སྤྲུལ་སྐུའི་ ལམ་འཁྱེར་སྐབས་ལུས་རགས་པ་སྡིག་པ་ཅན་རྣམས་ལ་སྣང་དུ་རུང་བར་མོས་དགོས། ༈ ༈ གྲངས། ན་ནས་ཚུགས། ཐ་སྙད་ཀྱི་དབང་དུ་བྱས་ན་རྡོ་རྗེ་འཆད་ [011B] རིགས་ལྔ་སྤྲུལ་སྐུའི་ཐ་སྙད་བྱེད། བདེ་སྟོང་ཡེ་ཤེས་དེ་ཉིད་ངེས་དོན་གྱི་རྡོ་རྗེ་འཆང། དེ་བཞིན་ལག་གི་རྣམ་པ་ཅན་དུ་ཤར་བ་དྲང་དོན་གྱི་རྡོ་རྗེ་འཆང་ཡིན། སངས་རྒྱས་ཡིན་ན་རྡོ་རྗེ་འཆང་ཡིན་པས་ཁྱབ་པ་ལྟ་བུ་ཡིན་ཀྱང། འོ་ན་ རེག་བྱ་རྡོ་རྗེ་མ་ཡང་གསང་འདུས་ཡིན་པར་ཐལ། རོ་ལངས་མ་ཡང་འཇིགས་བྱེད་ཡིན་པར་ཐལ་སོགས་ཆོས་གྲྭར་འཕངས་ན་འཛིན་དཀའ། ལུས་འདི་མི་གཙང་བར་བསྒྲུབ་པ་སྤྱོད་འཇུག་ལས་མང་དུ་གསུངས་པ་བཞིན་ལུས་འདི་ལ་བར་བ་ཐོག་མེད་ཀྱི་ཕ་མའི་ ཁུ་ཁྲག་བཙོག་དགུ་ལས་གྲུབ་པ་ཡིན། བདག་་གཙང་བདེ་རྟག་བདག་ཏུ་འཛིན་པས་འཁོར་བར་འཁོར། དྲི་ཟ་དེ་ལྷ་མིག་དག་པས་མ་གཏོགས་མི་མཐོང། ལམ་གྱི་སྒྱུ་ལུས་དང་འབྲས་བུའི་ལོངས་སྐུ་ཡང་མི་མཐོང། འཇུག་པར། འདི་ནི་སྤྲོས་ དང་བྲལ་ལ་སྣང་བར་འགྱུར། །ཞེས་སྤྲོས་བྲལ་ཏེ་སྟོང་ཉིད་མངོན་སུམ་རྟོགས་ནས་ལོངས་སྐུ་སྣང། ན་ལུས་ངག་ཡིད་གསུམ་ལ་ཕྲ་རགས་གསུམ་རེ་ཡོད་ངས་དེ་སྦྱོང་ཕྱིར་སེམས་དཔའ་སུམ་བརྩེགས་བསྒོམ། ༈ ཞེས་པ་བདེན་གྲུབ་ལ་རང་བཞིན་ཞེས་པ་དེ་མིན། མ་བཅོས་པར་རང་གྲུབ་ཏུ་འབྱུང་བ་ལ་ཟེར། རང་བཞིན་གྲུབ་པའི་སྤོབས་པ་བཟང་ཞེས་སོགས་གསུངས། ༈ གྲངས་ཅན་དང་འདྲ་བར་ དགག་པར་གྲངས་ཅན་ལ། སྤྱོད་འཇུག་ལས། གལ་ཏེ་རྒྱུ་ལ་འབྲས་གནས་ན། །ཞེས་དང། རྣམ་འགྲེལ་ལས་འཇགས་མའི་སྟེང་གླང་ཆེན་བརྒྱ་ཡོད་པར་ཐལ་བའི་རིགས་པ་སོགས་གསུངས། ༈ [012A]༄༅། །ཡིན༑ ཆོས་འཕེལ་པའི་གེགས་ང་རྒྱལ། དེ་ལ་ཡོན་ཏན་མི་འབྱུང། བླ་མའི་གསུང་ལ་མི་བརྟེན། སྲིད་པར་ལོངས་སྤྱོད་གལ་ཆེ། དེ་ལ་སྦྱིན་པ་གཏོང་དགོས། དེ་ལ་སེར་སྣས་གེགས་བྱེད་པས་སྲིད་ པའི་གེགས་ནི་སེར་སྣ་ཡིན། དེ་ལ་བརྟེན་ནས་རིན་འབྱུང་རྒྱས་པའི་ལས་གཙོ་བོ་ཡིན་པས་དེའི་སྦྱོང་བྱར་ང་རྒྱལ་དང་སེར་སྣ་སྦྱངས་ཞེས་པ་དེ་ཡིན། ༈ དེ་དག་གིས་རང་བཞིན་ གནས་རིགས་ལ་དགོངས། ཕྱི་མ་ཚོས་རང་རྒྱུད་ལ་སངས་རྒྱས་ངོ་ཐོག་ཡོད་པར་བྱས་བསམ་བྱུང། མཁས་གྲུབ་རིན་པོ་ཆེ་ལྟ་བུའི་ཕྱག་ཏུ་ཐེབ་ན་རིགས་པའི་ཆར་ཕབས་ཏེ་ཚར་གཅོད། ༈ ༈ གྲུབ་རྒྱ་མཚོ་འདིར་གཞན་ཕྱོགས་འགོག་པ་དང། རྗེ་རིན་པོ་ཆེའི་གསུང་རེ་རིགས་པ་དུ་མས་བསྒྲུབས་པ་འདི་ཤེས་དགོས། ༈ རྡོ་རྗེ་སློབ་དཔོན་ལུས་འདི་ལ་ཞེས་ཚིག་ཟིན་ལ་ཡང་ཡོད། ༈ ཞེས་པ་བསྡུ་བའི་ཚིག། ཀྱང་ཡང་འང་འབྱེད་སྡུད་དེ་ཞེས་སོགས་ཀྱང་གསུངས། ༈ དོན་གྲུབ་འདུ་བྱེད་དག་པས་འཕྲིན་ལས་སམ་བྱ་བ་གྲུབ་པ། སྒྲོལ་མ་འཕྲིན་ལས་ཀྱི་རང་བཞིན་ཡང་དེ་ཡིན་ ཡང་རླུང་གི་ཁམས་དག་པས་དེ་ལ་བརྟེན་ནས་རླུང་རྟ་སོགས་མཛད། འདི་ཕྲག་དོག་དག་པ་ཡང་འཕྲིན་ལས་མི་རྒྱས་པ་ཕྲག་དོག་གིས་གེགས་བྱེད། གྲྭ་རྐྱང་སོགས་ཀྱང་རང་དང་གྲྭ་ཐོག་གཅིག་པ། ཤག་མཆས་པ་སོགས་ལ་ཕྲག་དོག་མེད་བ་ [012B] རབ་ནི་རྗེས་སུ་ཡི་རང་དགོས། འདི་རྒྱལ་པོ་ལ་གདམས་པའི་གདམས་ངག་ཡིན། དེ་རིང་གི་ཉིན་མོར་འཛམ་བུའི་གླིང་ན་དགེ་བ་བྱེད་མཁན་གང་ཡོད་ལ་དེ་དག་སྐལ་བ་བཟང་སྙམ་པ་བྱས་ན་དགེ་རྩ་ཤིན་ཏུ་ཆེ་བ་ཐོབ། ༈ མ་ཞེས་པ་གཏི་མུག་རྣམ་སྣང་ལ་བྱེད་པ་ཡིན་ནམ། དེ་ཡང་རང་རང་གི་སྦྱང་གཞི་མཐར་ཐུག་དེའི་མིང་གིས་བཏགས་པ་ཡིན་ནམ། གཏི་མུག་སྦྱངས་ཞེས་པའི་སྐབས་མངོན་འགྱུར་བ་མགོ་མནན་པ་ནས་ས་བོན་དྲུངས་ཕྱུང་བའི་བར་སྡུད་སྒོམ་བྱེད་དགོས། ། མུན་སྤྲུལ་ལོ་ཞེས་བ་མི་ཤེས་བཞིན་དུ་སྨྲ་བ་ལ་ཟེར། ༈ ལག་རྗེས་བཞག། ༈ དེ་མ་མཇལ་ན་ ཤིན་ཏུ་ངན་པ་ཡིན། བླ་མ་རིན་པོ་ཆེ་རང་གིས་དང་པོ་དབུ་མའི་འཛིན་གྲྭ་པར་དགེ་ཕྲུག་ལ་དཔེ་ཁྲིད་མ་བྱས། དབུ་མ་ནས་ལོ་བཅུ་གསུམ་བར་དགེ་ཕྲུག་མང་པོར་དཔེ་ཁྲིད་བྱས། དེ་ནས་དཔེ་ཁྲིད་མཚམས་བཞག་ནས་རྗེ་རིན་པོ་ཆེའི་གསུང་རྣམས་ བལྟ་དགོས་བསམས་ཀྱང་ཡང་སྤྲུལ་སྐུ་ཞིག་གི་ཡོངས་འཛིན་བྱས། དཔེ་བལྟ་བྱེད་ལོང་མ་བྱུང། དེ་འཛིན་གྲྭ་ཐོན་ནས་ད་རི་ཁྲོད་དུ་སོང་ནས་རྗེའི་གསུང་རྣམས་ཞིབ་བལྟ་བསམས་ཀྱང་ཡར་ཡོང་དགོས་བྱུང། དབུས་འདིར་ངོ་ཤེས་མེད་པས་ བསྐོར་བ་སོགས་ལྷོད་ལྷོད་བྱེད་སྙམ་ཡང་དེ་ཡང་མ་བྱུང་ཞེས་གསུངས། རྣམ་མཁྱེན་གྱི་རྒྱུ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཡིན་པས་དེ་ལ་དཔེ་ཆ་རྣམས་ཞིབ་པར་བལྟ་དགོས། ༈ [013A]༄༅། །པའི་བྱིངས་ལས་བསྒྲུབ་ཚུལ། མངོན་བརྗོད་ཨ་མ་གོ་ཥ་ལས། འདུས་པ། བསགས་པ། ་དོན་གཅིག་ཚུལ། རྣམ་འགྲེལ་ལ་གཟུགས་འདུས་བསགས་ཡིན་ཚུལ་སོགས་རྣམ་འགྲེལ་དང་སྦྱར་ནས་ རྒྱས་པར་གསུངས། ༈ དེ་ཡང་ཞེ་སྡང་རྣམ་པར་དག་པའི་ཡེ་ཤེས་དེ་ཉིད་ལྷའི་རྣམ་པར་ཤར་པ་ཧཱུཾ་ཡིན་པས་སོ། ། ཡང་ཧཱུཾ་རིང་པོ་ལས་འཕྲོས་ཏེ། རྙིང་མ་པས་ཨོཾ་ལ་རིང་ ཆ་འཆུང་འདོགས་པ་སྒྲ་པའི་ལུགས་ལ་མེད། ཨོ་དང་ཨེ་སོགས་རིང་པོ་ཡིན་ཡིན་པ་ཡིན་པས་སླར་རིང་ཆ་མི་འདོགས་མན་ངག་འདྲ་ཡོད་ཤས་ཆེ་གསུངས། བ་མ་མོ་བཅུ་གཉིས་བདེ་མཆོག་གི་སྒོ་མཚམས་མ་བརྒྱད། སྙིང་པོའི་རྣལ་འབྱོར་མ་བཞི་ བཅས་ཡིན། བོད་སྐྱོང་བསྟན་མ་བཅུ་གཉིས་ཀྱང་དེ་རྣམས་ཡིན། སྤྱན་རས་གཟིགས་བདེ་མཆོག་ཡིན། སྙིང་རྗེའི་སྐད་དོད་ཀ་རུཎ་ཞེས་བདེ་འགོག་ཅེས་པ་ལས་ཀྱང་བཤད་དུ་ཡོད། བོད་སྐྱོང་གཞི་བདག་མང་ཡང་བསྟན་མ་འདི་རྣམས་ཤིན་ ཏུ་མཐུ་རྩལ་ཆེ་བས་བོད་སྐྱོང་བསྟན་མ་བཅུ་གཉིས་ཞེས་བྱས་པ་ཡིན། སློབ་དཔོན་ཕེབས་དུས་འདི་རྣམས་ཤིན་ཏུ་རྩུབ། བོད་དུ་ལྷ་ཕེབས་མི་མང་བ་དང་པོ་སློབ་དཔོན་གྱིས་གནས་གཙང་མའི་ལྷ་ཕབས་ནས་ཁ་ལས་ཕང་ཐང་གི་གཙུག་ལག་ ཁྱེར་མི་སུ་ཡིན་དྲིས་པ་སོགས་དེའི་ཤན་ཞུགས་པ་ཡིན། སློབ་དཔོན་ཤིན་ཏུ་བཀའ་དྲིན་ཆེ། ཁ་བཏང་མི་ཉན། དེང་སང་རྙིང་མས་སྔར་གྱི་རྙིང་མའི་ཆོས་ཚང་མ་དོར་ནས་གཏེར་གསར་ཞེས་མི་ཐོག་གཅིག་ལ་གཏེར་ནས་བཏོན་པའི་ཆོས་ལ་ [013B] དེ་མི་ལེགས། ༈ གྱིས་ཞེས་པ་ནི་བྱེད་པ་པོ། རློབས་ཞེས་པ་ནི་བྱ་བའི་ཡུལ་དེ་ལ་བསྒྱུར་ཞེས་པ་ཡིན། ༈ བསམས་ནས་བསྒྲུབ་དགོས། དེང་སང་སངས་རྒྱས་བསྒྲུབ་ཟེར་མཁན་མ་གཏོགས་བླ་མ་བསྒྲུབ་ཟེར་མཁན་མེད་བླ་མ་དམའ་བོ་གཅིག་བྱས། སངས་རྒྱས་མཐོ་བོ་གཅིག་བྱས་ཏེ་བསྒྲུབ་ན་མི་ཡོང། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱིས་སྒྲུབ་ཐབས་ཚང་མར་བླ་མ་རྡོ་རྗེ་འཇིགས་ བྱེད༑ བླ་མ་གསང་བ་འདུས་བ། བླ་མ་ཧེ་རུ་ཀ་ཞེས་བླ་མ་རེ་སྦར་བ་ཁོང་རང་གི་ཐུགས་ལ་ཡོད་ནས་སྦྱར་བ་ཡིན། ཁོང་གིས་དེ་ལྟར་མཛད་པས་སངས་རྒྱས་པ་ཡིན། བླ་མ་དབེན་ས་པ་ཡིན་མོད། དེའི་སྒྲུབ་ཐབས་ཡིན། ༈ མལ་གྱི་སྣང་ཞེན་འགོག་ཐབས་ཤ་སྟག་ཡིན། ༈ །ཞེས་པ་ལ་དོན་ལས་དེ་ཉིད་ཀྱི་སྒྲ་ཡིན་པ་སུམ་རྟགས་རྩ་བའི་ལུང་བཅས་གསུངས། ༈ ཕྱི་དང་གསང་ཕ་ཐེག་པ་གསུམ་ ཞེས་རྒྱུད་སྡེ་བཞི་དང་ཐེག་པ་གསུམ་གྱི་ལུང་གི་ཆོས་རྣམས་འཛིན་པར་དམ་བཅས་བས། དེའི་ཉིང་དགོས་རྟོགས་པའི་ཆོས་རྣམས་ཀྱང་རྒྱུད་ལ་སྐྱེ་དགོས་པར་སྡུད། དེས་ན་བསྟན་པ་ཡོངས་རྫོགས་འདིའི་ནང་འུབ་ཀྱིས་སྡུད་པ་བླ་མའི་གསུང་ངོ་ མཚར་ཅན་ཡིན། འོད་དཔག་མེད་ཀྱི་སྤྲུལ་པའི་བླ་མ་རྣམས་ཀྱང་མཛད་པ་ཡང་དེ་དང་ཆ་འདྲ། པཎ་ཆེན་ཆོས་རྒྱན་གྱིས་གྲུབ་མཐའ་ཚང་མར་བཀུར་བར་མཛད། བོན་པོའི་དགོན་པ་རྣམས་ལ་ཡང་མང་ཇ་སོགས་གནང། དེ་ཐམས་ཅད་ཀྱིས་ཀྱང་ [014A]༄༅། །ཤིན་ཏུ་མོས་ཤིང་གུས། ཆོས་འབྲེལ་ཡང་ཞུས། འབྲུག་པ་སངས་རྒྱས་རྡོ་རྗེའི་རྣམ་ཐར་ཡང་བརྩམས། ༈ ཀྱེ་ཞེས་པ་འབོད་པ། ད་ན་སྦྱིན་པ། ནམ་ཞེས་བྱ་བ། ཀྱེ་ ངག་གི་དཔལ་སྦྱིན་པར་བྱེད་པ་ཞེས་བྱ་བ་ཞེས་པ་ཡིན་གསུངས། ༈ གསང་བ་པ་ཞེས་པ་གནོད་སྦྱིན་ལ་བྱས་ནས་དེའི་བདག་པོ་དང། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་ བ་ཀུན་གྱི་བདག་པོ་དང། ཡང་གསུང་གི་གསང་བ་ཐམས་ཅད་འཛིན་པ་སོགས་མང། ༈ རྫོགས་རིམ་སེམས་ལུས་ལྟ་བུ་ཞེས་པ་འོད་གསལ་ལས་སྒྱུ་ལུས། ལུས་ སེམས་ལྟ་བུ་ཞེས་པ་སྒྱུ་ལུས་ལས་འོད་གསལ་དུ་འཕོས་པ་སོགས་སློབ་པའི་ཟུང་འཇུག། འབྲས་དུས། སེམས་ལུས། ཡེ་ཤེས་ཇི་སྙེད་ཁྱབ་གྱུར་པ། །ཞེས་སོགས་ལུས་སེམས། ལུས་ཀྱིས་ཤེས་བྱ་གཟིགས་པ་ཚིག་ཏུ་བརྗོད་པ། བ་ སྤུར་འཇིག་རྟེན་གྱི་ཁམས་དཔག་མེད་རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི་ཞིང་སྟོན་པ་ལྟ་བུ། གང་ལྟར་ཟུང་འཇུག་གི་ཡོན་ཏན་ཡིན། ༈ རང་དོན་གཞན་དོན་གཉིས་བསྒྲུབ་པའི་སྟེང་ནས་འཇོག་ཚུལ་གཉིས། ༈ གཟུགས་དང་བེམ་པོ་དོན་གཅིག་འདོད་པ་བསྡུས་གྲའི་ལུགས་ལས། ཐལ་འགྱུར་བས་དེ་ལྟར་མི་འདོད་ [014B] ཕྱི་རོལ་གྱི་རྡུལ་ཕྲ་རབ་བསགས་པ་བེམ་པོར་འདོད། ༈ ༈ དཀྱིལ་འཁོར་ རྒྱལ་མཆོག་གཞན་དོན། མདོར་རང་དོན་སྤངས་རྟོགས། གཞན་དོན་ཆོས་གཟུགས་ཀྱི་སྐུ་ཞེས་ཀྱང་ཟེར། ན་རྨེ་ཤ་ཅན་ཞེས་པ་འདོད་ལུགས་ཤིན་ཏུ་མང། འདིར་རྨེ་ཤ་ཅན་ཞེས་པ་རིགས་ངན་དང་གདོལ་བ་ལ་བྱེད། གཞན་རྨེ་ཤ་ཅན་དུ་སྐྱེ་བར་ འགྱུར། །ཞེས་པ་ཤ་ལ་རྨེ་བ་ཝ་བ་ཤ་ལྷག་ཡོད་པ་དང། བཤན་པ་དང་་སྡིག་པ་རྭ་ཅན་སོགས་ལ་ཟེར་བ་ཡོད། ༈ །ཞེས་པ་འདི་ལམ་རིམ་གྱི་ཁུངས་གཙོ་བོ་ཡིན། སྤྱིར་མངོན་རྟོགས་རྒྱན་ཚང་མ་ ཡིན་ཀྱང་དེའི་ནང་ནས་གཙོ་བོ་འདི་ཡིན། རྣམ་རྫོགས་སྦྱོར་བར་མཁྱེན་གསུམ་གྱི་རྣམ་པ་རྫོགས་པར་བསྒོམ་པས་རྣམ་རྫོགས། དེའི་་སངས་རྒྱས་སོགས་ཁོངས་ནས་ཆོས། དགེ་འདུན། དད་པ་ཞེས་པ་སྐྱབས་འགྲོ། སྐྱེས་བུ་ཆུང་འབྲིང་ཆེ་ གསུམ་གྱི་སྐྱབས་འགྲོ། བསམ་པ་ཕུན་ཚོགས་དྲན་པ་དང། །ཞེས་པས་སེམས་བསྐྱེད། སྦྱིན་སོགས་སྤྱོད་ཡུལ་ཞེས་པས་སྤྱོད་པ་སྤྱི་བསླབ། བརྩོན་འགྲུས་དང་ཞེས་པས་དེ་ཐམས་ཅད་བརྩོན་འགྲུས་ཀྱིས་བསྒྲུབ་དགོས་པ། ཚིག་རྐང་འདི་གཉིས་གོ་ ལྡོག་པ་འགྱུར་ཁྱད་ཡིན་གསུངས། རྣམ་པར་མི་རྟོག་ཅེས་པས་ཞི་གནས། མི་རྟོག་ཅེས་པ་དེ་འཁོར་གསུམ་བདེན་མེད་ཀྱིས་ཟིན་པས་ཞི་གནས། ཤེས་པའི་ཤེས་རབ་དང་རྣམ་ལྔ། །ཞེས་པས་ཤེས་རབ། འདི་ཀུན་རྫོབ་ཤེས་རབ་ཡིན། དེ་ལྟར་ [015A]༄༅། །ལམ་རིམ་ཡོངས་རྫོགས་འདིར་འདུས་ཤིང་འདིས་བསྟན། ༈ བསྙེན་ཆེན་སོགས་བཟང་ཡང་གཙོ་བོ་སེམས་ཀྱིས་སྒོམ་ཆ་གལ་ཆེ་བདག་ གི་བླ་མ་ཞང་རིན་པོ་ཆེས། སྡིག་སྒྲིབ་མ་ཟད་སེན་མོ་ཟད། །ཅེས་སོགས་དང། བཞི་བརྒྱ་པ་ལས། ཤཱཀྱ་གོས་མེད་བྲམ་ཟེ་སྟེ། །ཞེས་སོགས་དྲངས་ནས་ཡིད་ཀྱིས་གཙོ་བོར་སེམས་པ་འདི་ཐུབ་པའི་ལུགས་ཡིན། ༈ ཞིག་ལས་ཀྱང་བཙུན་པ་ཡོད། ང་ཆད་མ་ཆད་སྤྱོད་པ་ལ་ལྟོས་དང་ཞེས་གསུངས་པ་རེད། ༈ སོ་སོའི་ཆོ་ག་བཏང་སྟེ་ཉམས་སུ་ལེན་ ལུགས་ཀྱང་ཡོད། སོ་སོའི་ཆོ་ག་ཉིན་རེ་བཞིན་ཐུབ་ན་རབ། དེ་མིན་རེས་མོས་བྱ་བའང་ཡོད། བདེ་གསང་འཇིགས་གསུམ་ཡ་མ་བྲལ་པ་འདི་རྗེས་རེད་མདའ་བའི་དྲིས་ལན་དུ་གསུངས། ༈ ཡིན༑ འོག་མ་དེ་སྲོག་ལྡན་ཡིན་པས་གོང་མ་བཀླག་མ་ཤེས་ན་འོག་མ་བཀླག་ན་འགྲིག་སྟོད་ཡོད། ༈ ༈ རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་ བདེ་ཆེན་ལ་མངའ་བརྙེས་པས་སྐུ་མདོག་དཀར་ལ་དམར་བའི་དམངས་ཆགས་བ་ཡོད། རྗེ་དང་མཁས་གྲུབ་དགར་ལ་དམར་མདངས་ཆགས་པ་དང། རྒྱལ་ཚབ་དཀར་ལ་སེར་བའི་མདངས་དགོས་པ་ནང་ན་ཡོན་ཏན་གྱི་ཁྱད་པར་ཡོད། བདག་ [015B]སྐུ་མདོག་དཀར་དམར་དགུང་ལོ་སུམ་ཅུའི་ཚོད་ལྟ་བུ་ཡོད། ཡང་བདག་གི་བླ་མ་ཞང་རིན་པོ་ཆེ་སྐུ་མི་འདྲ་བ་ཞིག་ཡོད། དགུང་ལོ་བདུན་ཅུར་ཕེབས་ཀྱང་སྐུ་ལ་གཉེར་ མ་མེད། ཞལ་མདངས་དམར། སྨར་དཀར། དབུ་སྐྲ་ནག། རྒྱུན་དུ་ན་བཟའ་ཧྲུལ་པོ་བཞེས་པ་ཞིག་ཡིན་ཡང། ཐེངས་གཅིག་བཞུགས་གདན་མཐོན་པོ་བཏིངས། གཟིགས་ལྤགས་གཡོགས། ན་བཟའ་གསར་པ་བཞེས། དེ་ཉིན་ཞལ་མདངས་ ཀྱང་ཤིན་ཏུ་དམར་བ་མཚལ་ཆེན་ལྟ་བུ་མཇལ། གང་ཡིན་ན་བསམས་ཀྱང་རྗེས་སུ་རྣམ་ཐར་ཡིག་ཆུང་ཞིག་ཏུ་དེ་དུས་བདེ་ཆེན་མངོན་དུ་མཛད་པར་གསལ། གནས་དེ་བྲག་དཀར་ཞེས་མཁའ་འགྲོའི་གནས་ཤིག་ཡིན། ༈ གུ་ངེ་རླུང་ཁམས་རྣམ་པར་དག་པ་དང། ཡང་གུང་རི་མཁའ་འགྲོ་མ་ཞེས་པ་དཀོན་མཆོག་བསྟན་སྒྲོན་ལས་རབ་ཏུ་བྱུང་བ་དགུང་ལོ་བརྒྱད་ཅུར་ཕེབས་པ་ཞིག་ཡོད། རྒྱུན་པར་ལམ་རིམ་སོགས་ཕྱག་དཔེ་གཞན་གཟིགས་མོད། ལྷག་པར་འགྲེལ་པ་ བཞི་སྦྲགས་ལྗགས་ཀློག་རྟག་ཏུ་མཛད་པ་དེ་ཉིད་བཀྲ་ཤིས་འཁྱིལ་དུ་ཕེབས་སྐབས་གྲུ་པ་ཐམས་ཅད་ཀྱིས་ལྡང་བ་བྱེད་པར། ངས་དེ་འདྲ་ལ་དེ་ཙམ་བྱེད་རྒྱུ་ཅི་ཡོད་བསམས། དེ་ང་རྒྱལ་བྱས་པ་རེད། ཕྱིས་བདག་གི་བླ་མ་ཞང་རིན་པོ་ཆེ་ཆོས་ གསན་ནས། དེ་ནས་བདག་གིས་ཀྱང་ཆོས་ཞུས་པ་ཡིན། དེ་ཉིད་ཀྱིས་བདག་འཇུག་སོགས་ཀྱི་བུམ་པ་བསྒྲུབ་ནས་ཡོད་སྐབས་དུད་འགྲོ་སོགས་ལ་འཐོར་ནས་འདི་དག་གིས་དྲིན་ཆེན་པོ་བྱས་པ་རེད་ཅེས་གསུངས། གཟུངས་སྔགས་ཟབ་མོ་བཟླ་ [016A]༄༅། །བཞིན་ཕུ་འདེབས་པར་མཛད་པ་སོགས་ངོ་མཚར་ཅན་ཞིག་ཡོད་གསུངས། བདག་གི་བླ་མ་མཁན་པོ་འཇམ་དབྱངས་རྒྱ་མཚོ། མཚན་གཞན་ཨ་ཁུ་བསམ་འགྲུབ་ཅེས་པ་དགུང་ལོ་བརྒྱ་དང་བཅུ་དྲུག་ཕེབས་ཟེར་ ཡང་བཀྲ་ཤིས་འཁྱིལ་གྱི་གདན་རབས་སོགས་གསུང་དུས་དེས་མི་ཚད་འདུག། གཟིམ་ཁང་བདག་གི་ཁྱིམ་གྱི་ཉེ་འཁོར་ན་ཡོད། བདག་ལ་ཡི་གེ་སོགས་བསླབ། བཀའ་དྲིན་ཤིན་ཏུ་ཆེ། ངས་ཤམ་ཐབས་དང་གཟན་ཚོས་དམར་པོ་བྱས་པ་གསར་པ་ ཞིག་བཟོས་པར་ཕྱི་དམར་པོ་འདུག་སྟེ་དེ་ལས་ནང་དམར་པོ་དགོས་རྒྱུ་ཡིན་གསུངས། བཀྲ་ཤིས་འཁྱིལ་དུ་ཕྱིན་ནས་མཚན་ཉིད་མ་བལྟས་པར། རིག་གནས་བལྟས་པས་སྐབས་ཤིག་ན་བཀའ་བཀྱོན་ཆེན་པོ་ཕེབས། ཁྱོད་མཚན་ཉིད་མ་བལྟས་པར་བློ་ མང་པོ་རིམ་གོའི་དར་འདྲ་བ་བྱེད་མི་ཉན། ང་རང་ལ་ཡང་མིས་ཆུ་མིག་བརྒྱ་སྐོར་ལ་ཕྱིན་དོ་ཟེར་བ་ཡང་བྱུང། འགའ་ཞིག་བདེ་མཆོག། འགའ་ཞིག་གིས་འཇིགས་བྱེད་གྱིས་ཟེར་བ་བྱུང། བདེ་མཆོག་ཀྱང་སྙིགས་དུས་སུ་བྱིན་རླབས་མྱུར་བ་སོགས་ཡགས་ པོ་ཡིན། འཇིགས་བྱེད་ཀྱང་འཇམ་མགོན་བླ་མའི་ཡི་དམ་ཕ་ཆོས་ཐུན་མོང་མིན་པ་ཡིན་པས་ལེགས་མོད། ངོས་ཀྱིས་རི་ཁྲོད་དུ་སྨྱུང་གནས་རང་བཏང་ནས་བསྡད་པ་ཡིན་གསུངས། དེ་ནས་བདག་གིས་རིག་གནས་ཀྱི་དཔེ་ཆ་ཐམས་ཅད་ བསྒྲིལ་ནས་རྟགས་བརྒྱབ་ནས་བཞག། མཚན་ཉིད་བལྟས་པས་དེང་སང་དགེ་བཤེས་ཟེར་བ་དེ་ཁོང་གི་བཀའ་དྲིན་ཡིན། བཀའ་བཀྱོན་དེ་མ་ཕེབས་ན་ད་གར་ཞིག་ལ་འདུག་རྒྱུ་རེད། ཁོང་སྨྱུང་གནས་ཁྲི་གསུམ་སོང་བ་རེད། དེ་སྔོན་ [016B] མཇུག་དགུང་ལོ་མཐོ་བོར་ཕེབས་ནས་སྦྱོར་དངོས་སྤེལ་མ་རང་མཛད། ༈ ནམ་མཁའ་དང་མཉམ་པའི་ཞེས་པ། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཞེས་ སེམས་ཅན་ཐམས་ཅད་ལ་དམིགས་པའི་གཞན་དོན་དོན་གཉེར་གྱི་འདུན་པ་རྒྱུར་སྔོན་དུ་འགྲོ་དགོས། གྲོགས་བྱང་ཆུབ་སྐུ་ཐུགས་ཟུང་འཇུག་ཚེ་ཐུང་གཅིག་ལ་ཐོབ་འདོད་བསྐྱེད་པ་ལ་མྱོང་བ་ཐོན་པ་ན་བླ་མེད་ཀྱི་ཚོགས་ལམ་དུ་བཞུགས་པ་ཡིན། སེམས་ བསྐྱེད་པ་ན་ཚངས་ཐིག་བཏབས་པ་བཞིན་ཐེག་པ་ཆེན་པོའི་ལམ་ཡོངས་རྫོགས་བློ་ཡུལ་དུ་འཆར་བ་ཡིན། ཐོས་པས་ངེས་པ་དྲངས་ནས་ཡང་ཡང་དཔྱད་པས་སྒྲ་སྤྱི་ཙམ་གྱིས་ངེས་པ་ཐོས་བྱུང། དེ་ཡིད་དཔྱོད་ཡིན། དེའི་དོན་ཡང་ཡང་བསམ་པ་བསམ་ བྱུང༑ དེ་ལ་བཅོས་མ་དང་བཅོས་མིན་གཉིས། ངེས་འབྱུང་དང་བྱང་སེམས་བསམ་བྱུང་ལ་མྱོང་བ་ཐོན་པ་དེ་ཡིན། སྒོམ་བྱུང་མི་དགོས། ཞི་གནས་བསྒྲུབ་དགོས་ན་ཧ་ཅང་ཐལ། དབང་ཐོབ་པ་སྔགས་ཀྱི་འཇུག་སྒོ་ཡིན་གསུངས་པ་སྔགས་ལ་ཐོས་བསམ་ སྒོམ་གསུམ་རུང་བའི་འཇུག་སྒོ་ལས་སྔགས་ལམ་གྱི་འཇུག་སྒོམ་ནི། ཐོས་བྱུང་དང་བསམ་བྱུང་གི་རྟོགས་པའི་མཚན་ཉིད་སོགས་གསུངས། སྔགས་ཀྱི་ཐུན་མོང་མིན་པའི་ཚོགས་ལམ་དང། སེམས་བསྐྱེད་པ། ངེས་འབྱུང་རྣམས་དུས་མཉམ་དུ་བསྐྱེད་ པ་ཞིག་ཀྱང་ཡོད་པར་འཇམ་དབྱངས་བཞད་པས་གསུངས། ་སྐྱབས་འགྲོ་རྒྱུད་ལ་སྐྱེས་པ་ན་ནང་པར་ཚུད། དེ་ཡང་འཁོར་བ་ལ་འཇིགས་ནས་དེ་ལས་སྐྱོབ་ཕྱིར་དཀོན་མཆོག་ལ་དད་པ་དང། ཤེས་རབ་གང་རུང་ཞིག་ཡིན་གསུངས། ༈ [017A]༄༅། །སོ་སོ་ལ་ལས་ཚོགས་རེ་ཡོད། ༈ ༈ ཐལ་མོས་གཟུགས་སྐུ། ཁོང་སྟོང་ གིས་ཆོས་སྐུ་མཚོན། བཀྲ་ཤིས་འཁྱིལ་པས་གཟན་འཇུག་པ་རྒྱུ་མཚན་མ་ཤེས་གསུངས། ༈ ༈ མིད་ལས། སངས་རྒྱས་ཆོས་དང་དགེ་འདུན་གསུམ། །འདི་གསུམ་ ཕྱི་ཡི་སྐྱབས་ཞེས་སོགས་གསུངས་པ་ཐེག་པ་ཆེ་ཆུང་ཐུན་མོང་གི་སྐྱབས་འགྲོ། བླ་མ་ཡི་དམ་མཁའ་འགྲོ་གསུམ། །འདི་གསུམ་ནང་གི་ཞེས་སོགས་སྔགས་རྒྱུད་སྡེ་བཞིའི་ཐུན་མོང། དེ་ཡང་བླ་མ་སྐྱབས་གནས་ཀུན་འདུས། དེ་དང་ཡི་དམ་དབྱེར་ མེད༑ མཁའ་འགྲོས་ལམ་གྱི་གྲོགས་མཛད་ནས་སྐྱབས་བྱེད། རྩ་དང་་འདི་གསུམ་གསང་བའི་་ཞེས་པ་བླ་མེད་ཐུན་མོང་མིན་པའི་སྐྱབས་འགྲོ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ནས་བདེ་སྟོང་སྐྱེས་པའོ། ། ༈ བཏོན་ནས་འཆད་ཀྱང་བདེན་གཉིས་དབྱེར་མེད་ཀྱི་ཟུང་འཇུག་གི་ཡ་གྱལ་གྱི་འོང་གསལ་རྩལ་དུ་བཏོན་ནས་མི་འཆད། ༈ རྣམ་བྱང་ཕྱོགས་ཀྱི་རྟེན་འབྱུང་འདི་མི་ཤེས། ༈ དང་དྭང་བ་ལ་བར་གཅོད། རྒོད་པ་འདི་འདོད་ཡོན་ལ་གཡེང་བ་འདི་ཡིན། ཉོན་མོངས་གཞན་ལ་འཕྲོ་བ་རྣམ་གཡེང་ཡིན། རྒོད་པ་གཅོད་ཕྱིར་ལྟེ་བར་ཐིག་ལེ་བསྒོམ། བྱིང་བ་གཅོད་ཕྱིར་སྟེང་དུ་བསྒོམ། འདོད་སེམས་རྩེ་གཅིག་པ་རྙེད་ [017B] བྱིང་རྒོད་གཅོད་ཚུལ་སོགས་འདི་དག་ས་སྡེ་ན་གསལ་པོ་ཡོད། སྔགས་ན་མི་གསལ། ཐུན་མེད་ལམ་སྦྱངས་སྔོན་དུ་འགྲོ་དགོས་པས་ཡིན། སེམས་གནས་ན་ལྐོག་གྱུར་སྣ་ཚོགས་འཆར། ཐིགས་ཀྱང་ཐིགས། ཞང་ རིན་པོ་ཆེས། སེམས་གནས་ན་འཆར་རྒྱུ་མང་པོ་ཡོང་གསུངས། དེ་ཉམས་མྱོང་གི་གསུང་རེད། ༈ དེ་ ཡང་རགས་པ་འགྲུབ་ནས་ཡིན། ༈ ༈ རྣམ་ཐར་མཇལ་ན་མཇལ་ལུགས་ཤེས་དགོས་པ་ཡོད། དཔེ་ཆ་བལྟ་ན་བལྟ་ལུགས་ཤེས་དགོས་པ་ཡོད། ༈ ༈ སྐྱེས་བུ་དམ་པ་འགའ་ཞིག་ ཞལ་འདོན་གང་ཡང་མི་གནང་ཡང་ཀུན་གྱིས་དད་ཅིང་བཀུར་བ་ཡོད། ནང་ན་བྱང་ཆུབ་ཀྱི་སེམས་དང། ཏིང་ངེ་འཛིན། རྡོར་བཟླས་སོགས་ཉམས་ལེན་ཁྱད་པར་ཅན་ཡོད་ངེས། ཨ་ལག་སྙན་གྲགས་ཚང་ཞེས་པ་ཞལ་འདོན་གང་ཡང་མི་མཛད། ཨ་ ལ་གཞལ་འདོན་ཅི་གསུང་ཞེས་འཁོར་ལ་དྲིས་པར། ཅི་ཡང་མི་གསུང། སྔ་དྲོ་འཇིགས་བྱེད་ཅིག་གསུང། དེ་ཟིན་ནས་མེད་ཟེར། མཛད་པ་ཤིན་ཏུ་རྒྱས་པ་ནང་ན་ཡོན་ཏན་ཁྱད་པར་ཅན་ཡོད་དེས། ངོས་ཀྱིས་འདི་དང་འདྲིས་པས་དོན་ཆེ། ཞང་རིན་ [018A]༄༅། །པོ་ཆེའི་གསུང་འབུམ་སྤར་བརྐོའི་སྦྱིན་བདག་མཛད་གསུངས། ༈ འགྲོ་འདུག། ཉལ་བ། བཤང་གཅི་སོགས་སྐབས་ཐམས་ཅད་དུ་སྔགས་བཟླར་རུང་བར་གསུངས། ༈ ཀ་ནི་ཡིན་པར་བླ་མས་གསུང་ཚུལ་ཡོད། མི་འཁྲུགས་པ་ཞེས་པ་མི་བསྐྱོད་པ་ཡིན། ༈ ༈ ས་ལ་གསལ་བ་གཉིས་ཟེར། དེ་གཉིས་ནི་སྒྲོན་གསལ་དང་ཚིག་ གསལ་ཡིན། ༈ དེ་ནས་དོན་འགྱུར་གྱི་ཐེ་ཚོམ། དེ་ནས་ཡིད་དཔྱོད། དེ་ནས་ཚད་མ་སྐྱེ་གསུངས། ༈ འདིར་གཉིས་ ཀར་དེ་གཉིས་ཀ་བཏགས་པའོ། ། ༈ སྲིན་ལག་གིས་འཐོར་བ་དང། གཉིས་ཀ་མཉམ་དུ་ཁ་ཕྱེ་བ་གསུམ་ཡོད་གསུངས། ན་ལྭ་བ་པའི་གཞུང་དུ་རྡོ་རྗེ་ཅན་ཞེས་པ་རྡོ་རྗེ་འཆང་ཐོབ་ ཕྱིར༑ ཕྱག་རྒྱ་ལ་ཡང་ཞེས་པ་ཡུམ་ཡིན། ༈ སྔགས་ཀྱི་སྐབས་བཟའ་བཏུང་ཟ་ལུགས་རེ་ཉེས་ན་ཡང་སྔགས་ཀྱི་སྦོམ་པོ་འབྱུང། སྦོམ་པོ་ནི་སོ་ཐར་གྱི་རྩ་ལྟུང་བཞི་ཆར་ལས་ལྕི་བར་ གསུངས། འདུལ་བའི་སྐབས་ཀྱང་ཟས་ཟ་ལུགས་རེ་ཉེས་ན་ཡང་ལྟུང་བ་སུམ་ཅུ་རེ་ཙམ་ཡོང་བ་བརྩི་རྒྱུ་ཡོད། བཟའ་བཏུང་འདི་རང་ཐུ། ཕྱི་དྲོའི་ཁ་ཟས་ཀྱང་དགེ་སློང་རླུང་ནད་ཅན་ལ་གནང་བའི་སྐབས་ཀྱང་ཡོད་མོད། དེ་དག་ལ་འདུ་ [018B] འདུལ་བའི་བསླབ་བྱ་ཤིན་ཏུ་གཅེས་པས་གཏོར་མའི་རྒྱུ་ཆང་གི་བླུམ་སྐམ་ཐག་འདེབས། ༈ དེའི་ཚིག་རིས་ལྟར་གྱི་དམིགས་པ་བྱས་ན་བསྐྱེད་རིམ་ཡིད་བཤར་བྱས་པའི་སྒོམ་ཞེས་སྐྱེས་བུ་དམ་ པ་རྣམས་གསུངས་ཞེས་གསུངས། ༈ འདས་པས་ས་བོན་དྲུངས་ཕྱུང་བས་སྤོང་བ་འདི་དག་དང་མི་འདྲ། ༈ གཟུང་རྣམ་ལྷར་ཤར་བ་ཞེས་གསུངས། ༈ ༈ ང་རྒྱལ་སོགས་དེ་ཡིན་གསུངས་ མིད་ལས་རྫུ་འཕྲུལ་མཛད་པར་རས་ཆུང་བ་དད་པ་མ་སྐྱེས་ཚུལ་ཡང་གསུངས། ན་གསལ་སྣང་འགྲུབ་པའི་དཔེ་རང་གི་ཤག་གི་བུམ་པ་ལྟ་བུ་ཡིད་ཡུལ་དྲན་པ་སྟ་བུ། ན་རྣམ་འགྲེལ་ལས། གང་ཕྱིར་ཡང་དག་ཡང་དག་མིན། །དེ་གསལ་མི་རྟོག་བློ་ འབྲས་ཅན། །ཞེས་རྣལ་འབྱོར་མངོན་སུམ་བསྒྲུབ་བའི་རིགས་པ་འདི་བཞིན་གསལ་སྣང་གོམས་ན་རེག་མཐོང་གི་མཚན་མ་སྐྱེ། དགེ་སློང་གིས་སྟག་ཏུ་བསྒོམས་པ་དང། རྭ་ཅན་དུ་བསྒོམས་པའི་ལོ་རྒྱུས་གསུངས། ༈ གྱིས་བརླམས་དང། །ཞེས་འདོད་ཆགས་ཀྱི་ཡུལ། འཇིགས་པའི་སྐབས་འདྲེ་མངོན་སུམ་སྣང་བ་ལྟ་བུ་སོགས་གསུངས། དག་བྱིན་རླབས་ཀྱིས་ལོང་གཏམ་སྔགས་སུ་འགྱུར་གསུངས། སྔགས་སུ་མ་འགྱུར་ཡང་དག་ཀྱལ་གྱི་ཉེས་པ་ཁེགས་ [019A]༄༅། །ན་ལིགས་གི། ངག་ཀྱལ་འདི་ཤིན་ཏུ་ཐུ། ཡར་ལངས་མ་ཐག་ནས་ཟ་བཞིན་འཐུང་བཞིན་མ་ཉལ་བར་དུ་སྨྲ། ཉལ་ཚར་ནས་ཀྱང་སྨྲ། ན་བསམ་གཏན་ཙམ་གྱིས་ལས་འགྲུབ་པ་རྭ་ལོ་ཆེན་པོ་ཡིན། དེས་ སྐྱེས་བུ་དམ་པ་ཡང་མང་དུ་བཀྲོངས། འགོས་ལོ་ཡང་འཇམ་དཔལ་གྱི་ཞིང་དུ་གདན་དྲངས་སོ་གསུངས། གཉན་ལོ་དང་ཕར་ཚུར་མ་ཐུབ་པའི་མཐུ་རྟགས་ཕ་བོང་ལ་སྦྲུལ་གཉིས་ཡོད་གསུངས། རྭ་ལོ་འཇམ་དཔལ་དབྱངས་ཡིན་ཀྱང་དེ་ ལྟར་མཛད་པ་རྗེ་རིན་པོ་ཆེའི་བསྟན་པའི་སྔོན་དུ་གད་བདར་མཛད་པ་ཡིན། གཞན་དགའ་ལྡན་གྱི་ཡར་མར་ཚང་མ་མཚམས་ཁང་སྤྱིལ་པོས་ཁེངས་ཡོད། ༈ བཤད་ན་ཁྱིས་ཀྱང་མི་ཉན་པར་ལྷ་འགུག་ པར་གསུངས་པ་ལ་ཞང་རིན་པོ་ཆེས། ཨ་འུ་དེ་འདྲ་ཟེར་མི་ཉན། འགྲེལ་པ་བཞི་སྦྲགས་ན་ཡོད། སྔགས་ཀྱི་ཆེ་བ་ཉམས་འགྲོ་གསུངས། ༈ སྟོང་པ་རྟེན་འབྱུང་གི་དོན་རྟོགས་ན་ལས་འགྲུབ་བོ། ། ༈ སླར་དབུ་ནས་རྩོམ་པར་དམ་བཅའ་བར་ཞལ་ཕྱེ་མཛད་དེ་སྨོན་ལམ་བཏབ་པ་ཡིན་གསུངས།། །།༄༅། ཡང་གསང་འདུས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོའི་དབུ་ནས། ༈ དེའི་བླ་མེད་ཀྱི་ཚུལ་སོགས་རྒྱས་པར་སྔགས་རིམ་ཆེན་མོ་སོགས་སུ་གསུངས་པས་དེ་དག་ལ་བལྟོས་དགོས་པར་གསུངས་པ་ཡིན། བཅོམ་ལྡན་འདས་ཀྱི་ཆོས་ཕུང་དང། མདོ་སྔགས་ཐམས་ཅད་ཀྱི་མཐར་གཏུགས་ས་འདུས་པ་ [019B] འདུས་པའི་རྩ་རྒྱུད་ཀྱི་དོན་བྱང་སེམས་ས་བཅུ་པ་པ་ཕྱག་ན་རྡོ་རྗེ་ལྟ་བུས་ཀྱང་དགོངས་པ་བཀྲལ་མ་ནུས་པར། རྡོ་རྗེ་འཆང་རང་ཉིད་ཀྱིས་བཤད་རྒྱུད་རྡོ་རྗེ་ཕྲེང་བ་དང། ལྷ་མོ་བཞིས་ཞུས། ལྷའི་དབང་པོས་ཞུས་པ་ དགོངས་པ་ལུང་སྟོན། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་སྟེ་ལྔ་གསུངས་ནས་བཀྲལ་བར་མཛད། འདུས་པའི་དོན་བསྒོམ་པར་མ་ནུས་ཀྱང་ཚིག་ཙམ་བཏོན་པའང་རྡོ་རྗེ་འཆང་དང་འདྲ་པར་རྒྱུད་ཕྱི་མ་སོགས་ལས་གསུངས། བ་དུས་གསུམ་ གྱི་སོགས་ཀྱི་དོན། འདུས་པའི་ལམ་སྟོན་བའི་སློང་དཔོན་ལ་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཕྱག་མཆོད་ཀྱི་འོས་དང། ཕ་མ་སོགས་སུ་གསུངས་པ་སངས་རྒྱས་རང་གིས་སློབ་ལམ་གྱི་སྐབས་བསྟེན་པའི་འདུས་པའི་ལམ་སྟོན་ཚད་ཀྱི་དབང་དུ་ མཛད། བསྟན་པའི་རྩ་བ་སོ་ཐར། མདོ་ཕྱོགས་ཀྱི་བསྟན་པའི་སྙིང་པོ་སྟོང་ཉིད་དང། སྔགས་ལ་གསང་འདུས་འདི་ཡིན་པས་འདི་ཡོད་མེད་ཀྱི་དབང་གིས་གསང་སྔགས་ཀྱི་བསྟན་པ་ཡོད་མེད་དེ་ལྟར་འགྱུར་བ། བསྟན་དང་བཤད་པ་རྣམ་གནས་ ན༑ །ཞིས་པ་ལྟར་ཡིན། སྔགས་ཀྱི་བསྐྱེད་རྫོགས་ཐམས་ཅད་ནས་སྒྱུ་འོད་དང་རགས་པ་ཉེར་ལྔའི་ཐིམ་རིམ་སོགས་འདུས་པ་འདིར་ལོངས་རྫོགས་གསུངས་པ་ལྟ་བུ་རྒྱུད་སྡེ་གཞན་ཐམས་ཅད་ལ་མེད། བ་སྤྱིར་རྒྱུད་སྡེ་གང་ཡང་རྒྱུད་སྡེ་རང་ རང་གི་ཁྱད་ཆོས་བརྗོད་པ་དང་གཏན་མི་འདྲ། འདུས་པ་འདིའི་ཆེད་བརྗོད་གསུངས་པ་ལྟ་བུ་རྒྱུད་སྡེ་གཞན་ལ་གསུངས་པ་མེད། ཁ་ཅིག། བདེ་ཀྱི་སོགས་མ་རྒྱུད་དང། འཇིགས་བྱེད་སོགས་ཕ་རྒྱུད་གཞན་དུའང་བདེ་ཆེན་བསྒྲུབ་པ་ [020A]༄༅། །སོགས་ཡོད་པས་འདུས་པ་དགོས་པའི་ངེས་བ་མེད་སྙམ་ན། ཚེ་བརྗེས་ནས་སམ། ལུས་སྤངས་ནས་སངས་རྒྱས་པ་ཡིན་པར་འདོད་ན་ཚེ་འདི་ལ་འཚང་རྒྱ་བ་མི་འཐད། ཚེ་འདིར་འཚང་རྒྱ་བ་ལ་ཟུང་འཇུག་ ཐོབ་དགོས། དེ་འདུས་པའི་ལམ་ལ་མ་བརྟེན་པར་འོང་ཐབས་མེད་དེ། ཟུང་འཇུག་གི་དག་པའི་སྒྱུ་ལུས་འགྲུབ་པ་ལ་དེའི་རིགས་འདྲ་ལམ་གྱི་སྐབས་མ་དག་པའི་སྒྱུ་ལུས་བསྒྲུབ་དགོས། ་སེམས་བདེ་གསལ་མི་རྟོག་པ་ཙམ་གྱིས་སངས་ རྒྱས་ཀྱི་ཡེ་ཤེས་ཆོས་སྐུ་འགྲུབ་པ་མི་སྲིད། གཟུགས་སྐུ་ཡང་རྒྱུ་མེད་པར་མི་འགྲུབ་སྟེ། གཟུགས་སྐུའི་རྒྱུ་སངས་རྒྱས་ཀྱི་མཚན་དཔེ་རེ་རེ་ཡང་བསོད་ནམས་ཀྱི་ཚོགས་ཤིན་ཏུ་མང་བས་སྒྲུབ་དགོས་པས་ཆོས་སྐུའི་རྒྱུ་ལས་ཀྱང་གཟུགས་སྐུའི་རྒྱུ་ བསྒྲུབ་དཀའ། ཟུང་འཇུག་པ་ཡང་སེམས་སངས་རྒྱས་ལ་ལུས་ཐ་མལ་པ་དེ་འདྲ་མི་འབྱུང། སྒྱུ་ལུས་འདིས་སངས་རྒྱས་ཀྱི་ཟུང་འཇུག་གི་སྐུ་ཐོབ། བ་གོ་ཡུལ་དུ་མ་ལུས་བཞེས། ཆོས་ཤེས་ལོ་ཐོས་ལོ་གོ་ལོ་ཇི་ཙམ་ཡོད་ཀྱང་མྱོང་བ་མ་སྐྱེས་ན་རང་ རྒྱུད་ཐ་མལ་པར་ལུས། རྐྱེན་ངན་ཅུང་ཟད་རེ་ཡང་མི་ཐེག་པ་དེ་འབྱུང། གསང་སྔགས་པ་ལ་བྱང་སེམས་མེད་ནའང་ཀྱེ་རྡོར་གྱི་རྣལ་འབྱོར་པ་རྒྱུན་ཞུགས་ཐོབ་པ་དང་འདྲ། མ་སྐྱེད་ཅེས་པ་མ་སྐྱེས་ཡིན་འདྲ། ལམ་དེ་བྱང་ཆུབ་ཆེན་པོའི་ལམ་དུ་ཞེས་པའི་ལམ་ནི། སྔགས་ ཀྱི་རྩ་རླུང་ཐིག་ལེ་སོགས་དང། དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ། སྟོང་ཉིད་རྣམས་ལ་གསུངས་པ་ཡིན། རྟོགས་པ་ཐོབ་པ་ལ་མི་རྟག་བ་ཚུན་ཆད་བསྒོམ་སྟེ་སྐྱེ་བ་ལས། རང་གིས་མ་བསྒོམ་པ་ལ་སྐྱེ་ཐབས་མེད། ན་སྔགས་ཀྱི་རྟོགས་པ་ཚད་ལྡན་ [020B] ན་སངས་རྒྱས་ཀྱི་ཐེག་པ་ནི་ཕར་ཐེག་དང། དེའི་ཐེག་པའི་ངོ་བོ་བསམ་པ་བྱང་སེམས་དང། སྤྱོད་པ་ཕྱིན་དྲུག་ལ་བསླབས་ཉིས་ཡིན། དབང་ཡང་དབང་ཆེན་ལས་ བསྡུས་ཙམ་དང། བྱིན་རླབས་ལས་རྒྱས་ཙམ་དེ་འདྲས་དབང་ཆེན་གྱི་གོ་མི་ཆོད། དབང་བརྡ་དང་དམིགས་པ་སོགས་ལེགས་པར་མ་བྱས་པར་དབང་གྲལ་དུ་བསྡད་པ་ཙམ་གྱིས་ནི་དབང་གི་གོ་མི་ཆོད་པའི་སྟེང་དུ་གསང་སྔགས་ཀྱི་བསྟན་པར་ གནོད་ཚབས་ཆེ་བ་ཡིན། བ་དངོས་གྲུབ་ཐོབ་ཀྱང་ཞེས་པའི་དངོས་གྲུབ། དབང་མ་ཐོབ་ཀྱང་ཡི་དམ་བསྙེན་པས་སད་སེར་བསྲུང་བ། ནད་གདོན་ཞི་བ་སོགས་ཐུན་མོང་པ་ཕྲ་མོ་ཙམ་ལ་བྱ། ན་དཀྱིལ་འཁོར་ཡང་ཕྱི་རས་བྲིས་དང་རྡུལ་ཚོན་གང་རུང་ལ་ བརྟེན་པ་ངེས་པར་དགོས། ན་ཡོངས་སུ་མ་སྨིན་སོགས་བཀའ་བརྒྱུད་སྔ་མ་སོགས་ཀྱིས་དབང་གོང་མ་གསུམ་ཙམ་བསྐུར་བ་དང། དབང་མ་ཐོབ་པ་ལ་བྱིན་རླབས་སོགས་གནང་བའེའ། དེ་མི་རུང་སྟེ། རྗེ་མིད་ལས་ཀྱང་རྡོ་རྗེ་ཕག་མོའི་བྱིན་རླབས་རེ་གཞན་ལ་ གནང་བ་ཡང་སྔོན་དུ་དབང་ཐོབ་བ་མ་གསུང། མ་ཐོབ་པ་ལ་བ་རི་ལོ་ཙཱ་བ་ལས་དབང་ཞུས་ཤིག་ཅེས་པ་སོགས་ངེས་ཅན་དུ་མཛད་པ་ཡིན། བ་བཀའ་བརྒྱུད་རྗེས་མ་འགའ་རེས་བསྐྱེད་རིམ་མཆོག་གི་དངོས་གྲུབ་ཀྱི་རྒྱུར་མི་འགྱུར་བར་འདོད་པའི་དགག་པ་ བ་དེ་བས་ན་མཆོག་གི་དངོས་གྲུབ་སོགས་ནས། རྟག་པ་ཉིད་ཀྱིས་ཞེས་པ་བསྐྱེད་རིམ་རྟག་པའི་རྣལ་འབྱོར་ཡིན་པས་བསྐྱེད་རིམ་ལ་བྱ། ན་སྤྲོས་པ་བསྒོམ། །ཞེས་པ་བསྐྱེད་རིམ་དང། སྤྲོས་མེད་བྱ། །ཞེས་པ་རྫོགས་རིམ། ན་བློ་བཟང་རྣམས་ནི་བློ་གྲོས་ [021A]༄༅། །བཟང་པོའི་སློབ་མ་ཡིན། བ་འཕགས་པའི་དགོངས་པ། སྔོན་དུ་མ་མཐའ་འང་ངེས་པར་བསྐྱེད་རིམ་རགས་པ་ལ་བརྟན་པ་ཐོབ་པར་བྱས་ཏེ་དེ་ནས་རྫོགས་རིམ་ལ་ཞུགས་པ་ཉིད་ཡིན། ལོབས་པ་ནི་ཤེས་པ་དང་རྒྱུད་ ལ་སྐྱེས་པ་ལ་བྱ། དྲན་པ་གཅིག་པའི་ཏིང་ངེ་འཛིན་ཞེས་བསྐྱེད་རིམ་ཕྲ་མོ་སྟེ་ཐུན་མོང་བའི་ལམ་སྦྱངས་ཟིན་ནས་བསྐྱེད་རིམ་ལ་བསླབ་པ། བ་རྟོག་པའི་རྣལ་འབྱོར་བསྐྱེད་རིམ་རགས་པ་ཡིན། ལས་དང་པོ་པ་ནི། མདོ་སྔགས་དང་བསྐྱེད་རྫོགས་ཐམས་ ཅད་ནས་ལྟོས་ས་ལྟོས་འཇོག་གིས་བྱེད། བ་དབྱངས་གསལ་གྱི་རྩ་བ་ལྟ་བུ་རྡོར་བཟླས་སོགས་ངག་དབེན་ལ་ཞུགས། བ་བླ་མ་སྔ་མ་ཁ་ཅིག་གིས། དེས་ནི་རྟོགས་པ་མི་སྐྱེ་ཡང་བག་ཆགས་འཇོག་བྱེད་ཡིན་གསུངས་ཀྱང། བསྐྱེད་རིམ་སྐབས་ ཐམས་ཅད་སྟོང་པར་སྦྱངས་པ་ལས། རྟེན་བརྟེན་པ་བསྒོམ་པ་རྣམས་མེད་ན། རྫོགས་རིམ་སྐབས་རླུང་ཐིམ་ཞིང་འོད་གསལ་འཆར་བ་དང། ལྷ་སྐུར་ཤར་བ་རྣམས་གཏན་མི་འབྱུང་བ་ཡིན། བ་བསྐྱེད་རིམ་བསྙེན་སྒྲུབ་ཡན་ལག་བཞི་ བསྐྱེད་བསྐྱེད་རིམ་རྒྱས་པ་དང། རྡོ་རྗེ་བཞིས་བསྐྱེད་བསྡུས་པ་ཡིན། འདུས་པའི་བསྙེན་པར་ཐུན་དང་པོ་ནི་ཡན་ལག་བཞི་བསྐྱེད་རྒྱས་པ་དང། ཐུན་རྗེས་མ་གསུམ་རྡོ་རྗེ་བཞིས་བསྐྱེད་ཡིན་པས་དེ་ལ་གཙོ་རྐྱང་ལུས་དཀྱིལ་དང་བཅས་པ་ ཡོད་ཅིང། དཀྱིལ་འཁོར་རྒྱལ་མཆོག་མེད་པས་འཁོར་རྣམས་ཀྱང་མི་དགོས། ན་རྗེ་མར་བ་རང་གི་མཛད་པའི་རིམ་ལྔའི་རྩ་ཚིག་ཅེས་པ་ནཱ་རོབ་རང་གིས་ཞེས་ཡིན་པས། མར་པ་ཞེས་པ་ཡི་གེ་ནོར་འདྲ། བ་བསྐྱེད་རིམ་ལ་སྒྲ་ཇི་ [021B] རྫོགས་རིམ་སྐབས་དགོངས་པ་ཅན་དུ་མཛད་པས་འདིའི་ཕུང་པོ་དགོན་པ་ཆེན་པོ་སོགས་ཀྱང་བསྐྱེད་རིམ་ལ་མི་དགོས། ན་ཆོ་ག་གསུམ་བསྐྱེད་ནི་ས་བོན་ལས་ཕྱག་མཚན་དང། འདེ་ལས་སྐུ་རྫོགས་པར་བསྐྱེད་བ་ཡིན་ ན་འདུས་པ་འདིར་ཁ་ཤར་དུ་བལྟ་དགོས་པ་ཉི་ཟླ་སྐར་མ་རྣམས་ཤར་ནས་འཆར་བ་བཞིན་རང་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་འཆར་བའི་རྟེན་འབྲེལ་གྱིས་ཤར་དུ་ཕྱོགས་པ། བ་ཧཱུཾ་གིས་མ་དག་བ་སྦྱངས། ཨཱས་བདུད་རྩིར་རྟོགས། ཨོཾ་གྱིས་མང་བོར་ སྤེལ་བ་སྟེ་བྱིན་རླབས་བྱ་བ་ཐམས་ཅད་འབྲུ་གསུམ་གྱིས་བྱེད། མཆོད་པ་ཐམས་ཅད་བདེ་སྟོང་རྒྱུད་ལ་སྐྱེ་ཕྱིར་ཡིན། བ་སངས་རྒྱས་ཀུན་གྱི་སྐུ་གཅིག་པོ། །ཞེས་པ་རིགས་བརྒྱ་རིགས་ལྔ་རིགས་གསུམ་རྣམས་གང་ཆེན་རིགས་གཅིག་གི་ངོ་བོར་ འདུས་པའི་དོན། བ་འཇམ་མགོན་བླ་མའི་མན་ངག་ལ་སྔོན་འགྲོའི་མཆོད་གཏོར་རྣམས་ཐ་མལ་གྱི་སྣང་ཞེན་གྱིས་འབུལ་མི་རུང་བར། སྔོན་དུ་སྐད་ཅིག་ཀྲོང་བསྐྱེད་དགོས་པ་ཁུང་དང་བཅས་གསུངས་པ་རེད། ན་ཡི་རང་གི་རྗེས་སུ་ བསྔོ་བ་འབྱུང་བ་ནི། ཡི་རང་གིས་དགེ་རྩ་རླབས་ཆེན་བྱུང་བ་དེས་མཚོན་པའི་དུས་གསུམ་གྱི་དགེ་རྩ་རྣམས་བསྔོས་པ་ཡིན། ན་རང་དུས་ན་ངེས་པར་གྲའོ་ཞེས་པ་ཐེག་ཆེན་མཐོང་ལམ་བར་ཆད་མེད་ལམ་པ་ལྟ་བུར་མཉམ་གཞག་སྐབས་མ་ གཏོགས་རྗེས་ཐོབ་ཏུ་གཉིས་སྣང་འབྱུང་ཡང། འདིར་རྗེས་ཐོབ་ཏུ་ཡང་གཉིས་སྣང་མི་འབྱུང་བ། ་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་འདིར་བསྐྱེད་རིམ་སྤྱིའི་སྒོམ་ཚུལ་ཡང་ཤིན་ཏུ་ཟབ་གནད་བཀྲལ་པ་མང་བས་བདེ་འཇིགས་ཀྱི་བསྐྱེད་རིམ་པས་ [022A]༄༅། །ཀྱང་འདི་ངེས་པར་བལྟ་དགོས། ན་ཁྱད་པར་བསྐྱེད་རིམ་སོགས་ནི་བསྐྱེད་རིམ་གྱི་དཀའ་ས་ངེས་པ་སྟོང་ཉིད་ལ་དྲངས་པ་སོགས་དགོས་ཚུལ་གསལ་བར་གསུངས། ན་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཀ་བ་ལྟ་ བུ་བདེན་མེད་དུ་བསྒྲུབ་པ་ལ་རིགས་པའི་རྒྱབ་རྟེན་ཚད་མ་ཡོད་ཅིང། བདག་འཛིན་གྱིས་བདེན་གྲུབ་ཏུ་བཟུང་བ་ལ་དེ་མེད། བ་རིགས་པའི་དབང་ཕྱུག་གི་གཞུང་ནི་མདོ་མ་ཟད་སྔགས་ལའང་ཤིན་ཏུ་མཁོ་ལུགས་རྣམ་འགྲེལ་ལ་བསྔགས་ བརྗོད་མཛད་པ་རེད། ན་སྤྲོས་པ་བསྒོམ་ཞེས་པ་དཀྱིལ་འཁོར་གྱི་འཁོར་ལོ་དང། སྤྲོས་པ་རྨི་ལམ་ཞེས་དཀྱིལ་འཁོར་གྱི་འཁོར་ལོ་དེ་ཡང་རང་བཞིན་མེད་པའི་ངེས་པ་དྲངས་ཏེ། སྤྲོས་མེད་དུ་བྱ་ཞེས་སྟོང་པ་ཉིད་དུ་བསྒོམ་དགོས་པའི་ དོན༑ ན་དངོས་པོ་མེད་པས་སོགས་ཆག་གི་སྒྲས་ཟིན་ལྟར་ཡིག་དོན་གྱི་བཤད་པས་ནི་བྱ་བྱེད་ལས་གསུམ་ལ་སྦྱར་བའི་སྟོང་པ་དང། བ་བསྒོམ་པར་བྱ་བ་བསྒོམ་པ་མིན། །ཞེས་བས་ངོ་བོ་རྒྱུ་འབྲས་གསུམ་གྱི་སྟོང་པ་བསྟན། དེ་ལ་ཡིག་ དོན་དུ་བཤད་པ་ནི་སོགས་ལ། གོང་དུ། བླ་མ་རིན་པོ་ཆེའི་གསུང་བཤད་དུ་ངོ་བོ་རྒྱུ་འབྲས་གསུམ་ལ་སྦྱར་བའི་རྣམ་ཐར་སྒོ་གསུམ་ཡིག་དོན་དང། བྱ་བྱེད་ལས་གསུམ་ལ་སྦྱར་བའི་རྣམ་ཐར་སྒོ་གསུམ་སྤྱི་དོན་ཞེས་སྩལ་ཡང། དེ་ལྟར་གསུངས་ པ་གོང་འོག་ནོར་བ་འདྲ་སྟེ་ཞིབ་ཏུ་བརྟག་གསུང། ན་བསྐྱེད་རིམ་བསྒོམ་པ་ཐམས་ཅད་སྟོང་པའི་ངང་ལས་གཞལ་ཡས་ཁང་སོགས་གསུངས་པ་ལས། སྟོང་པ་བཞག་ནས་ཞེས་མ་གསུངས་པས། དཔེར་ན། གཉིད་ཀྱི་འོད་གསལ་གྱི་ [022B] དེར་མ་ཟད། བདེ་ཆེན་ཆོས་སྐུའི་ངང་ལས་རྟེན་བརྟེན་པ་རྣམས་བསྒོམ་པར་གསུངས་པས། ཆོས་སྐུའི་ལམ་འཁྱེར་ལས་བདེ་སྟོང་གི་ཡེ་ཤེས་དེ་ཉིད་གཞལ་ཡས་ཁང་དང་དཀྱིལ་འཁོར་ཀྱི་འཁོར་ལོར་བཞེངས་ བའང་དེས་ཡིན། ན་སྟོང་ཉིད་ལས་ལངས་པའི་རྗེས་སུ་ནི་ཐུན་མིན་ཁྲོ་བཅུའི་སྲུང་འཁོར་མི་དགོས་ཀྱང། ཐུན་མོང་བའི་སྲུང་འཁོར་རྡོ་རྭ། མེ་རི་བཅས་བསྒོམ་པ་ངེས་པར་དགོས། བ་སློབ་དཔོན་ཨ་བྷྱའི་ཕྲེང་བ་ནི་ཡི་དམ་གྱིས་གནང་སྟེ་དབང་ཆོག་ མཛད་པས་སྐབས་ཐམས་ཅད་དུ་གཞིར་གཟུང་དགོས། བ་དོ་ནི་གཉིས་ཀྱི་མིང་སྟེ་གཡས་གཡོན་མཉམ་པ་དང། ཤལ་ནི་ནར་འཕྱང་ངོ། །ན་གཞི་ཡི་འོད་གསལ་འདི་སྒྲུབ་ཁང་གོང་མས་སྟོང་ཉིད་ཡིན་པར་གསུངས་ཤིང། ཅོ་ནེ་རིན་པོ་ཆེས་ བར་གྱི་སྟོང་སངས་ཞིག་ཤར་བ་ཡིན་པར་གསུངས། འདི་སྟོང་ཉིད་མིན་ན་འོད་གསལ་མ་བུ་འདྲེས་སྐབས་ཀུན་རྫོབ་དང་དོན་དམ་བདེན་པ་གཉིས་འདྲེས་ལུགས་མེད་ཅིང་འཆི་བ་འོད་གསལ་འོད་གསལ་འདི་སྟོང་ཉིད་ཡིན་ན་ནི་སེམས་ཅན་ལ་སྟོང་ཉིད་རྟོགས་མྱོང་གིས་ ཁྱབ་སྐྱོན་འབྱུང། རྗེའི་རྡོ་རྗེ་བཟླས་པའི་ཟིན་བྲིས་སུ་གཞིའི་འོད་གསལ་སྐོར་མང་དུ་གསུངས་པས་དོན་གཉེར་ཅན་གྱིས་དེར་གཟིགས་དགོས། ན་མདོར་བྱས་ལུང། སྔགས་དང་པདྨ་གཉིས་ཀ་དག། ཅེས་པ་དགའ་ལྡན་སྤར་རྙིང་དང། གཙང་སྤར། ཞོལ་སྦར་ བཅས་སུ། གཉིས་ཀ་དག་ཅེས་སྣང་ཡང། འོག་ཏུ་འགྲེལ་པ་འཆད་སྐབས། ཉི་མ་དག། ཅེས་སྣང་ཞིང། གཞན་མདོར་བྱས་རྩ་བ་བསྐྱེད་རིམ་དུ་དྲངས་པ་ཚང་མར། ཉི་མ་དག། ཅེས་སྣང་བས། གཉིས་ཀ་དག། ཅེས་གསུངས་པ་ཡི་གེ་མ་དག་ [023A]༄༅། །གམ་བརྟག། ཡང་གོང་གི་བླ་མ་རིན་པོ་ཆེའི་གསུང་བཤད་སྐབས། རང་བཞིན་གྱིས་གྲུབ་པའི་ལུས་ཞེས་པ་བདེན་གྲུབ་ལ་རང་བཞིན་ཞེས་པ་དེ་མིན་ཞེས་སོགས་ནི། བསྐྱེད་རིམ་གཞུང་དུ། བ་འགྲོ་བ་ཐམས་ ཅད་ཀྱི་ལུས་གདོད་མ་ནས་དཀྱིལ་འཁོར་དུ་ཡོད་པ་སོགས་ལས་འཕྲོས་པ་འདྲ་སྟེ། དེའི་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་ཞེས་པ་བདེན་གྲུབ་ལ་ཟེར་བ་མིན། མ་བཅོས་རང་འབྱུང་ལ་ཟེར། དེ་ཡང་སྒྲུབ་གཞི་ལ་བྱ་ཡི། དཀྱིལ་འཁོར་དངོས་མིན་ ནོ༑ ༑ན་ཐད་དུ་དམར་ཁྲིད་སྦྱར་གསུང། ན་སྐོར་ནས༑ ལུས་དཀྱིལ་ཡང་སྒྲུབ་གཞི་ལུས་ཀྱི་ཆ་ཤས་ལས་བསྒྲུབས་པ་ལ་ལུས་དཀྱིལ་ཞེས་བྱ་བས། ཕུང་པོ་ལྔ་དེ་བཞིན་གཤེགས་པ་རིགས་ལྔའི་སྒྲུབ་གཞི་ཡིན། བ་ལུས་ཀྱིས་སོགས་ འབྱུང་བཞིའི་ཆ་རྣམས་ཡུམ་བཞིའི་སྒྲུབ་གཞིར་བྱེད་པ་ལས། ས་རླུང་དང་ཆུ་རླུང་རྣམས་སྒྲུབ་གཞི་བྱེད་པ་ནི་གཏན་མི་འཐད་དེ། འདི་ཡང་ས་རླུང་དང་ས་ཁམས་མ་ཕྱེད་པའི་སྐྱོན་རེད། བ་ས་རླུང་ཡང་ཞིང་གཡོ་བ་ཡིན་པས་འདིར་སྲ་བ་ཉིད་ དང་ཞེས་པ་འདིས་ས་ཁམས་སོགས་ཡིན་དགོས་པ་ཤིན་ཏུ་གསལ། ཡང་གྲངས། ནབ་སྐོར་དུ་དམར་ཁྲིད་སྦྱར་གསུང། ན་དོན་གྲུབ་ཀྱི་རིགས་ཀྱི་སྒྲོལ་མ་ཡིན་པའི་ཕྱིར། ཞེས་པའི་མཚམས་སུ། གཞན་ཡང་རླུང་ཁམས་རྣམ་དག་ཡིན་ པས་ཀྱང་ལྗང་ཁུར་བྱེད་ཚུལ་ཡོད་གསུང་ངོ།། །།༄༅། བླ་མ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་ཏུ་གསོལ། །འདིར་རིམ་ལྔ་གསལ་སྒྲོན་གྱི་གསུང་བཤད་རིམ་བཞིན་འགོད་པ་ལ། ༈ [023B] འདི་དག་ན་རྗེ་བཙུན་འཇམ་དབྱངས་ཀྱིས་ཡང་དང་ཡང་དུ་གསུང་རབ་ཀྱི་གནད་གསུངས་པ་ཅུང་ཟད་ཞལ་གྱིས་བཞེས་ཡོད། ༈ མཁས་གྲུབ་ཀྱི་ སྐུ་སྐྱེ་སྔ་མ་ཡིན་ཡང་མཁས་གྲུབ་ནི་རྗེ་རིན་པོ་ཆེའི་ཞབས་ལ་གཏུགས་པས། རྒྱལ་པ་ཙོང་ཁ་པས་དབང་པོའི་ཏོག་གི་སྤྱན་སྔར་ཐུགས་བསྐྱེད་པ་ལྟར་གསང་སྔགས་བསྟན་པས་མཁས་གྲུབ་ཀྱི་སྐུ་སྔ་མའི་མི་མཐུན་པ་རྣམས་ཀྱང་མེད་པར་གྱུར་ཏོ། ། རྒྱལ་ཚབ་ལྟ་བུ་རྒྱ་གར་ཁ་སྤུ་ཅན་གྱི་པཎྜི་ཏར་ཅོ་འདྲི་པ་ཡང་རྗེའི་ཞབས་ལ་གཏུགས་ནས་ཤིན་ཏུ་དུལ་བར་བྱས་སོ། ། ༈ འདུ་ཤེས་དྲུག་ཀྱང་དེ་སྤོང་ཕྱིར་ཡིན་གསུངས། ༈ ལ་འཇོག་པ་ཙམ་ཡང་འགངས་ཆེ། ༈ གསལ་སྒྲོན་དབུས་སྤར་གྲངས། བ་ནས་ཚུགས། ཐབས་ཤེས་གཉིས་མེད་དང་རེ་རེ་པ་སོགས་ཀྱི་ཕྱོགས་སྔ་འདི་རྣམས་སྔོན་གྱི་ཆག་ལོ་དང། བུ་སྟོན་སོགས་མཁས་པ་ཆེན་པོ་ཤ་སྟག་ཡིན་ ༈ བརྗོད་བྱའི་གཙོ་བོར་བྱས་ན་རྩལ་དུ་བཏོན་པས་མ་ཁྱབ། རྩལ་དུ་བཏོན་ཞེས་པ་ནུས་པ་ཐུན་མོང་མ་ཡིན་པ་བཏོན་ནས་འཆད་པ་མིན་ནམ་སྙམ། ན་རྩལ་དང་ ནུས་པ་དང། མཐུ་རྣམས་ལ་སྐད་དོད་ཐུན་མོང་བ་ཡོད། ༈ ༈ འཕགས་པ་ཡབ་སྲས་ཚང་མའི་གསུང་ [024A]༄༅། །དང་འགལ། དེས་མི་ཚད་ལེགས་ལྡན་འབྱེད་ཀྱི་གསུང་དང་ཡང་འགལ། ༈ བ་ཡིན། སྟོང་པ་ཡང་བྱེ་མདོ་ལ་ཡང་སྟོང་པ་ཡོད་ཀྱང་རྗེ་ཕྲ་ཇེ་ཕྲར་སོང་ནས་ཐལ་འགྱུར་བའི་སྟོང་པ་ཡིན་གསུངས། ༈ དེ་ལྟར་མི་བཏོན་པ་མ་རྒྱུད་ཅེས་གསུངས་པ་ལུང་དང་མི་འགལ་ བས་ཡིན། འོན་ཀྱང་མཁས་གྲུབ་རིན་པོ་ཆེ་འཇོག་ལུགས་དེ་ཤིན་ཏུ་ཟབ། ༈ འདི་མ་ཤེས་ན་ཕ་རྒྱུད་མ་རྒྱུད་ཀྱི་བརྗོད་བྱའི་གཙོ་བོ་མ་ཤེས་པས་འཆད་ མི་ཤེས། ༈ འདུས་པའི་རྩ་རྒྱུད་དེའི་ཕྱི་མར་འཇོག་པ་འདི་ཙམ་མིན། འོན་ཀྱང་བརྗོད་བྱ་སྤྱི་དོན་ཡིག་དོན་དགོངས་བཤད་གསུམ་མཐུན་པར་འདིར་བསྟན་ནས་བཀྲལ་བས་དེ་བཞག་པ་ཡིན། ཞེས་བླ་མས་གསུངས་ གསུངས། ༈ གཞན་གཉིས་རྗེས་འབྲངས་རྣལ་འབྱོར་རྒྱུད་དུ་བཀྲལ། ༈ ༈ པ་ཞེས་པ་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་འདུས་པ། དེ་ཡང་སྐུའི་གསང་བ་སྒྱུ་ལུས་ཀྱི་སྟེང་ནས། ཐུགས་ཀྱི་གསང་བ་འོད་གསལ་གྱི་སྟེང་ནས། འདུས་པ་ཟུང་འཇུག་གི་སྟེང་ནས་བཤད་དགོས། ༈ [024B] བུ་སྟོན་ཤིན་ཏུ་གཟིགས་རྒྱ་ཆེ། ཐག་མི་ཆོད། སྔ་མའི་གསུང་རྒྱུན་དུ་མཐོང་མ་མཐོང་བུ་ལ་དྲིས། ཐག་ཆོད་མཆོད་རྗེ་ལ་དྲིས་ཞེས་ཟེར་བ་རེད་གསུངས། ༈ ཕྱོགས་རགས་སུ་རགས་སུ་སོང། སྙིགས་མ་ཞེས་པ་རགས་པ་ཡིན། ༈ ༈ ལུང་གི་བསྟན་པ་བཟུང་བ་ཡིན། རྒྱུད་འདོན་པ་འགའ་ཞིག་ཤི་བའི་སྐབས་ མཁའ་འགྲོ་མ་རྣམས་ཀྱིས་རོ་བཟུང་བ་ཡོད། རོ་བཟུང་བས་མི་ཚད་རྣམ་ཤེས་འཁྱེར་འགྲོ་གི་རེད་མོད། དེས་ན་ངན་སོང་དུ་མི་ལྟུང། འགའ་ཞིག་ཐུགས་དམ་བཞུགས་པ་ཡང་ཡོད་གསུངས། ༈ ཚང་མ་འདིར་འདུས། འགའ་ཞིག་གཙོ་བོ། འགའ་ཞིག་དོད་ཐུབ་ཀྱི་སྒོ་ནས་འདུས། ༈ སྙིང་པོ་སྐོར་གསུམ་དང། དོ་ཧ་འདི་རྣམས་ལ་འགྲེལ་མཛད་ཡོད། རྩད་བཅད་ཀྱང་ མ་རྙེད་གསུངས། ༈ དེ་ལ་བཤད་སྲོལ་མི་འདྲ་བ་ཡོད། གསང་འདུས་འཇིག་རྟེན་དབང་ཕྱུག་ནི་ལྷ་ བླ་མའི་ངོར་ཇོ་བོས་འཇམ་རྡོར་གྱི་གཙོ་བོ་འཕོ་བའི་རིགས་པ་སྦྱར་ནས་འཇིག་རྟེན་དབང་ཕྱུག་གཙོ་བོར་མཛད་ནས་གནང། ༈ འཇམ་བཞད་བསྐྱེད་རིམ་ཚིགས་བཅད་ལས་གསུམ་དུས་མཉམ་ [025A]༄༅། །སྐྱེས་པར་གསུངས་ཀྱང་འདི་ལེགས་གསུངས། ༈ ༈ བ་བྱང་ཆུབ་ སེམས་ནི་ལེགས་བསྟེན་ཏེ། །ཞེས་པ་ལས་འཕྲོས། སོ་ཐར་རང་གཞུང་དུ་ངེས་འབྱུང་ལས་སྐྱེ་མི་དགོས་ཀྱང་སེམས་བསྐྱེད་དགོས་པ་འདི་དག་གིས་ཡིན་པ་རེད། ༈ ཉིན་མཚན་ཀུན་ཏུ་ཐར་པ་བྱུང་ན་དེ་ཚེ་ཞེས་པ་ཉིན་མཚན་ཀུན་ཏུ་ རྫོགས་བྱང་ཞེས་དང། ཉིན་མཚན་ཀུན་ཏུ་ཟུང་འཇུག་ཐོབ་འདོད་བློ། །བྱུང་ན་ཞེས་འདོན་པ་བསྒྱུར་ཆོག། ༈ བྱམས་ཆོས་སོགས་ན་ཤིན་ཏུ་རྒྱས་པར་གསུངས་པ་སྦྱིན་པ་སོགས་རེ་རེ་ལ་ཡང་རྒྱ་ཆེར་བཤད་པས་རྒྱ་ ཆེན༑ བདག་གཞན་མཉམ་བརྗེ་སོགས་སེམས་བསྐྱེད་ཚུལ་སྟོབས་ཆེ་བས་རླབས་ཆེན། ༈ བ་དབང་བའི་སྔགས་ལ་འཇུག་ཅེས་པ་འདིར་བསྟན་གསུངས། ༈ སྐྱེ་སྔོན་མ་ཆས་ཁྲི་་ཆོག་ཡིན་པས་ཐུན་མོང་ལམ་སྦྱང་ཤིན་ཏུ་སོང་བ་ཡིན། ཆག་ཁྲིའི་རྣམ་ཐར་ཡང་གསུངས། ༈ ༈ མཐའ་དྲུག་ཚུལ་བཞི་དྲང་ངེས་རྣམས་ཀྱི་བཤད་པ་འཇུག། འོན་ཀྱང་འདི་སྐད་ ཅེས་པའི་ཚིག་ཡིན་ན་མཐའ་དྲུག་ཚུལ་བཞིའི་བཤད་པ་འཇུག་པས་མ་ཁྱབ། ཕ་ཐེག་མདོའི་འགོའི་འདི་སྐད་ཅེས་སོགས་ཆོས་ཅན། ༈ །ཞེས་པའི་སྐབས་རྒྱལ་པོའི་དམ་ཁ་དཔེར་མཛད་ནས་འདིར་ཆོས་ཐམས་ཅད་ལ་ [025B] ཆོས་ཐམས་ཅད་སངས་རྒྱས་པའི་ཐབས་སུ་མ་གསུངས་པ་མེད། མདོར་སྟོང་ཉིད་གསུངས་ཀྱང་ཡུལ་ཅན་སྦས་པ་དེ་སྔགས་སུ་གསུངས། ༈ ཡུལ་ཅན་གྱི་རྣམ་ཐར་སྒོ་གསུམ་གཉིས་ ཡུལ་སོ་སོར་རྟོག་པའི་བློ་དེ་ཡིན། དེ་ཡང་བྱེ་བྲག་སྨྲ་བས་མི་རྟག་ལ་སོགས་བཅུ་དྲུག་གི་སྟེང་ནས་རྣམ་ཐར་སྒོ་གསུམ། སེམས་ཙམ་པས་མཚན་ཉིད་གསུམ་གྱི་སྒོ་ནས། རང་རྒྱུད་པས་མི་རྟག་སོགས་བཅུ་དྲུག་གི་སྒོ་ནས་འཇོག་ཀྱང་བྱེ་སྨྲ་དང་མི་འདྲ། ཐལ་ འགྱུར་བས་དེ་ལས་ཀྱང་ཕྲ་བར་འཇོག་བདེ་བ་ཡང་གོང་དུ་ཁྱད་ཞུགས་པ་སྔར་བཞིན་གསུངས། བྱང་ཆུབ་སེམས་འགྲེལ་ལས་གསུངས་ཡོད། དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་ལུགས་ཀྱང་དེ་འདྲ་གསུངས། ༈ ཀྱིས་སྟོང་པར་རྟོགས་པས་འཁོར་བ་ལས་གྲོལ་བར་ཁས་ལེན། ཐལ་འགྱུར་བས་བདེན་མེད་མ་རྟོགས་ན་མི་ནུས་པར་བཤད། ༈ ༈ སྔགས་སྐབས་ཐབས་བདེ་བ་ཆེན་ པོས་ཟིན་དགོས། སྙིང་རྗེའི་སྐད་དོད་ཀྱི་སྟེང་ནས་སྙིང་རྗེ་དང། སྔགས་ལ་བདེ་བ་ལ་བྱེད། ༈ ༈ འཛིན་པ་ཤེས་པ་ བདེན་གྲུབ་ཏུ་འདོད་པས་ཡིན། ༈ ན་དངོས་པོ་ཐམས་ཅད་ཅེས་པ་འདི་ཚིགས་བཅད་འདིའི་འགྲེལ་པ་ཡིན། ཕྱི་རོལ་བས་བདག་རྟག་དངོས་གཉིས་ཀར་འདོད། དོན་སྨྲས་གཟུང་འཛིན་རྫས་ཐ་དད་བདེན་གྲུབ་ཏུ་འདོད། སེམས་ [026A]༄༅། །ཙམ་པས་གཟུང་འཛིན་རྫས་གཅིག་ཡིན་ཡང་བདེན་པར་གྲུབ་པར་འདོད། ༈ ༈ གྲངས། ན་ནས་ཚུགས་ གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད། ཐལ་འགྱུར་བས་དེ་བདག་མེད་རགས་པ་ལས་ཕྲ་མོར་མི་འདོད། ཐལ་འགྱུར་བས་བདག་མེད་གཉིས་སྟོང་ལུགས་ཀྱི་སྒོ་ནས་མི་འཇོག་པར་སྟོང་གཞིའི་སྒོ་ནས་འཇོག་ རང་རྒྱུད་མན་གྱི་ལྷན་སྐྱེས་རྣམས་ཐལ་འགྱུར་བས་ཀུན་བརྟགས་སུ་འདོད། གཟུགས་ཀྱི་ངོ་བོ་རང་གི་ཞེན་གཞིར་རང་མཆན་དུ་གྲུབ་པ། སྐྱེ་བ་རང་གི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་མེད། གཟུགས་སོགས་རང་འཛིན་རྟོགས་པའི་ཞེན་གཞི་ཡང་ཡིན་ རང་མཚན་ཀྱང་ཡིན་ཡང་ཞེན་གཞིར་རང་མཚན་དུ་མ་གྲུབ། དེ་གྲུབ་ན་བདེན་པར་གྲུབ་དགོས། དེས་སྟོང་པ་སེམས་ཙམ་པའི་སྟོང་ཉིད། ཞེན་གཞིར་གྲུབ་ན་དངོས་དབང་དུ་གྲུབ་དགོས། ཕྱི་རོལ་པས་བདག་རྟག་གཅིག་རང་དབང་ཅན་དུ་འདོད་པ་ཀུན་བརྟགས་ རང་རྒྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་འཛིན་པ་ལྷན་སྐྱེས། ནང་པའི་གྲུབ་མཐའ་ཚང་མར་གང་ཟག་བཏགས་ཡོད་ལས་རྫས་ཡོད་ཀྱིས་སྟོངས་པ་ཡིན། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་གྱི་ང་དེ་ཡོད་པ་ཡིན། དེའི་ཞེན་ཡུལ་གྱི་ང་དེ་མེད་པ་ཡིན་ པཎ་ཆེན་ཆོས་རྒྱན་གྱིས། ངས་དང་པོར་ངར་འཛིན་དགྲར་བལྟས། ཞེས་སོགས་ཀྱི་གསུང་མགུར་འདྲེན་པར་མཛད། སེམས་ཙམ་པས་གཟུགས་བདེན་བར་གྲུབ་ཅེས་པ་རང་གི་རྒྱུ་ལས་སྐྱེས་པས་བཤད། རྟོག་མེད་དབང་ཤེས་ལ་ལྟོས་པའི་ཆོས་བདག་རྟོག་པ་ཡེ་ཤེས་ལ་ [026B] བཏགས་དོན་གདགས་གཞི་རྙེད་པས་རང་བཞིན་གྱིས་གྲུབ་པར་འདོད། རང་རྒྱུད་པ། ཁ་ཆེ་བྱེ་སྨྲ། མདོ་སྡེ་པ་གསུམ་གྱིས་བཏགས་དོན་རྣམ་ཤེས་ལ་བྱེད། སེམས་ཙམ་པས་བཏགས་དོན་བཙལ་བས་ཀུན་ད་ནི་དེ་ རྙེད༑ བྱེ་སྨྲས་གང་ཟག་བདེན་གྲུབ་ཏུ་འདོད། མདོ་སྡེ་པས་དེ་ལྟར་འདོད་ཀྱང་གདགས་གཞི་ལོགས་སུ་འདོད་པ་ཁྱད་ཞུགས་པས་ཡིན་ནོ། །བིར་ཝ་བ་དང། ཨ་ཕྱཱ་སེམས་ཙམ་བ་ཡིན། བིར་ཝ་པ་སློབ་དཔོན་ཆོས་སྐྱོང་ཡིན་ཟེར། གཟུགས་དང་ གཟུགས་འཛིན་ཚད་མ་རྫས་གཅིག། བདག་ཉིད་གཅིག་ཡིན་པར་འདོད། རྫས་གཅིག་བག་ཆགས་གཅིག་ཡུལ་གྱི་སྟེང་དུ་སོང་ནས་ཚུར་སྣང་བར་བྱེད་ཟེར། ༈ བས་སྟོང་ཉིད་བདེན་གྲུབ་ཏུ་འདོད་པ་རེད། སེམས་ཙམ་པ། ཇོ་ནང་པ་སོགས་སྟོང་ཉིད་བདེན་གྲུབ་ཏུ་འདོད་པ་མང། ༈ ལུས་སེམས་དགེ་བ་ལ་བཀོལ་རུང་གི་ཤིན་སྦྱངས་དགའ་བ་ ནས་ཀྱང་ཡོད། ༈ །སྟོང་པ་ཉིད་གཟུགས་སོ། །ཞེས་བདེན་གཉིས་ངོ་བོ་དབྱེར་མེད་ལ་འགྲེལ་བར་མཛད། ༈ འདི་ཡུལ་ཅན་ཡིན་ཞེས་དབྱེར་མེད་པ་ལ་ཟེར། ཕར་ཐེག་གི་བར་ཆད་མེད་ ལམ་ཀུན་རྟོག་གི་གཉིས་སྣང་ནུབ་ཀྱང། དེའི་བཞོན་པའི་རླུང་འདུ་མ་ཐུབ། ༈ གནས་པ། འགག་པ་གསུམ་མམ། སྐྱེ་འགག་གནས་གསུམ་དུས་མཉམ་པ། རྫས་གཅིག་ཡིན་པ་རྣམས་ཡིན། ༈ [027A]༄༅། །འདྲའི་རྒྱུ་བསྒྲུབ། ཕར་ཐེག་གིས་དེ་རྣམས་ལྷན་ཅིག་བྱེད་རྐྱེན་ལས་རྒྱུ་དངོས་སུ་མི་འགྱུར། ༈ བར་དོ་དང་གཟུགས་ཀྱི་ལྷ་རྣམས་ལུས་ཕྲ་བས་རང་རེས་མཐོང་མི་ ནུས་པ་ལས་ཤེས་གསུངས། ༈ མཁས་གྲུབ་ནོར་བཟང་ཕྱག་མི་མཛད། ཁོང་ཟུང་འཇུག་འགྲུབ་ཚོད་རེད། ༈ གསུངས། དོང་ཙེ་ལྔ་བརྒྱ། དད་ཅན་ནང་མི་གཤེགས། གཤེགས་དུས་སྒྲེན་མོ་ང་ཨ་མ་འོད་གསལ་རྩར་འགྲོ་གསུངས། འཇའ་ཟུག་པ་སོགས། ༈ །དེ་དག་ངལ་བ་དོན་མེད་ཡིན། །ཞེས་གསུངས་པའི་འདུས་པ་ནི་འོད་གསལ་ དང་སྒྱུ་ལུས་གཅིག་ཏུ་འདུས་པའི་ཟུང་འཇུག་ལ་བྱེད་དགོས། ༈ སྤྱོད་བསྡུས། བསྐྱེད་རིམ་ལ་སྦྱར་ན་མདོར་བྱས། མདོ་བསྲེ་ཡིན། ༈ དེ་བལྟ་ བ་ལ་ཡང་གཏོར་འབུལ། བཤགས་པ་སོགས་དགོས་གསུངས། ༈ མཚན་མོ་ཐུན་ལ་བཞུགས་ཁུལ་གྱིས་མན་ངག་གསང་བ་རྣམས་གསུངས་ཚུལ། དྲུང་བཞུགས་ཡུན་ཐུང་ཡང་ཚང་མ་གསན་པ་ གཞན་མཁས་པའི་དབང་པོ་ཆེན་པོ་རྣམས་ལ་ཡང་གསང་བའི་གནད་རྣམས་མཐོབ་པ་སོགས་གསུངས། ༈ དབང་ཕྱུག་ལ་བྱེད་དགོས། ཁྱབ་འཇུག་འཚེ་བ་ཆོས་སུ་སྨྲ་བ་ [027B] དབང་ཕྱུག་འཁྲིག་པ་ཆོས་སུ་སྨྲ་བ་ཡིན་གསུངས། ༈ ༈ རྒྱུད་སྡེ་འོག་མའི་བསྒྲུབ་བྱ་མཐར་ཐུག་ཀྱང་སྐུ་གཉིས། དེས་མི་ཚད་ཕར་ ཐེག་གི་སྐབས་སུ་ཡང། དགེ་བ་འདི་ཡིས་སྐྱེ་པོ་ཀུན། །་ཤོག་ཅེས་གསུངས་པ་ལྟར་ཐོབ་བྱ་མཐར་ཐུག་ཆོས་གཟུགས་ཀྱི་སྐུ་གཉིས་ཡིན། དེའི་ཆོས་སྐུའི་རིགས་འདྲའི་རྒྱུ་ཕར་ཐེག་ལ་ཡོད་ཀྱང་གཟུགས་སྐུའི་རིགས་འདྲའི་རྒྱུ་ཕར་ཐེག་ལ་མེད། མ་རིག་ བག་ཆགས་ཀྱིས་དང་ཟག་མེད་ཀྱི་ལས་ལ་བརྟེན་ནས་སྐྱེས་པའི་ཡིད་ལུས་དེ་མཚན་དཔེ་ཡོད་ཀྱང་དེ་ཤེས་སྒྲིབ་ཀྱིས་བསྡུས་པས་དངོས་ཀྱི་རིགས་འདྲའི་ཉེར་ལེན་བྱེད་མི་ནུས། དེ་ལ་སྒྱུ་ལུས་བསྒྲུབ་དགོས། དེ་ལྟར་མདོ་དང་རྒྱུད་སྡེ་བཞི་ཀའི་བསྒྲུབ་བྱའི་མཐར་ཐུག་ དེ་གསང་འདུས་ལ་བརྟེན་ནས་བསྒྲུབ་དགོས་པས་གསང་འདུས་ནི་རྒྱུད་སྡེ་ཀུན་གྱི་རྩ་བ་དང། མདོ་སྡེ་ཀུན་གྱི་ཟམ་ཏོག་ཏུ་གསུངས། ་དུས་འཁོར་དོད་ཐུབ་ཀྱི་སྒོ་ནས་འདུས་པ་སོགས་གསུངས། ༈ ལྟ་བུ༑ རྒྱུད་སྡེ་གཞན་ལ་སྦྱངས་ན་རི་ཟུར་འགྲིམ་པ་ལྟ་བུ་ཡིན་གསུངས། ༈ །ཞེས་པ་གར་ངོ་མ་ལ་སྦྱར་བར་མཛད། འབག་དམར་པོ། སྔོན་པོ་སོགས་སྐད་ཅིག་མར་བསྒྱུར་བ་ལྟར་སྐབས་རེ་མི་ཡིན་ཁག། སྐབས་ རེ་ཕག་ཡིན་ཁག། སྐབས་རེ་དུད་འགྲོ་གཞན་ཡིན་ཁག་བྱས། སུམ་ཅུ་རྩ་གསུམ་ནས་བལྟས་ན་ཤེས། དེར་ཉིན་ཞག་གཅིག་ལ་ལོ་སྟོང་ཡོད་པས་རང་རེའི་ཚེ་ཡུད་ཙམ་ལ་སྐྱེ་རྒས་བྱེད་པར་མཐོང། ༈ འཇོག་ [028A]༄༅། །སྒོམ་ཧིམ་ཐོབ། ༈ གྲངས་ན་ནས་ཚུགས། བ་ནས༑ ཐ་མ་གཉིས་ཀྱི་དང་པོའི་སྒོ་ནས་ཕུང་སོགས།་རྫོགས་རིམ་ཉིད་ལ་འཇོག་གོ། ཞེས་གསུངས་པ་འདི་ལ་བརྟགས་ན་བསྐྱེད་རིམ་གྱི་སྐབས་ རླུང་དབུ་མར་ཐིམས་པའི་སྟོང་པ་འདྲེན་པ་བསྐྱེད་རམ་ཡིན་ཡང། རྫོགས་རིམ་རྟོགས་རིགས་ཡིན་ཞེས་པ་མ་བྱས་པ་ལེགས་སོ། །རྗེའི་གསུང་སྔགས་རིམ་སོགས་ལས་གསལ་སྒྲོན་འདི་འཕྱིབས་འདི་དབང་བཙན་གསུངས། ༈ ༈ དབེན། རྐང་བཞི་དུད་འགྲོ། རྐང་མེད་སྤྲུལ་སོགས། རྐང་མང་འབུ་སོགས་ཞེས་གསུངས། ༈ འོད་དཔག་མེད་མེད་ན་གསུང་རྡོ་རྗེ་མེད་པར་འགྱུར། དེ་བཞིན་དུ་འཕྲིན་ལས་ཀྱི་བར་གསུངས། ༈ རང་རེས་མཐོང་རྒྱུ་ཞིག་མིན། ད་ལྟ་མཐོང་བ་འདི་དབང་རྟེན་ཁོག་པ་ཡིན། རང་འབྲས་མིག་ཤེས་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་བྱེད་པའི་ནང་གི་གཟུགས་ཅན་དྭང་བ། མིག་དབང་གི་མཚན་ཉིད། ཅེས་གསུངས། ༈ ཞེས་པ་ལྔ་གཞི་དུས་ཀྱི་ཡེ་ཤེས་ལྔའོ། ། ༈ དེའི་འོད་དཔག་མེད་དམར་པོ་སོགས་དཔེར་ན་སྒྲོལ་མའི་རྣམ་སྣང་སྒྲོལ་དཀར། སྒྲོལ་མའི་དོན་གྲུབ་སྒྲོལ་ལྗང། ༈ ཞེས༑ ༈ འོ་ན་ཤེས་པའི་སྣང་ཡུལ་ཤེས་པ་ཡིན་པས་ཤེས་པ་ལྷར་ཤར་བ་ཡིན་ནམ་ཞེ་ན། ཤེས་པ་ལྷའ་ཤར་བ་ཡིན། དང་པོ་མོས་སྒོམ་ཙམ། རྗེས་སུ་དངོས་སུ་ལྷར་བཞེངས་པ་ཡོད་དོ། ། [028B] །ཞེས་སོགས་སྦྱར་ནས་གསུངས། འདི་ཟུང་འཇུག་གི་ཡོན་ཏན་ཡིན་གསུངས། ༈ ། ༈ ༈ ཀྱིས་གསུངས་པ་ལ་བརྟེན་ནས་ཞེས་པ་རྗེས་རྗེ་བཙུན་དངོས་ཀྱི་གསུང་རེད་མདའ་བར་གནང་བའི་ཆབ་ཤོག་ཙམ་ལས་འདི་ལྟར་ཞལ་གྱིས་མི་བཞེས། དེས་ན་འདིར་གསུངས་པ་ཡེ་ཤེས་ཞབས་དང། འཇམ་དཔལ་བཤེས་གཉེན་གཉིས་འཇམ་དབྱངས་དངོས་ཡིན་པས་ དེ་ལ་གསུངས་པ་ཡིན། ༈ ༈ དེའི་དེ་མ་ཐག་འབྲས་དབང་ཤེས་མི་སྐྱེ། ༈ །རབ་ཏུ་རྟོག་པས་རྣམ་ གྲོལ་ཐོབ་པར་བྱེད། །ཅེས་ཐོས་པས་བག་ཆགས་དབུས་མཐའ་འམ་མདོ་རྒྱན་ལ་བལྟ་དགོས། བསམ་པས་རྟོག་པ། སྒོམ་པས་ཞི་བ་སོགས་བྱམས་ཆོས་ཀྱི་གསུང་ཚུལ་རེད་གསུངས། ༈ ༈ སྐབས། སྤྱི་བོར་ཨོཾ་སོགས་ལྷ་འགོད་ལུགས་རླུང་གི་གནས་ཀྱིས་ཀྱང་ཤེས། ༈ ༈ ཙམ་ཤིན་ཏུ་ན་བ་བྱུང། ༈ སྔགས་ཀྱི་འཆད་ཉན་མང་དུ་བྱས་པས་དམ་ཅན་ཆོས་རྒྱལ་ལ་སྐྲག་ནས་བཤགས་པ་བྱས་པ་ཡིན་གསུངས་གསུངས། ༈ [029A]༄༅། །དབྱིབས་སོགས་མེད་ཀྱང། སའི་དཀྱིལ་འཁོར་གྲུ་བཞི་སེར་པོ། མེ་དཀྱིལ་དམར་པོ་གྲུ་གསུམ་སོགས་ཁ་དོག་དབྱིབས་བཏགས་པ་ནི་མཛོད་ལས། ཁ་དོག་དབྱིབས་ལས་ཞེས་བརྗོད། །ཅེས་གསུངས་པ་ལྟར་སའི་ཁ་དོག་དང་དབྱིབས་ལ་ ས་ཞེས་བརྗོད་པ་མ་གཏོགས། ས་ཁོ་རང་འབྱུང་འགྱུར་ཡིན་པས་མཐོང་དུ་མེད། དཔེར་ན་རླུང་ཆེན་པོ་བཏབས་ཀྱང་མཐོང་རྒྱུ་མེད་པ་བཞིན། འདིར་རླུང་ལྔའི་ཁ་དོག་གསུངས་པ་ཤིན་ཏུ་ཕྲ་ས་ཡིན། ཡོད་ཅེས་ཟེར་དགོས་ཚོད་རེད། ༈ རབ་འབྱམས་བསོད་ནམས་གྲགས་པའི་སྤྱན་བཏོན། ལྗགས་བཅད་ཀྱང་གསོལ་ཞིབ་ཀྱི་དཀྱིལ་གྱི་སྤུ་ཕྲ་མོ་འབྱིན་པ་སོགས་ཀྱི་ལོ་རྒྱུས་གསུངས། བླ་མ་ཞང་རིན་པོ་ཆེས་སྐབས་རེར་བཞད་གད་རྒྱ་ཆེར་སློང་བར་མཛད་པ་རླུང་ཁམས་དྭངས་པའི་ཆེད་ཡིན། དང་ལ་ མང་པཎྜི་ཏའི་ཕྱག་བཞེས་ཡིན། ༈ ཡང་ཚུར་འོང་བྱས་ན་རླུང་ཁམས་དྭངས་པར་འགྱུར་གསུངས། ༈ ཡང་རེ་རྒྱུ་བ་ན་ཚེའི་ཐོག་ནས་བླངས་པ་རེད་གསུངས་ དེ་ཞག་ཐོག་ནས་བླངས། དེ་ཟླ་བ་ནས་བླངས། དེ་ལོ་ཐོག་ནས་བླངས་པ་རེད་གསུངས། ༈ གདུགས་དཀར་ལའང་རྡོ་རྗེ་ཕོ་ཉ་མོ་དྲུག་ཅུ་རྩ་བཞིས་ཀྱང་རྟག་པར་ཡོངས་སུ་སྐྱོང་བར་འགྱུར་རོ། །ཞེས་ པ་ཡང་འདི་དང་དོན་མཐུན། དབྱུ་གུ་དྲུག་ཅུ་རྩ་བཞིའི་ལྷའི་བསྐྱེད་ཆོག་ཅིག་ཀྱང་བསྟན་འགྱུར་ན་ཡོད། ༈ རྒྱུག་པ་སོགས་ཁམས་མི་སྙོམས་པ་མེད་པའི་དུས་ཀྱི་རླུང་གི་འཆི་ལྟས་ནི་ངེས་པ་ཅན་ཡིན། ༈ [029B] རྗེ་རིན་པོ་ཆེ་གཤེགས་སྐབས་ཕྱི་རོལ་དུ་མར་མེ་རླུང་གིས་བསྐྱོད་པ་མེད་པ། རླུང་མི་ལྡང་བ་སོགས་ནང་གི་རླུང་ཐིམས་པས་ཡིན། ༈ སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པར་འདོད། ཀུན་རྟོག་གཡོ་བྱེད་ཀྱི་རླུང་ཕྲི་བ་ཞིག་སྐྱེ་བར་འདོད། དཔལ་ལྡན་ཡེ་ཤེས་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ཡིན་པར་འདོད། འོན་ཀྱང་འཛིན་སྟངས་ཅུང་ཞན་པར་སོང་བར་འདོད། རྗེའི་གསུང་ན་གསལ་ཁ་མེད་ པས་ཐག་མ་ཆོད། ཚིག་གི་བདག་པོས་སོགས་ཀུ་རེ་གསུངས། ༈ གནས་ཚང་དེས་བལྟས་པས་དྲི་མི་ཚོར། བཅགས་ནས་བལྟས་པས་ཀྱང་ནང་རྩམ་པ་རྐྱང་རེད་ཟེར། ཡེ་མ་ཞུ་བ་ ཡིན་ཡང་སྐྱོན་མེད་ཚོད་རེད། ༈ གྲངས། བ་ནས་ཚུགས། ན་མཁས་པའི་མཆོག་རྣམས་མཐུན་མོད་ཀྱང་ཞེས་པ་མདོ་སྔགས་མཐུན་པ་ཡིན། ༈ དེའི་བཞོན་པ་གཉིས་ཡོད་པའི་དང་པོ་ཕར་ཐེག་ལ་ བརྟེན་ནས་གཅོད་ནུས་ཀྱང། ཕྱི་མ་རླུང་ཐིམ་པ་ལ་རག་ལས་པས་གསང་འདུས་ལ་བརྟེན་དགོས། ༈ བདེ་བ་ཆེན་པོའི་སྟེང་ནས་ཀྱང་འཇོག་ཚུལ་ཞིག་ཡོད། ༈ མ་གསུམ་དུ་ཡོད་པས་སྐུ་གསུང་ཐུགས་གསུམ། ཨཱལ་ཡང། འདྲ་བའི་ཡི་གེ་འདུས་པ་ལས་རིང་པོའོ་ཞེས་པའི་ཨ་གཉིས། ས་ར་དག་གིས་རྣམ་བཅད་དོ་ཞེས་པའི་རྣམ་བཅད་བཅས་ཡི་གེ་གསུམ་ཡོད། ཧཱུཾ་ལ་ཡི་གེ་ལྔ་ཡོད། དེས་ན་དེ་དག་གིས་ [030A]༄༅། །སྐུ་གསུང་ཐུགས་གསུམ། ཡེ་ཤེས་ལྔ་སོགས་མཚོན་དོན་མང་གསུངས། ༈ རྗེ་ཉིད་སྔར་སྙུན་སྐབས་སྨན་བ་གྲྭ་པ་ཞིག་གི་རྩར་སྨན་ལེན་པར་ཕེབས་པས། དེར་དགེ་བཤེས་ཆེན་པོ་ དགུང་ལོ་བགྲེས་པ་བརྒྱད་ཅུ་ལོན་པ་ཞིག་ཡོད་པས། དེས་ཁྱོད་བལྟ་དགོས་ཞེས་གསུང་གི་འདུག་པས་ཁྱོད་སྐུ་མདུན་སོང་གསུངས། ཡར་སོང་བས་མ་མཇལ་པའི་པར་ཨོཾ་ཨཱཧཱུཾ་ཞེས་བཟླས་པ་མཛད་འདུག་གསུངས། ༈ ཞེས་པའི་གཟུགས་མེད་ནི་ཆོས་སྐུ། གཟུགས་བཟང་ནི་ལོངས་སྐུ། སྣ་ཚོགས་གཟུགས་ཅན་སྤྲུལ་སྐུ། ཡིད་ལས་སྐྱེད་ཅེས་པ་དེ་ཐམས་ཅད་ཡེ་ཤེས་ལས་སྐྱེད་ཚུལ་ཡེ་ཤེས་ལྷར་ཤར་བར་གསུངས་པའོ། ། ༈ བའི་རྒྱུར་ཞེས་པ་ལས་འཕྲོས། མཚན་ཉིད་པས། གསུང་གཅིག་ཉིད་དུ་གསུངས་མོད་ཀྱི། །དུ་མ་ཞེས་པའི་གསུང་གཅིག་པུ་དེ་ཞོག་ཟེར། དེ་ཨ་འཇོག་དགོས། འོ་ན་སངས་རྒྱས་ལ་དྲི་བ་གང་ཞུས་ཀྱང་ཨ་ཨ་མ་གཏོགས་གསུང་རྒྱུ་མེད་པར་ཐལ་སོགས་འཕེན་རྒྱུ་ཟད་པ་མེད། ༈ ཟླ་བ་མ་མཐོང་མཛུབ་རྩེ་མཐོང་ཞེས་པ་ལྟ་བུ། ༈ མཚན་བརྗོད་ ལུགས་དྲུག་ཅེས་འགྲེལ་ལུགས་མང། རང་རེ་དགེ་ལྡན་པ་ལ་ཡང་དུས་འཁོར་ལུགས་སུ་བཀྲལ་བ་དང། སྔགས་སྤྱིའི་ལུགས་སུ་བཀྲལ་བ་དང། མདོར་བགྲལ་བ་སོགས་མང། དབང་ཆེན་བསྐུར་སྐབས་སོ་སོའི་རྒྱུད་མ་རྙེད་ན་མཚན་བརྗོད་ལག་ཏུ་ [030B] ༈ སེམས་ཀྱིས་རླུང་གི་བྱ་བ་བྱེད་པ་ཡིན། ཡེ་ཤེས་གཟུགས་སུ་ཤར་བ་དང། གཟུགས་ཀྱིས་ཡེ་ཤེས་ཀྱི་བྱ་བ་བྱེད་ལུགས་ཤེས་ན་ཟུང་འཇུག་ལག་པ་ལེད་ བོ་ཆགས། ༈ ༈ ༈ རྗེ་ཉིད་ཀྱིས་སྒྲ་ཁྲིད་ ཚུལ་གསུངས། ༈ ཚད་ལྡན་རེ་གཉིས་གཞིར་བྱས་ནས་བལྟ་དགོས། གསང་འདུས་བསྐྱེད་རྫོགས་དྭགས་པོ་ནམ་མཁའ་གྲགས་ཀྱི་དེ་མཆོག་ཏུ་སྣང་ཞེས་གསུངས། ལུས་གནད་ཀྱིས་འདོད་ཆགས་ ཀྱི་རླུང། ཞེ་སྡང་གི་རླུང། ཕྲག་དོག་གི་རླུང་སོགས་མྱུར་དུ་ཞི་བའི་དགོས་པ་ཡོད། ༈ ། ༈ ཕྱི་རོལ་པ་ལ་ཡང་ཡོད་པ་ འདྲ༑ ༈ ཧཱུ་ང་ཞེས་ངར་བཀླག་པ། ཡ་སོགས་བརྒྱད་ལང་རུ་བཀླག། །ཅེས་པ་དང་མཐུན། རང་རང་སྡེ་བའི་ལྔ་པར་བཀླག། །ཅེས་ཙ་ཚ་ལྟ་བུ་ཉ་རུ་བཀླག་དགོས། ༈ རིམ་བསྒོམ་མ་ཐུབ་ཀྱང་ཁྲིད་རྡོ་ལག་བརྒྱུད་མ་ལྟ་བུ་བློ་ལ་བཟུངས་ནས་སྐྱོར་ན་ཡང་རྒྱུད་སྡེ་ཐམས་ཅད་གུང་འགྲིགས་ནས་འོང། བསྐྱེད་རིམ་སྒྲུབ་ཐབས་སྐྱོར་ན་ཡང་གུང་འགྲིགས་ནས་འོང། དེ་དག་རྒྱུད་གང་དང་གང་ནས་གསུངས་པར་ཤེས་པ་ [031A]༄༅། །ལ་ནི་འདི་དང་དངོས་གྲུབ་རྒྱ་མཚོ་ངོ་སྦྱར་ནས་བལྟ་དགས། ༈ སྨོན་ལམ་ཙམ་བཏོན་ཀྱང་བག་ཆགས་ཁྱད་པར་ཅན་འཇོག། ༈ ངོས་སྣ་ཁྲག་བཤར་བར། རྗེ་ཉིད་གཙང་དུ་ཡོངས་འཛིན་རིན་པོ་ཆེར་འཇིགས་བྱེད་བསྐྱེད་རྫོགས་ཁྲིད་གསུངས་སྐབས་གསུང་འགག། ཞལ་སྐྱུགས་ཕེབས་ཚུལ་སོགས་འཚུབས་ཆ་བྱུང་ཚུལ། སྔགས་ཆེན་ལ་འཇིགས་ཁྲིད་གསུངས་སྐབས་འཚུབས་བྱུང་ ཚུལ༑ ད་ལམ་ཡང་རྡོར་བཟླས་ཀྱི་སྐབས་འདི་ཤིན་ཏུ་གཉན་པས་འཚུབས་བྱུང། འཚུབས་བྱུང་ན་ལེགས། ༈ ། འཇམ་བཞད་ལས་ཀློང་རྡོལ་གྱིས་ལུང་གསན་པར་གསུང་ཤུགས་ཆུང། ཚིག་མི་གསལ་བས་ཀློང་རྡོལ་གྱིས་ལུང་ཞིག་ཉན་པ་ཡིན་ཏེ་བུང་བའི་སྐད་ལྟ་བུ་ཞིག་བྱུང་ཞེས་ཐུགས་མ་ཁེངས་པའི་གསུང་བྱོན། ༈ ཐུགས་དམ་འོད་གསལ་དུ་ཐིམས་སྐབས་གླིང་མེའི་རྩེ་མོ་མ་གཡོས་པར་བསྡད་པ་ཡིན། ༈ དེ་ཡང་འབུལ་སྡུད་མང་པོར་བཏང་བས། ཐེངས་གཅིག་དེ་ལྟར་ཕེབས་གསུང་ཉེར། ཁྱི་ ཆུང་དུ་ཞིག་འདི་སུས་བཟོས་པ་རེད། དེ་འདྲའི་སྙིང་རྗེ་བ་གསུངས། དེ་ནས་སྨྱོ་ཚུལ་མཛད། སྤྱི་བ་ཞིག་གིས་དངུལ་རྟ་རྨིག་མ་གཅིག་བུལ། དོར་ཚུལ་སོགས་རྣམ་ཐར་རྒྱས་པར་གསུངས། ༈ ཧཱུཾ་ཧོའི་རྡོར་ [031B] རྒྱུད་དོན་ཡིན་ནོ། ། ༈ བཙན་ཁ་ཕོག་པ་མིན་ནམ་ཞེས་ཞུས་ཚུལ་གསུངས། ༈ གསལ་དང་སྣང་མཆེད་ཐོབ་གསུམ་སོགས་ལ་རིམ་པ་མང་པོ་འཇོག་དགོས། ༈ ༈ གྲངས། ན་ནས་ཚུགས། མིད་ལས་མར་པའི་དྲུང་དུ་བཞུགས་སྐབས་ཕ་ཡུལ་དྲན་ནས་ཕེབས་པ་རྗེས་སུ་རྩ་གེགས་བྱུང་ན་འདིར་ལྟོས་ཞེས་ཤོག་དྲིལ་ གནང། དེ་དུས་ཡུལ་དུ་མ་ཕེབས་པར་མར་པའི་དྲུང་དུ་བཞུགས་ན་དེ་ལྟར་མི་དགོས་པ་ལ་དེ་བར་ཆང་ཡིན་ཚོད། སྐྱེས་བུ་དམ་པ་དེ་ལྟ་བུར་བར་ཆད་དེ་ལྟར་བྱུང་ན་རང་རེར་ལོས་ཡོང་གསུངས། ༈ དམིགས་པ་མེད་པ་ཞེས་པ་ནི་བཏགས་ དོན་མ་རྙེད་པའོ། ། ༈ ༈ བྱང་སེམས་ཆེན་པོ་རྣམས་སྔགས་ལ་མི་ཞུགས་པ་སྔགས་ཐོས་མ་ཐུབ་པ་མིན་ཡང། གདུལ་བྱ་འགའ་ཞིག་དྲང་བའི་ཕྱིར་ལས་སྒྲ་ ཇི་བཞིན་པ་མིན་སྙམ་ཡིད་མ་ཆེས་པར་མ་ཞུགས་པར་འདིར་དོགས་པ་ཆོད། ཉན་ཐོས་ཆེན་པོ་རྣམས་ཐེག་ཆེན་ཐོས་ཀྱང་མ་ཞུགས་པ་རང་གི་རྒྱུད་ཚོད་ཐིགས་པས་ཡིན། ༈ དོན་མ་ཤེས་གསུངས། ༈ ༈ སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་ཅེས་དང། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེ། །གསུངས་པ་ལྟར་སེམས་ལས་འཇིག་རྟེན་ [032A]༄༅། །ཀུན་སྐྱེ་བ་ལྟར་སྣང་བ་གསུམ་ཡང་ཀུན་གྱི་འབྱུང་གཞི་ལྟ་བུ་ཡིན་པས་སེམས་ཡིད་ཀྱི་མིང་དུ་བཏགས། ༈ ༈ གཅིག་ཀྱང་མིང་འདོགས་ལུགས་ཌི་དཧི་ཉ་བསགས་པ་ལའོ་ཞེས་པའི་སྒྲ་སྒྲུབ་ལུགས་ཀྱི་སྟེང་ནས་འཇོག་དགོས། སེམས་ཞེས་པ་བསགས་པ། ཡིད་ཅེས་པ་རྟེན་དུ་གྱུར་པ། རྣམ་ཤེས་ཞེས་པ་བརྟེན་པར་གྱུར་པའི་ཆ་ནས་འཇོག། དཔེར་ན་འདུས་བྱས་ མི་རྟག། སྐྱེས་པ་རྣམས་དོན་གཅིག་ཀྱང་སྒྲ་བཤད་ལུགས་མི་འདྲ་བ་ལྟ་བུ། ༈ གོང་དུ་གསུངས་པའི་སྨྱོན་པ་དེ་དང། ཡིད་ཆུབ་མཁའ་འགྲོ་ཞེས་པ་ཞིག་ཡོད་པ་ཉིན་གཅིག་ཁོང་གཉིས་སྐད་ཆ་བྱེད་པར་སྔགས་ལྟ་བུ་ཚིག་གཏན་ནས་ མི་གོ་བ་ཞིག་འདུག། སྨྱོན་པ་དེ་གཞོན་དུས་ལང་ཚོ་ཆེ་ཡང་ཁྱིམ་ལ་མ་སོང་བ་གཙང་མ་ཡིན། དབུ་སྐྲ་དང་སློག་པ་ལ་ཤིག་མི་འཇུག། ༈ མངོན་ སུམ་དང་རྟོག་པ་གང་ཡིན་ཐག་མི་ཆོད། གསུང་ཚུལ་མང། རྟོག་པ་ཡིན་པར་བཞེད་མཁན་མང། མདོ་བསྲེར་མངོན་སུམ་ཡིན་པར་གསུངས་ཀྱང་དེ་རང་བཞིན་བརྒྱད་ཅུའི་ཀུན་རྟོག་རགས་པ་མེད་པ་ལ་བལྟོས་ནས་མངོན་སུམ་དུ་གསུངས་ ༈ སྤོང་ཐེངས་གཅིག་བྱེད་པ་རྒྱུད་སྟོད་སྨད་ཀྱི་ལུགས་མི་འདྲ། ཞང་རིན་པོ་ཆེས། ཕར་ཐེག་གི་གཉེན་པོ་སྟོབས་ཆུང་ཡང་ཤེས་སྒྲིབ་སྤོང་ཐེངས་ཞི་ལས་མི་དགོས། སྔགས་ལ་གཉེན་པོ་སྟོབས་ཆེན་དེ་ལྟས་ [032B] གཅིག་བྱེད་པ་ལེགས། ཕར་ཐེག་ཐལ་འགྱུར་བས་ཉོན་སྒྲིབ་རྫོགས་པར་སྤངས་ཟིན་ནས་ཤེས་སྒྲིབ་སྤོང་བའི་འགོ་ཚུགས་པས་ལན་བཞི་རང་རྒྱུད་པས་ཉོན་སྒྲིབ་ཤེས་སྒྲིབ་སྦྲེལ་ཏེ་སྤོང་བར་འདོད། ༈ རྟོག་བཅས་རྟོག་མེད་གཉིས་ཡིན། ༈ དེས་ན་སྙིང་རྗེ་སོགས་ཀྱང་སྤང་བྱར་བྱེད་དགོས་ན་བྱང་ཆུབ་ཀྱི་སེམས་ཀྱང་སྤང་བྱར་ཐལ། བར་ཐེག་སྐབས་འདི་དག་ལམ་ཡིན། རྒྱུན་མཐའི་སྐབས་རྟེན་པ་འགག་ དགོས་རྣམས་འགག། ཟད་དགོས་རྣམས་ཟད་དགོས། སངས་རྒྱས་ཀྱིས་ན་རྟོག་པ་མི་འཇོག། རྟོག་པ་ཡིན་ན་འཁྲུལ་ཤེས་ཡིན་དགོས། ཐིམ་པ་ཞེས་པ་སྤང་བའི་དོན། མདོར་ཡང་ཇི་སྲིད་ཀུན་སློང་གི་རྟོག་པ་ཡོད་པ་དེ་སྲིད་ཡང་དག་པའི་མཐའ་ མངོན་དུ་བྱེད་མི་ནུས་གསུངས། སྣང་བའི་རང་བཞིན། མཆེད་པའི་ཉེར་ཐོབ་ཀྱི་རང་བཞིན་ཞེས་པ་འདི་མི་གོ་གསུངས། ༈ བྱང་ཆུབ་ཀྱི་སེམས་སོགས་འཇོག་དཀའ་ཡང། འདི་ལྟར་ན་ཡིད་དམ་བརྟན་པ་ ལ་འཇོག་པ་ཤིན་ཏུ་ལེགས། ༈ ༈ དངོས་པོ་མེད་པས་ཞེས་རིགས་པས་དཔྱད་ཀྱང་མ་རྙེད་པ་མེད་པར་སྒོམ་པ་དེ་ཁོ་ན་ཉིད་སྒོམ་པ་མེད་པ་སྟེ། དེ་ལ་བསྒོམ་པར་བྱ་བ་མེད་དེ། གཏན་མེད་བསྒོམ་པའི་ཕྱིར་ཡང་ བསྒོམ་པར་བྱ་བ་སྟེ་བསྒོམ་བྱ་རང་བཞིན་གྱིས་གྲུབ་པར་བསྒོམ་པའང་དེ་ཁོ་ན་ཉིད་བསྒོམ་བ་མིན་ནོ། །དེ་ལྟར་སྣོད་བཅུད་ཀྱི་དངོས་པོ་རང་བཞིན་གྱིས་གྲུབ་བ་དང། དངོས་མེད་དེ་གཏན་མེད་དུ་བསྒོམ་པ་གཉིས་ཀའང་སྟོང་ཉིད་བསྒོམ་པ་མིན་པས་ཏེ་དེ་གཉིས་ཀ་ [033A]༄༅། །འགལ་བའི་ཕྱིར། དེས་ཕུང་གསུམ་ཡང་འགོག། དེས་ན་གང་བསྒོམ་ ཡུལ་དངོས་པོ་མཚན་མེད་དང། པར་བྱ་བ། གང་གིས་སྒོམ་ བྱེད་པ་སྨོན་མེད་དང། པ་པོ། ཇི་ལྟར་བསྒོམ་པ་བྱ་བ་སྟོང་ཉིད། ་ གསུམ་རང་བཞིན་གྱིས་གྲུབ་པ་དམིགས་སུ་མེད་པ་དེ་བསྒོམ་པ་ཡི་གེའི་དོན་ཏོ། །སྤྱི་དན་ནི། སྣོད་བཅུད་ཀྱི་དངོས་པོ་རྣམས་ཀྱི་ངོ་བོ་གཅིག་དུ་བྲལ་གྱིས་དཔྱད་པས་རང་བཞིན་གྱིས་གྲུབ་བ་མེད་ལ། དེ་མེད་པས་དེ་འདྲའི་སྟོང་ཉིད་དེ་ཡང་བདེན་གྲུབ་ཏུ་ འཛིན་པ་ལ་དེ་ཁོ་ན་ཉིད་བསྒོམ་པ་མེད་དོ་ཞེས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང། བསྒོམ་པར་བྱ་བ་སྟེ་འབྲས་བུ་སྐྱེད་པར་བྱེད་པའི་རྒྱུ་རང་བཞིན་གྱིས་གྲུབ་པར་བཟུངས་ནས་བསྒོམ་པའང་མིན་ནོ་ཞེས་རྒྱུ་བདེན་མེད་མཚན་མ་མེད་པ་དང། དེ་ལྟར་ དངོས་པོ་དང་དངོས་མེད་གཉིས་ཀ་རང་བཞིན་གྱིས་མེད་པས། འབྲས་བུ་དངོས་པོ་སྨོན་པར་བྱ་བ་ཡང་རང་བཞིན་གྱིས་མེད་པས་སྒོམ་པ་དམིགས་སུ་མེད་པའོ། །ཞེས་སྨོན་པ་མེད་པ་བསྟན་ནོ། ། ༈ བྱེད་ཡིན། ༈ དོན་གྱི་འོད་གསལ་ལ་མཉམ་པར་འཇོག་པའི་མཉམ་གཞག་འཇོག་ཀྱང་དངོས་སྐལ་གྱི་སྤང་བྱ་མི་འཇོག། ཤེས་སྒྲིབ་སྤོང་ཐེངས་ བཞི་བྱེད་པ་ཐལ་འགྱུར་བའི་ལུགས་ཀྱི་སྤོང་ལུགས་ནི། ས་བརྒྱད་པའི་སྐད་ཅིག་ཐ་མའི་བར་ཆད་མེད་ལམ། ས་དགུ་པའི་ཐོག་མའི་བར་ཆད་མེད་ལམ། བཅུ་པའི་ཐོག་མཐའི་བར་ཆད་མེད་ལམ་བཅས་ཀྱི་ཤེས་སྒྲིབ་ཆེ། འབྲིང། ཆུང་ [033B] ༈ ༈ ༈ སྣང་བ་འདི་ཅི་ཡིན་མགོན། །ཞེས་སོགས་ཀྱི་མགུར་ཡང་རྒྱུད་ཚིག་འདི་དག་གི་དོན་ཡིན་གསུངས། རྗེ་རིན་པོ་ཆེར་བཀའ་ཆོས་པ་ཞིག་གིས། སྐྱེ་བ་དང་འཆི་བ་གཉིས་སྔ་མ་གང་ཡིན་ཞེས་དྲིས་པར་ཞལ་འཛུམ་བག་དང་བཅས་ལན་གསུངས་ཚུལ་ཡང་ རྣམ་ཐར་ཞིག་ན་ཡོད་གསུངས། ༈ །སྲིད་པའི་འཁོར་ལོ་འཇུག་པར་འགྱུར། །ཞེས་པའི་མཚམས་སྐྱེས་བུ་འབྲིང་གི་ཀུན་འབྱུང་འཁོར་བའི་འཇུག་རིམ་དང་ཕྱོགས་མཐུན། ༈ ཤིག་ཡོད་ཅེས་ཁྲི་ཆེན་བསྟན་པ་རབ་རྒྱས་ཀྱི་གསུང་ཟིན་བྲིས་ཤིག་ན་ཡོད། ཁུངས་མ་ཤེས། ཁུངས་ཤིག་ཡོད་ན་དེ་ལྟར་ཡིན། ཁུངས་མེད་ན་རྗེ་ཡབ་སྲས་ཀྱི་ལུགས་ལ་རྒྱུད་དང་རྒྱ་གཞུང་གི་ཁུངས་ཡོད་པ་ཤ་སྟག་དགོས། ༈ མཐར་ཐུག་རླུང་སེམས་ལ་བྱེད། འོན་ཀྱང་དེ་གདགས་གཞི་མཐར་ཐུག་ཡིན་ཀྱང་བཏགས་དོན་དུ་མི་འཇོག། དེ་འཇོག་ན་ཐལ་འགྱུར་བའི་ནང་ནས་ཕུད་གསུངས། ༈ རིན་པོ་ཆེ་ལྟ་བུའི་གང་ཟག་གི་སྦྱང་གཞིའི་འཆི་བ། གཉུག་ སེམས་ཀྱི་སྟེང་ན་ལམ་ཉམས་སུ་མ་བླངས་ན་འཆི་བ་འབྱུང་བའི་འཆི་བའི་ནུས་པ་ཡོད་པ་སྦྱང་གཞིར་བྱས་ན་མི་ལེགས་སམ་སྙམ། འོན་ཀྱང་རྗེ་གུང་ཐང་བས། བློ་བཟང་རྒྱལ་བ་ཡིས་ཀྱང་མཐོན་པའི། །གསར་བཤད་ཕྲ་མེན་མ་ཡི་སོ་ནམ་དེས། །ཞེས་སོགས་ [034A]༄༅། །དྲངས་ནས་རང་གིས་གསུང་བ་འགོག་པར་མཛད་གསུངས། དེ་སྐབས་གུང་ཐང་མགུར། ཤེས་རབ་ཀྱི་རལ་གྲི་སོ་གཉིས་མ། །ཤེས་བྱའི་གནས་ལ་གདེངས་ཆེས་པས། །རང་མགོ་རྨས་པ་ཨ་ཙ་མ། །རྣོ་ཕྱོགས་གཅིག་ ཡིན་ན་ཆོག་པ་ལ། །ཞེས་སོགས་ཀྱང་གསུངས། བྱང་སེམས་ཡིན་མིན་ཤེས་མ་ཤེས་གང་ལྟར་ཡང། དེ་ལ་སྐུར་པ་བཏབ་ན་ཉེས་པ་འདྲ་བས་གཟབ་དགོས། ༈ གསུངས། ༈ ༈ གྲངས། བ་ནས་ཚུགས། འདིར་སྒྱུ་ལུས་ཕྱི་ལྡང་ནང་ལྡང་བཞེད་ཚུལ་མང་ཡང། རྗེས་གཉིས་ཀ་བཞེད་པ་འདིར་ ཤུགས་ལ་བསྟན་ནོ། ། ༈ གསེར་ཕྲེང་སོགས་ན་མི་འདྲ་བ་མང། ༈ ༈ བྱང་སེམས་ལ་འཇམ་དཔལ་གྱི་སྒྲས་བཏགས་མཚན་ཉིད་སོགས་ན་མང། ༈ སྟག་ཚང་ལོཙྪ་བས་དགག་པ་བྱས་པ་ཅུང་ངན། དེའི་རྗེས་སུ་ཀུན་མཁྱེན་གོ་ཤཱཀ་གིས་ དགག་པར། སེ་འབྲས་ཀྱི་མཁན་པོ་འཇམ་དབྱངས་དགའ་བློ་དང། རྗེ་བཙུན་པས་ལེགས་པར་བཀག། དེ་དུས་རྗེའི་འཕྲིན་ལས་མ་བཟོད་པར་དགག་མཁན་མང་ཡང་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་ཐོག་ཏུ་བབས་པས་སུས་ཀྱང་འཕྲིན་ལས་ཉམས་པར་ [034B] འབྲུག་པས་དམ་བཅའ་དྲུག་བཞག་སྟེ་འདི་དྲུག་སུས་བཤིག་ཐུབ་ན་དེ་ལ་ཁོ་བོས་ཆོས་གོས་སོགས་སྦྱིན་ཞེས་ཟེར་བར། འཇམ་དབྱངས་སྟག་ལུང་བྲག་བས་ཕམ་པར་བྱས་ཏེ་ཆོས་གོས་སོགས་ཀྱང་བླངས། དེ་ལ་གོང་ས་ལྔ་པས་བསྟོད་ར་མཛད། ༈ ཐང་བདེ་བ་ཅན་ཞེས་པ་འདི་རྭ་བ་སྟོད་ཡིན་འདྲ། ༈ ༈ དུས་བཟང་པོ་དེ་ འདྲ་ལ་ཡང་ཕྲག་དོག་བྱེད་མཁན་དེ་འདྲ་བྱུང་ན། དེང་སང་ལོས་ཡོང་གསུངས། ༈ ཁོང་རྣམས་ཧ་ལས་པ་ལྟར་ བྱས་ནས་སོང་གསུངས། ༈ ཤངས་པ་རིན་ཆེན་སྣ་བདུན་ཞེས་མི་རབས་བདུན་པར་ལེགས་པོ་བྱུང། རྨི་ལམ་བཟུངས་ནས་བརྟག་ཚུལ་ ཡང་གསུངས། ༈ ལྷ་གཉིད་ལོག་ཅིག་ཡིན་པ་རེད། ཚེ་ཡང་རིང་པོ་བསྡད་པ་རེད། དེ་འདྲ་མང། ༈ བརྫུན་པ་དག་ཀྱང་ཞེས་པ་སོགས་རྗེའི་གསུང་དུ་ བ་ཡོད་པ་མང་དུ་ཡོད། འགའ་ཞིག་གིས་ཡོད་པ་ཡང་བཀོག་ནས་མེད་པ་ཁོ་ན་བྱེད་ཀྱང་ཡོད་མེད་གཉིས་ཀ་ཡོད་དམ་སྙམ། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །་མ་ནིང་ཅེས་གསུངས་པ་ལྟར་བྱ་བའི་ཡུལ་ཡིན་པ་རྣམས་ལ་བ་སྔོན་འཇུག་དགོས་འདྲ། འདི་ [035A]༄༅། །ཙམ་ཡང་དཀའ། ༈ བདུད་མང་ན་ངན། ༈ དེས་ཕྱི་རོལ་གྱི་རླུང་ནང་དུ་བསྡུས་ནས་སྲོག་འཛིན་དང་མཉམ་དུ་བཟུང་བས་ཚེ་ རིང་པོ་རིང་པོ་བྱུང་འདུག། ༈ ཤ་ཁྲག་ནི་ལུས་རགས་པ་བཟུང་བ་རེད། ལུས་རགས་པ་བཟུང་ན་འདི་ལ་བརྟེན་པའི་སྐྱོན་རྣམས་ཡོད་ཚུལ་བཟུང། རྒྱལ་མཆོག་བསྐལ་བཟང་ལ་འགའ་ཞིག་གིས་ སྐུར་བ་བཏབ་པར། གཅིག་གིས་པགས་པ་འདི་གྱོན་ནས་འདིའི་འོག་ན་འདི་འདྲ་ཞིག་ལས་མི་ཡོང་ཟེར། ༈ དཔའ་བོ་ཡང་མིང་འདོད་ནས་སྲོག་སྐྱེལ། མཚམས་པ་འདག་སྦྱར་ཡང་མིང་བསམ་དོན་མེད་པ་ཞིག་དཀའ། བོད་ འདི་ལྟ་བུ་ས་ཆུང་ཆུང་ན་མིང་བསྒྲགས་ནས་ཅི་ཕན། འདིར་བསྒྲགས་ཀྱང་རྒྱ་གར་རྒྱ་ནག་སོགས་ན་མི་གྲགས། མིང་ཙམ་ལ་ཞེན་ནས་དམྱལ་བར་འགྲོ་ན་མིང་གིས་ཅི་ཕན། ཁོ་བོས་གཙང་དུ་བཀའ་ཆོས་བྱས་པར་མཎྜལ་སྐབས་རྡོ་རྗེ་འཆང་ཟེར་བར་གད་མོ་ འཆོར། ༈ འཇམ་དབྱངས་ཆོས་རྗེ་གཞུང་ལུགས་འབུམ་ཕྲག་དུ་མ་ལ་བློ་འོད་འཕྲོ་བ་ཞེས་ཤིན་ཏུ་མཁས་ཀྱང་གསུང་རྩོམ་རྗེའི་གསང་རྣམ་ཙམ་ལས་མེད། མཁས་གྲུབ་རིན་པོ་ཆེས་བརྩོམ་མི་ཆོག་པར་གསུངས་པ་རེད་གུང་ རུ་བ་མཁས་པས་དེ་ལྟར་གསུངས་པར་གུང་རུས་ལྐོག་ཏུ་མང་པོ་བརྩམས། མཁས་གྲུབ་རིན་པོ་ཆེས་བགའ་བཀྱོན་མཛད་གུང་རུ་བས་སྐྱོ་མགུར་གསུངས། རྒྱལ་ཚབ་གཙང་དུ་གདན་སར་ཕེབས་ནས་མར་ཞོར་མཁས་གྲུབ་ཁྲིད་དེ་བྱོན། འབྲས་སྤུངས་པ་ཚོས་ཕྱག་བྱེད་མི་བྱེད་ [035B] ཁོ་བོ་ནི་ཞབས་སྤྱི་བོར་ལེན་རྒྱུ་ཡིན་གསུངས། ༈ རྨི་ལམ་ཡིན། སྒྱུ་མ་ཡིན། སྡུག་བསྔལ་མ་བྱེད་གསུངས་ རྗེས་སུ་མ་རབ་རང་གི་སྲས་དར་མ་མདོ་སྡེ་གཤེགས་པ་ལ་མར་པས་ཐུགས་ངལ་མཛད་པར་བུད་མེད་དེས་ཐུགས་ངལ་མ་མཛད། སྒྱུ་མ་ཡིན། རྨི་ལམ་ཡིན་ཞེས་ཞུས་པས། རྨི་ལམ་ལས་ཀྱང་རྨི་རྒོད་དེ། །སྒྱུ་མ་ལས་ཀྱང་སྒྱུ་རྒོད་དེ། །ཞེས་གསུངས་ཚུལ་གསུངས་ ༈ རྗེས་སུ་ཡི་རང་བྱས་ན་བཟང། ༈ དགོས་པ་དེ་རེད། ༈ བྱའོ་གསུངས་པ་འདི་རྣམས་ཡིག་ཆུང་ན་ཡོད། ཟིན་བྲིས་ཡིན་ཀྱང་རྗེ་རང་གིས་ནན་ཏན་མཛད་ནས་གསུངས་ཚོད་རེད། ༈ ཉམས་མྱོང་བརྡ་ཡི་ཆིག་ཐང་དེ། །ཕན་འགའ་སྲིད་ཀྱང་གོལ་བ་མང། །དགག་སྒྲུབ་སྦྱོར་བ་ཀུན་ཚང་བ། །ཁྱོད་ གསུང་ཐར་འདོད་ཡོངས་ཀྱི་གསོས། །ཞེས་གསུངས་གསུངས། ༈ ཐོགས་མེད་དང་དབྱིག་གཉེན་གྱིས་བེའུ་མངོན་ཤེས་གསུངས་ཚུལ་ཡང་གསུངས་ ༈ ༈ །ན་བའི་ཞེས་པ་སླར་འཆི་བར་མི་བྱེད་པའི་དོན་དུ་འཇོག། ༈ །ཅེས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པས་འཕེན་བྱེད་ [036A]༄༅། །ཀྱི་ལས་གསར་དུ་མི་གསོག། སྦྱོར་ལམ་ཆོས་མཆོག་མན་ཆད་ཀྱིས་གསར་དུ་གསོག། སྦྱོར་ལམ་པ་སྟོང་ཉིད་རྟོགས་ཀྱང་ད་དུང་བདག་འཛིན་གྱི་དབང་དུ་འགྲོ། ལས་གསོག། ༈ ཡིན་ཀྱང་དྲང་དོན་དུ་སོ་སྐྱེའི་ཚུལ། པར་དོར་སངས་རྒྱ་ཚུལ་མཛད། སྐུ་ཚེ་དེར་སྤྱོད་པ་མ་མཛད་པ་གདུལ་བྱའི་དབང་གིས་ཡིན། ཞང་ཞུང་པས་སྤྱོད་པ་བྱེད་དགོས་ཞེས་མཁས་གྲུབ་རིན་པོ་ཆེར་ཞུས་པན་ནུས་པ་ཐོན་གསུངས། བྱང་སྒྲ་མི་སྙན་ནས་ཤིང་ ཐོག་ཕྱག་བརྐྱངས་ནས་བླངས་པས། དེ་ཙམ་གྱིས་མི་ཆོག་གསུངས། སླར་བྲག་ལ་འབྱར་བ་མཛད་པས། ཨ་རན་འདུག་ཀྱང་རྗེའི་བཀའ་སྲོལ་འདི་ལ་དེ་འདྲ་མེད་གསུངས་ཚུལ། ༈ ། ཞེས་པའི་སྐབས་སྟོང་ཉིད་ངོ་མ་རྟོགས་པ་མ་རེད། ༈ འདི་ལ་སོ་མེད་ཀྱང་རྙིལ་གྱིས་འདྲད་ཅེས་རྟོགས་པ་མ་སྐྱེས་ཀྱང་སྨོན་ལམ་དང་འདུན་པ་ཚུན་སྦྱང་དགོས། ། དབུགས་བརྩེགས་ཆེ་བ་ལ་ངན་པའི་ངེས་པ་མེད། སྐྱེས་བུ་དམ་པ་ལ་ཡང་དེ་ལྟར་འབྱུང་བ་འདུག་སྐུ་འབུམ་མཁན་པོ་རབ་བརྟན་རྒྱ་མཚོ་ཞེས་པ་སྐུ་བོངས་ཆེ་བ་ཞིག་ཡོད། དེ་གཤེགས་སྐབས་དབུགས་ཤིན་ཏུ་བརྩེགས་པ་འདུག་ཀྱང་རྗེས་སུ་ཕྱག་འཁྱུད་རྒྱ་ མཛད་འདུག་པ་ངོ་འཕྲོད་ཡོད་ཚོད་རེད། རྗེས་སུ་རྗེ་འཇམ་དབྱངས་བཞད་པས་དེ་འདྲ་ལ་ལྟོས་པ་མེད། དབུགས་བརྩེགས་པ་མི་རིགས་ཀྱི་ཁྱད་ཡིན་གསུངས། མི་ཤིས་ལ་ངེས་པར་བལྟ་དགོས། ཞག་ཁ་ཤས་བར་སེམས་ལ་སྐྱོ་ཤས་ཆེན་པོ་སྐྱེ། དེའི་ [036B] ཞག་ཁ་ཤས་ནས་མེད་འགྲོ། ཁོ་ཤི། ང་འདུག་སྙམ་ནས་འཇིགས་སྣང་མི་སྐྱེ། སྤྱིར་ཆོས་བྱེད་པ་དཀོན། དེའི་ནང་ནས་ཀྱང་འཆི་ཆོས་བྱེད་པ་དཀོན། བར་དོ་འཕྲིང་སྒྲོལ་གྱི་གསོལ་འདེབས་བློར་བཟུངས་ནས་འདོན་དགོས་ ཐང་སྟོང་གསུང་མ་ཎི་ཡོད་པའི་གསོལ་འདེབས་དེ་ཡང་བཟང། ཐང་སྟོངས་ཡང་ཁྱད་པར་ཅན་ཞིག་ཡིན་ངེས། རྔེ་དགེ་འདུན་རྒྱ་མཚོར་དགག་པ་བྱས་པས་བཀྲས་ལྷུན་པས་ཁས་མི་ལེན། ཞང་གཡུ་བྲག་པས་རྒན་མོ་ཞིག་གིས་བཟང་འབྲེལ་མ་བཞག་པས་ངན་ འབྲེལ་འཇོག་དགོངས་ནས་རྒན་མོའི་ཞིང་ཐོག་རྟ་རྒྱུག་མཛད་ཀྱང་རྒན་མོ་ལས་ངན་པས་ཁོང་ཁྲོ་མ་ཟོས་པ་རེད། ༈ ལྷད་ཅན་མེད་གསུངས། ༈ ལྡན་སྨོན་ལམ་བཙུགས། དགའ་ལྡན། སེ་འབྲས་ཕྱག་བཏབ། འཕྲིན་ལས་འུར་ལངས་པའི་སྐབས་ཀྱང་རྗེའི་སློབ་མ་རྟོགས་ལྡན་པ་གྲ་ཡོད་མི་ཤེས་པར་མལ་དྲོ་སྤང་སར་བཞུགས་ནས་སྒྲུབ་པ་མཛད། ཟུང་འཇུག་འགྲུབ་པ་ཡིན། འདི་སྒྲུབ་བརྒྱུད་ ཀྱི་བཀའ་བབས་ཡིན། ཤེར་སེང་སོགས་རྒྱུད་ཀྱི་བཀའ་བབས། འཇམ་ཆོས། བྱམས་ཆོས། དགེ་འདུན་གྲུབ་སོགས་མཚན་ཉིད་ཀྱི་བཀའ་བབས། སྔགས་ཀྱི་སྒྲུབ་ཐབས་ཙམ་ཡང་འདོན་ཁ་མི་ཉན། ༈ མཛད་པས་སྐུ་གོང་མ་ལ་ཡོན་ཏན་གང་ཡོད་རྗེས་མར་བྱུང་བས་འཕྲིན་ལས་ཤིན་ཏུ་རྒྱས། ་གྲོང་འཇུག་འདི་རྗེ་རིན་པོ་ཆེའི་མན་ངག་གི་གྲོང་འཇུག་རེད། ། ༈ ༈ [037A]༄༅། །ཉིད་ཡིན་ཚད་རྟོགས་དགོས། ༈ སྔགས་ཀྱི་དབེན་གསུམ་སོགས་ཀྱི་སྐབས་རྟོགས་པ་གཉིས་ཤིན་ཏུ་ཁྱད་ཆེ། དེ་བཞིན་དུ་སྔགས་ཀྱི་དོན་གྱི་འོད་གསལ་གྱི་རྟོགས་པ་དང། བར་ ཆད་མེད་ལམ་གྱི་རྟོགས་པ་ཡང་ཤིན་ཏུ་ཁྱད་ཆེ། ༈ གསོལ་འདེབས། འཕྲིན་བཅོལ། བཤགས་པ་བྱས། ཀུན་སློང་བཅོས་ནས་བལྟ་དགོས། ༈ བུའི་གླིང་པ་ལ་དགོངས་ནས་གསུངས་པ་ལས། འོག་མིན་ན་ནང་གི་མངོན་བྱང་མངོན་དུ་བྱེད་སྐབས་འདིར་ཉི་ཟླ་མེད་པས་ཕྱིའི་མངོན་བྱང་ཐོ་རེངས་ཀྱི་ཐ་སྙད་མི་འཇུག་གོ། འདིའི་འོག་མིན་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་གོང་གི་གནས་བཅོ་ བརྒྱད་པ་དེ་ཡིན། བྱང་སེམས་རྒྱུན་མཐའ་བ་རྣམས་འདིར་བཞུགས། གཟུགས་ཁམས་གནས་རིགས་བཅུ་དྲུག་ཅེས་པ་ཚངས་ཆེན་མ་བགྲངས་པ་ཡིན། སྲིད་པ་ཐ་མ་བས་འོག་མིན་དུ་སྔགས་ལམ་དུ་ཞུགས་ཏེ་རིམ་པ་ཐ་མ་གཉིས་སྐྱེས་ནས་མངོན་བྱང་ཐོབ་ པར་གསུངས་པ་ལ་ཕྱིའི་མངོན་བྱང་ཡོད་མེད་ཐག་ཆོད་དཀའ་བར་ཡོད། ༈ གྲངས། ན་གཉིས་པ་ནི་ཞེས་བ་ནས་ཚུགས། སངས་རྒྱས་རྣམས་ལ་རྣམ་སྣང་མེད་ན་ལུས་མེད། འོད་དཔག་མེད་མེད་ན་ངག་མེད་འགྲོ་ཞུས་པ་ དེའི་ཁུངས་འདི་དག་ཡིན། དེ་ནི་རྩ་རྒྱུད་ལས། བདག་གི་ལུས་ལ་སྣང་མཛད་བཞག། ཅེས་སོགས། ༈ [037B] ༈ སྒྲ་དོག་པའི་དབང་དུ་བྱས་ན། ཡེ་ཤེས་ཀྱི་སྐད་དོད་ཛྙ་ན་ཞེས་པའི་ན་དགག་ཚིག་ཡིན་པས། ་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ ཤེས་ལ་བྱེད་དགོས། ༈ ༈ ༈ བ་མངོན་པར་བྱང་ཆུབ་པའི་མདོ་ཡིན། དེ་ལས་མཛད་པ་རྒྱ་ཆེ་ཞིང་གྲུབ་མཐའ་གོང་མ་དང་མཐུན་པ་ནི་རྒྱ་ཆེར་རོལ་པ། དེ་ལས་ཀྱང་གསང་བའི་རྣམ་ཐར་དག་ནི་གསང་བ་བསམ་གྱིས་མི་ཁྱབ་པའི་མདོར་གསུངས། ༈ ༈ བྱེ་མདོའི་ལུགས་དང། ཕར་ཐེག་གོང་མའི་ལུགས་དང། སྔགས་ལུགས་སོགས་འཚང་རྒྱ་ཚུལ་མི་འདྲ་བ་རྣམས་གསུངས། ༈ འགྱངས་ ལ༑ ༈ གསེར་ལྟ་བུའི་སེམས་བསྐྱེད་ནས་རིགས་ངེས་པས་དམན་ལམ་དུ་ལྟུང་བ་མེད་དོ། ། ༈ །ཞེས་པ་ གོས་ཀྱི་སྐད་དོད་ཀྱི་སྟེང་ནས་གཞན་བཤད་རྒྱུ་ཡོད་འདྲ། ༈ ༈ ས་བོན་གྱི་བག་ཆགས་ [038A]༄༅། །ཤེས་སྒྲིབ། ༈ །ཅེས་པའི་རྩོད་པ་ནི་ཕྱིར་རྒོལ་གྱི་འདོད་པ་དང། འཆད་པ་ནི་ཉན་པ་པོའི་བློ་ཚོད་དང་བསྟུན་ནས་འཆད་པས་གཞུང་རང་གི་དགོངས་པ་ངོ་མ་འཆད་པའི་ངེས་ པ་མེད། རྩོམ་པ་དགོངས་པ་རང་ངེས་ཅན་ཡིན་གསུངས། ༈ རིགས་ལྡན་འཁོར་བསྒྱུར་དྲག་པོ་རྩོད་དུས་བྱོན་པ་ཇི་ཡིན་ཞེས་དོན་ཁང་རིམ་བཞིས་དྲི་པ་ཞུས་པར། སྤྱིར་གྲུབ་མཐའ་གོང་མའི་ལུགས་དང་ མཛོད་མི་འདྲ་བ་དང། འདི་གསང་སྔགས་བསྒྲུབས་པའི་འཁོར་བསྒྱུར་ཡིན་ཚུལ་གྱི་ལན་མཛད་ཚུལ་གསུངས། ༈ ༈ སངས་རྒྱས་ཀྱི་བ་སྤུའི་ཡོན་ཏན་བསམ་གྱིས་མི་ཁྱབ། དེ་རེ་རེ་ན་ཞིང་རབ་འབྱམས་བསམ་གྱིས་མི་ཁྱབ་པས་བརྗོད་མི་ནུ་བ་ཡིན། ༈ སྐྱེ་བ་གསུམ་ལ་རྟོགས་ནུས། ཐེག་ཆེན་བུལ། ས་དང་པོ་ཐོབ་ པ་ལ་གྲངས་མེད་དང་པོའི་ཚོགས་རྫོགས་དགོས། འོན་ཀྱང་རྟོགས་ཟིན་ནས་ནམ་མཁའ་དང་ལག་མཐིལ་ལྟ་བུའི་ཁྱད་ཆེ། ༈ དེ་ཀུན་མཁྱེན་བླ་མར་ཞུས་པས། ཁྱོད་ཚེ་འདིར་སྟོང་ཉིད་མངོན་སུམ་རྟོགས་མི་ནུས། དོན་སྤྱིའི་ཚུལ་གྱིས་རྟོགས་ནུས་གསུངས་པར་ཁོང་སེམས་ཕམ་ནས་དུས་བས། ཁྱེད་སྔགས་ལམ་ནས་བགྲོད་ཀྱི་ཡིན་ན་མ་གཏོགས་ས་དང་པོ་ཐོབ་པ་ལ་གྲངས་ [038B] ཟུང་འཇུག་གི་སྐད་དོད་ཡུ་ག་ན་དྭ་ཞེས་པ། དྭ་གཉིས། ན་དགག་ཚིག། ༈ ༈ སུམ་དུ་རྟོགས་པ་ཚང་མ་སྐད་ཅིག་མ་རེ་ཡིན། རྒྱུན་མཐའ་ཡང་དེ་ཡིན། སྦྱོར་ལམ་གྱི་སྐབས་དོན་སྤྱིའི་ཚུལ་གྱིས་རྟོགས་པ་དང་པོ་རྗེས་དཔག་ཚད་མ་དེ་སྐད་ཅིག་མ་ཡིན། དེ་ཕྱིན་ཆད་ན་རྟོགས་ཟིན་རྟོགས་པ་ཡིན་པས་དཔྱད་ཤེས་ཡིན། འདི་རྣམས་ ཡུན་རིང། འདིའི་དཔེ་མི་ངོ་ཤེས་ལྟ་བུ་དང་པོ་ཕྲད་པ་དང། རྗེས་སུ་ཕྲད་ཟིན་གྱི་རྣམ་པ་ཡིད་ལ་ཤར་བའོ། ། ༈ དོན་སྤྱིའི་གཉིས་སྣང། བདེན་གྲུབ་ཀྱི་གཉིས་སྣང་གསུམ་ཡོད། ༈ པ་ཐོབ་པ་ནས་མཉམ་གཞག་དང་སྤྱོད་ལམ་བསྲེ་ནུས། དེ་བསྲེ་ནུས་ཞེས་པ་ལྷ་ལྷ་བུ་བསྒོམ་བཞིན་འགྲོ་འཆག་གི་སྤྱོད་ལམ་བྱས་ཀྱང་མི་གནོད་པ་ཡིན། ༈ འདི་ཚིག་གི་སྟེང་ནས་ངེས་པ་ཡིན། དེ་ནས་སྒྲ་ཚིག་ལ་ མི་ལྟོས་པར་དོན་བློ་ལ་ཤར། ཤར་ལུགས་སྐད་ཅིག་མར་འཆར། འདི་བསམ་བྱུང། དེ་ནས་མི་རྟག་པའི་དོན་སྤྱི་ཤར། དེ་ལ་གསལ་སྣང་ཐོན། འདི་སྒོམ་བྱུང་ཡིན། གསལ་སྣང་འདི་དག་རྟོག་པའི་གསལ་སྣང་ཡིན། གསལ་སྣང་ལ་རྟོག་པའི་གསལ་སྣང་དང་ མངོན་སུམ་གྱི་གསལ་སྣང་གཉིས་ཡོད། སྒྲ་འཛིན་རྣ་ཤེས་དང་གཟུགས་འཛིན་མིག་ཤེས་མངོན་སུམ་ཡིན། ཕྱི་རོལ་པས་རྟོག་པར་འདོད་མཁན་ཡོད། ༈ རྩེ་མོའི་སྐབས་རྣམ་བྱང་གཟུང་རྟོག་ [039A]༄༅། །བཟོད་པའི་སྐབས་གཟུང་འཛིན་རྟོག་པ། ཆོས་མཆོག་སྐབས་རྫས་འཛིན་རྟོག་པ་མངོན་འགྱུར་བ་སྤངས་པ་ཡིན། ༈ ཐ་མ་གཅིག་སྒོམ་ལམ་དུ་འདོད། དེ་ ཡང་ར་ཟམ་ཐོག་བཏང་བ་ལྟར་རིམ་ཅན་དུ། སྡུག་བསྔལ་ཆོས་བཟོད་ཚད་མ། ཆོས་ཤེས་དཔྱད་ཤེས། དེ་བཞིན་སྤེལ་མར་འདོད། རང་རྒྱུད་པས་ཤེས་པ་བརྒྱད་ཅིག་ཅར་སྐད་ཅིག་མ་གཅིག། བཟོད་པ་བརྒྱད་སྐད་ཅིག་མ་གཅིག་ཏུ་འདོད། ༈ གཟུགས་ཞེས་པ་མིང་འདུ་ཤེས། འདུ་བྱེད། ཚོར་བ། རྣམ་ཤེས་བཞི། གཟུགས་གཟུགས་ཕུང་བཅས་གདགས་གཞི་ཕུང་ལྔ་ཡིན། ༈ བཞག་པའི་བག་ཆགས། རྫས་རྒྱུན་ཉོན་མོངས་སྔ་མ་ཕྱི་མ་སྐྱེ་ པའི་བག་ཆགས་ལྟ་བུ། བཞག་པའི་བག་ཆགས་་དགྲ་བཅོམ་ལ་སྤྲེའུ་ལྟར་འགྲོ་བ་དང་ཀུ་ཅོ་སོགས་ཡོད་པ་ལྟ་བུ། ༈ ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་པ་དང། །ཉོན་མོངས་ཅན་མིན་ཤེས་སྒྲིབ་ཡོད་པ་འགལ། །ཞེས་ འཕངས་པར། རྗེ་འཇམ་བཞད་ཀྱིས། ཤེས་པར་གྱུར་པའི་ཤེས་སྒྲིབ་མེད་གསུངས། ཉོན་མོངས་ཅན་མ་ཡིན་པའི་ཤེས་སྒྲིབ་ཡོད་ཅེས་རྗེའི་གསུང་གང་ན་ཡང་མེད་ཅེས་ལན་མཛད། ༈ འགྲེལ་པ་རྒྱུད་ འགྲེལ་གཏན་འབེབས་ཡིན། ༈ བྱ་རྒྱུད་ལ་བདེ་སྟོང་སྦྱོར་ཚུལ་ཡོད། སྲིན་བུའི་ཚུལ་གྱི་ [039B] ༈ བྲིས་ཆ་ལ་དགེ་སློང་ཞིག་བྲིས་སྣང། བྱང་སེམས་ལ་དེ་ལྟར་ཡོད་ཚོད། དེས་ན་སྔགས་ལ་ལོས་ཡོད། དེ་ཐམས་ཅད་ལ་སྟོང་ཉིད་རྟོགས། རང་བཞིན་ཤེས་ པ་དགོས། ༈ དགག་བྱའི་གཉིས་སྣང་ནི་བདེན་གྲུབ་སོགས་ཀྱི་གཉིས་སྣང། ༈ གྲངས། ན་ནས་ཚུགས། ན་ཉན་ཐོས་ལ་སོགས་པ་དམིགས་ པར་ལྟ་བ་རྣམས་ཀྱི་ཞེས་པ་ཉན་ཐོས་སྟོང་ཉིད་མ་རྟོགས་པ་རྣམས་ལ་བྱེད། དེ་ནི་མཚན་མར་དམིགས་སྒོ་ནས། །ཞེས་རང་རྒྱུད་པས་ཉན་རང་འཕགས་པས་སྟོང་ཉིད་མ་རྟོགས་པར་འདོད་ཀྱང། ཐལ་འགྱུར་བས་འཕགས་པ་ལ་སྟོང་ཉིད་རྟོགས་པས་ཁྱབ་པར་འདོད་ ༈ ༈ ་ཇི་ལྟར་གྲོང་ཁྱེར་སེར་སྐྱའི་མི་གཙང་ལུད། །དེས་ནི་བུར་མ་ཤིང་གི་ཞིང་ལ་ཕན། །་་ཞེས་གསུངས་པ་ལྟར་ཕར་ཐེག་གི་བྱང་སེམས་ཀྱིས་ཀྱང་ཉོན་མོངས་ལམ་དུ་ཁྱེར་བ་རྐྱེན་ཙམ་ལས། ཉེར་ལེན་ དུ་མི་འགྱུར། གསང་སྔགས་ཉེར་ལེན་དུ་འགྱུར་བ་ཡོད་པ་ལྟ་བུར་གསུངས་ཀྱང། བདག་གི་བླ་མས། ཉེར་ལེན་དུ་གྱུར་ན་ཉོན་མོངས་ལམ་གྱི་ངོ་བོར་འགྱུར་དགོས་པས་མི་རིགས། འོན་ཀྱང་དེ་ལས་སྐྱེ་བའམ། དེས་རྒྱུ་བྱས་ཏེ་སྐྱེ་བར་ཁས་ལེན་དགོས་ སམ་གང་ལྟར་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་ཁྱེར་གྱི་ཁྱད་པར་ཕྱེད་དགོས། ༈ ། ༈ [040A]༄༅། །འཁྱེར་བ་ལས། སྒེར་རྐྱང་ལམ་ཁྱེར་མེད་གསུངས། ༈ དབུལ་པོ་དེས་པའི་མདོ་སོགས་བལྟ་ན་གནད་ཆེ། རྗེ་ཉིད་གཞུང་གི་ཆོས་འདོན་སྐབས་ག་ལེར་གཟིགས་ཚུལ་གསུངས། ༈ བའི་ཕུན་ཚོགས་སྤང་བྱར་བྱས་ཀྱང། དལ་འབྱོར་གྱི་རྟེན་ནམ་ལུས་དོན་གཉེར་དགོས་པ་ལྟ་བུ། ༈ །ཞེས་མདོ་ལས་གསུངས་པ། ཐལ་འགྱུར་བས་སྟོང་ཉིད། སེམས་ཙམ་པས་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་ རང་རྒྱུད་པས་བདེན་མེད། མདོ་སྡེ་པས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ། བྱེ་སྨྲས་མི་རྟག་པ་བསྟན་པར་འདོད། ༈ རིགས་ལ་ཡང་ཆགས་མེད་འཕགས་པའི་རིགས་ཞེས་འདོད། དེ་ཡན་གྱིས་ འཁོར་རྩམ་རིག་པར་འདོད། ༈ ཐལ་འགྱུར་བས་དྲུག་པ་ཡིད་ཀྱི་རྣམ་ཤེས། ༈ བུའི་སྡུག་བསྔལ་ལས་བདེ་བ་སྐད་ཅིག་ཀྱང་མ་བྱུང་བས་ཕམ་པ་མ་བྱུང། ༈ ལྷ་སྒོམ་བཀའ་བརྒྱུད་རྙིང་མ་སོགས་བཟང་ཟེར་མཁན་མང། དེ་ནི་རྒྱུ་དགེ་ལུགས་པར་ཡོད། འབྲས་བུ་གཞན་ཕྱོགས་ པར་ཡོད་ཟེར་བ་དང་འདྲ་སྟེ། ཏིང་ངེ་འཛིན་གྱི་ཚོགས་བསྡུས་པ་ཚུལ་ཁྲིམས་ཡིན། དེས་ན་ཚུལ་ཁྲིམས་ལས་ཏིང་འཛིན། དེ་ལས་ཤེས་རབ་རྣམས་འབྲེལ་མར་སྒྲུབ་པའི་རྒྱུ་འབྲས་ཡིན་པས་རྒྱུ་དགེ་ལུགས་པས་བྱས། འབྲས་པུ་གཞན་ལ་གྲུབ་པ་ [040B] ༈ ངེས་འབྱུང་རྣམ་དག་ཡོད་ན་གུམ་གུམ་བྱས་ནས་འདུག་མ་དགོས་པ་འདུལ་བ་རང་ནས་ གསུངས་གསུངས། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཤུགས་དྲག་ཡོད་ན་བྱང་སེམས། ཟབ་མོའི་ལྟ་བ་རྣམ་དག་ཡོད་ན་སྔགས་ཀྱི་ལམ་དང་དམ་ཚིག་བསྲུང་བདེ་བ་སོགས་སྦྱར་ནས་གསུངས། ༈ བུད་མེད་བསྟེན་པ་ལས་ཀྱི་ཕྱག་རྒྱ་ཡིན། །ཤ་ཆང་ཟ་ བ་ཚོགས་ཀྱི་འཁོར་ལོ་ཡིན། །ཞེས་གསུངས་པ་སོགས་ཀྱི་ལོ་རྒྱུས་ཀྱང་རྒྱས་པར་གསུངས། ༈ ༈ དེ་རྒྱས་ན་ཀུན་ད་ལྟ་བུའི་ བྱང་སེམས་རྒྱས་པ་དང། དེ་རྒྱས་ན་བདེ་ཆེན་འབར་བ་རྒྱས་པ་དང། དེ་རྒྱས་ན་བདེ་བས་སྟོང་པ་ངེས་པའི་བདེ་སྟོང་གི་ཡེ་ཤེས་སྟོབས་ཆེ་བ་དང། དེ་ཆེ་ན་སྤང་བྱ་ཉོན་མོངས་སྤོང་བ་ལ་ལམ་ཤིན་ཏུ་མྱུར་བའི་དགོས་པ་ཡོད། ༈ རྒྱལ་སྲས་ཞི་བ་ལྷ་དེ་འདྲ་ཡིན་ཚོད། ཀླུ་སྒྲུབ་ཀྱིས་གསེར་འགྱུར་མཛད་པ་ཁྱོད་ཀྱིས་མི་མང་པོ་བསླུས་པ་རེད་ཅེས་བཙན་ཕུད་བྱས། ཟླ་གྲགས་རི་མོར་བྲིས་པའི་བ་ལས་འོ་མ་བཞོས་པས་ཁྱོད་ཕྱི་རོལ་བའི་རིག་སྔགས་མཁན་ཞིག་རེད་ཅེས་བཙན་ཕུད་བྱས། ཞི་བ་ལྷ་ གང་ཡང་མི་ཤེས་ཟེར་ནས་བཙན་ཕུད་བྱས། དེ་ཐམས་ཅད་ཕྲག་དོག་རེད། ༈ ཕྱི་མ་ནི་དབང་ཕྱུག་ཆེན་པོ་ལ་ཡོད་པའི་ཡོན་ཏན། སྔ་མ་ནི་སངས་རྒྱས་ལ་ཡོད་པའི་ཡོན་ན་ནོ། ། ༈ [041A]༄༅། །པར༑ དལ་འབྱོར་འདི་ནི་ཞེས་སགས་དྲངས། ལོངས་སྤྱོད་སྦྱིན་པས་གྲོགས་བྱེད་དགོས། ལུས་ཚུལ་ཁྲིམས། འཁོར་ཕུན་ཚོགས་བཟོད་པ། བརྩོན་པ་ཕུན་ཚོགས་བརྩོན་འགྲུས། རྟག་ཏུ་ཉོན་མོངས་དབང་ཉིད་ མི་འགྲོ་བ་ཏིང་འཛིན། བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པ་ཤེས་རབ། སྨོན་ལམ་དྲི་མ་མེད་ལུགས་ཚོ་འདི་སྣང་གི་ཞེན་པ། དེ་ལས་རབ་འཁོར་བའི་ཞེན་ཆགས། དེ་ལས་རང་དོན་ཡིད་བྱེད། དེ་ལས་སྔགས་ལ་་རྒྱུའི་རྙེད་དཀའ་འདི་བསམ་དགོས་ སྐྱེས་བུའི་སྐད་དོད་པུ་རུ་ཥ་ཞེས་པ་ནུས་ལྡན་ལ་འཇུག་པས། འདིའི་དངོས་བསྟན་གྱི་སྐྱེས་བུ་དེ་ཆུང་ངུ་ལ་ཆེ་འབྲིང་ཆུང་གསུམ་ཕྱེ་བའི་ཆེན་པོ། ཕན་པ་ཞེས་པ། ཕན་དང་བདེ་དང་སྐྱོབ་པ་དང། །ཞེས་ཤེས་མཚན་ལས་བཤད། གལ་ཏེ་འདི་བདག་ འཛིན་པར་་དལ་འབྱོར་འདི་བདག་ཏུ་འཛིན་དགོས་པ། དེ་ལ་བརྟེན་ནས་བཀའ་གདམས་པས་འཇིག་ལྟ་ལ་སངས་རྒྱས་ཀྱི་གདུང་ཞེས་གསུངས། རང་རེས་ཚེ་འདི་ལས་ཕྱི་མ་ཕན་ཆད་ལ་བདག་བཟུང་མེད། གཞན་དབང་དམྱལ་སྲུང་གིས་བཀོལ་བ་ ཐོ་ལུམ་ཟར་འཇུག་པ། ཕྱི་ནས་གང་གིས་སློང་ཞེས་པ་ཚེ་ཚད་ཀྱིས་ཤེས། མཛོད་ཀྱི་ལུང་མཛད། ཤི་རྒྱུ་མེད་པ། ༈ མི་རྟག། ལས་འབྲས་གསུམ་གང་རུང་གིས་བསྐུལ་དགོས། འདི་རྣམས་ལ་གོ་རིམ་མེད། རྗེའི་གསུང། འཆི་བ་ བསམ་ན་་་་་ཞེས་གསུངས། འཁོར་བའི་སྡུག་བསྔལ་ལ་ཡིད་འབྱུང་སླ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལ་ཡིད་འབྱུང་དཀའ། ངེས་འབྱུང་ཞེས་པ་གདོན་མི་ཟ་བར་ཡིད་འབྱུང་བ་ཞེས་སྐད་དོད་ཀྱི་སྟེང་ནས་བཤད་རྒྱུ་ཡོད། སེམས་བསྐྱེད་ [041B] རང་དོན་དོན་གཉེར་གཉིས་སྔོན་དུ་འགྲོ་དགོས། སེམས་བསྐྱེད་ཅེས་པའི་སྟེང་ནས་ཤེས་དགོས། རང་རེ་སེམས་རྒྱ་ཆུང་ཆུང་འདི་སྣང་མ་གཏོགས་མེད། རྒྱ་གར་རྒྱ་ནག་ལ་སོང་ན་ཡང་སེམས་རྒྱ་ཆུང་ཆུང་དེ་རང་རེད། སྤྲང་པོ་ དེ་ལས་ཆུང། ཉིན་རེ་མ་གཏོགས་མི་བསམ། དེ་ལས་རྒྱ་བསྐྱེད་དགོས། སྐྱེས་བུ་ཆུང་ངུའི་སེམས་ཙམ་བསྐྱེད་ན་ཅུང་ཟད་རྒྱ་བསྐྱེད། དེ་ལ་འབྲིང་གི་འཁོར་བའི་སྡུག་བསྔལ་བསམས་ཏེ་འཁོར་བ་ལས་ཐར་འདོད་བསྐྱེད་པ་དེ་དེ་ལས་རྒྱ་བསྐྱེད། ཆེན་པོས་ནམ་མཁའི་ མཐའ་ཁྱབ་ལ་དམིགས། སངས་རྒྱས་ལ་དམིགས་པས་ཤིན་ཏུ་རྒྱ་བསྐྱེད། སྔགས་ལ་དེ་ལས་ཀྱང་སེམས་ཅན་གྱི་སྡུག་བསྔལ་ཇ་སྦྱོར་གཅིག་གི་ཡུན་ཀྱང་མི་བཟོད་པ་དགོས། དེ་ལྟ་བུས་ཀུན་ནས་བླངས་ཏེ་སེམས་བསྐྱེད་པ་སྔགས་ལ་འཇུག་པའི་སྒོ། དེ་ན་ དབང་ཐོབ། དམ་ཚིག་བསྲུང། དེ་ཡང་དམ་སྦྲགས་ཀྱིས་ཤེས། དེ་ནས་བསྐྱེད་རིམ། དེ་ནས་རྫོགས་རིམ། གསང་འདུས་རྫས་ཀྱི་ཐིག་ལེས་རླུང་དབུ་མར་བསྡུད་དེ་ནས་སྙིང་གར་བསྡུད་དེ་ནས་སྒྱུ་ལུས། དེ་ནས་འོད་གསལ་སོགས་གསུངས། སྒྱུ་ལུས་ཐོབ་པའི་རེ་བ་མེད་ ཀྱང་གོ་བ་ལེགས་པར་ཆགས་ན་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་དང་འདྲ་བའི་ཕན་ཡོན་ཡོད་པར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ཀྱི་ཊཱིཀྐ་ར་གསུངས། དེ་ནས་སློབ་མི་སློབ་ཀྱི་ཟུང་འཇུག་སོགས་འབྲས་བུ་འགྲུབ་ཚུལ་བར་གསུངས་ནས། ས་བཅད་བཞི་པའི་ལུང་ནས་དབུ་ ཚུགས། བཤད་ལུང་ལ་དོན་བསྡུ་དང་དཀའ་གནད་རེ་གསུངས། དེ་མིན་ལུང་ཙམ་གྱིས་ཀྱང་འཐུས། སྲིད་པ་ཐ་མ་པ་སྔགས་ལ་འཇུག་སྐབས་ཕྱིའི་མངོན་བྱང་འཇོག་དཀའ། དེ་ཟླ་ཉི་མུན་པ་གསུམ་གྱི་སྒྲིབ་བྱེད་དང་བྲལ་བའི་ཐོ་རེངས་ཀྱི་ [042A]༄༅། །དུས་སུ་ཐོབ་པས་ཕྱིའི་མངོན་བྱང། སྣང་མཆེད་ཐོབ་གསུམ་གྱི་རྗེས་སུ་ཐོབ་པས་ནང་གི་མངོན་བྱང། ༈ དང་ཐུན་མོང་བ་ཡིག་སྤྱིའི་དོན། དབེན་གསུམ། ལྷག་པར་སེམས་དབེན་གྱི་འོད་གསལ། སྦས་དོན་གྱི་འོད་གསལ། ཟུང་འཇུག་སྐབས་ཀྱི་འོད་གསལ། མཐར་ཐུག་གི་འོད་གསལ། ༈ དབྱེར་མེད་ཀྱི་གནད་ཡིན། ཤིན་ཏུ་གསང་བ་ཡིན་གསུངས། ་འདི་ཁོ་བོས་སྒོ་མང་ཆོས་དར་རིན་པོ་ཆེ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་དཔལ་བཟང་པོ་ལས་ཞུས། དེས་ཞང་རིན་པོ་ཆེ་དང། ཨ་ཁུ་རིན་པོ་ཆེ་ཤེས་རབ་རྒྱ་མཚོ་གཉིས་ཀ་ལས་གསན་ གསུངས།། །།༄༅། ཡང་རིམ་ལྔ་གསལ་སྒྲོན་གྱི་གསུང་ཕྲིན་ཁག་གཅིག་ལ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོའི་གསུང། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག། ཅེས་སོགས་ལས་བརྩམས་པའི་ ཀུན་སློང་ཀུན་སྤྱོད་སོགས་སྤྱི་ལྟར། གང་གསན་བྱའི་ཆོས་ཐེག་ཆེན། དེའི་ནང་ནས་གསང་སྔགས། དེའི་ནང་ནས་ཆེས་མཆོག་ཏུ་གྱུར་པ་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྫོགས་རིམ་གྱི་བཤད་ཁྲིད་མདོར་བསྡུས་ཙམ་འབུལ་བ་ སྤྱིར་རྗེའི་གསུང་གི་ནང་ནས་ལམ་རིམ་ཆེན་མོ་དང། སྔགས་རིམ་ཆེན་མོ་ཞལ་ཆེམས་ཡིན་གསུངས་པས་དེ་གཉིས་གཙོ། ལྷག་པར་གསུང་གི་ཡང་སྙིང་ནི་སྔགས་ལ་རིམ་ལྔ་གསལ་སྒྲོན་དང། མདོའི་དེ་དྲང་ངེས་ལེགས་བཤད་སྙིང་པོ་དང། ལམ་ [042B] རྗེ་ཡབ་སྲས་ཀྱིས་འདུས་པ་གཙོ་བོར་བཀྲལ་བ་ལམ་དེ་ཡིས་ཟུང་འཇུག་གི་གོ་འཕང་མངོན་དུ་མཛད་པས་ཡིན། རྫོགས་རིམ་གྱི་སྔོན་དུ་བསྐྱེད་རིམ་ངེས་པར་འགྲོ་དགོས། འདུས་བའི་བསྐྱེད་རིམ་གྱི་གཞུང་རང་ལུགས་ཤིན་ཏུ་ མང་ཡང་མཆོག་ནི་རྗེའི་དགོངས་པ་དངོས་གྲུབ་རྒྱ་མཚོ། རྫོགས་རིམ་ཐམས་ཅད་ནས་ས་གསུམ་གྱི་ནོར་བུ་གཅིག་པུ་ནི་རིམ་ལྔ་གསལ་སྒྲོན་འདི་ཡིན། གསང་སྔགས་འདིར་ཐོབ་བྱ་ཟུང་འཇུག་ལ་དམིགས། དུས་ཀྱང་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་ རྒྱ་བར་བྱེད་པ་ཡིན། གསལ་སྒྲོན་དབུས་སྤར་གྲངས་ནས། འཇམ་དབྱངས་ལ་ཕྱག་འཚལ་ཐོག་མར་འབྱུང་བ་རྗེའི་དངོས་ཀྱི་བླ་མ་ཞལ་གཟིགས་མཆོག་བླ་སློབ་ཀྱི་ཚུལ་དུ་འདུས་པའི་ཟབ་གནད་མཐའ་དག་བསྟན་པས་ན་འདིར་སྦས་པའི་ཚུལ་གྱིས་དེ་མཐའ་དག་བསྟན་པས་ན་འདིར་སྦས་པའི་ཚུལ་གྱིས་དེ་བསྟན་ བསྟན་ཕྱིར་འཇམ་དབྱངས་ལ་བསྟོད་ཕྱག་མཛད། ཡོན་ཏན་བུམ་ནང་གི་མར་མེ་ལྟར་སྦས་ཏེ་གསུམ་ལྡན་རྡོ་རྗེ་འཛིན་པའི་ཚུལ་ལས་མི་གཡེལ་ཀྱང། འཇམ་དབྱངས་དངོས་ཀྱི་བླ་མ་མཛད་པ་འདི་རྗེ་ཉིད་ཀྱི་ཞལ་ནས་ཐོན་པ་མང། ལེགས་ བཤད་སྙིང་པོར་ཡང། འཇམ་དབྱངས་བླ་མའི་དྲིན་གྱིས་ཞེས་ཞལ་གྱིས་བཞེས། རྨད་བྱུང་མཚན་དཔེའི་སོགས་ཀྱིས་ཡན་ལག་བདུན་ལྡན་བསྡུས་པའི་སྒོ་ནས་རྡོ་རྗེ་འཆང་ལ་བསྟོད་ཕྱག་མཛད་པ་སྟེ། ཡན་ལག་བདུན་ནི། ལོངས་སྤྱོད་རྫོགས་པའི་ ཡན་ལག་དང། ཁ་སྦྱོར་གྱི་ཡན་ལག། བདེ་བ་ཆེན་པོའི་ཡན་ལག། རང་བཞིན་མེད་པའི་ཡན་ལག། རྒྱུན་མི་འཆད་པའི་ཡན་ལག། འགོག་པ་མེད་པའི་ཡན་ལག། སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག་གོ། དང་པོ་ནི། ཕར་ཐེག་ལྟར་ན། ཐེག་ [043A]༄༅། །ཆེན་གྱི་ཆོས་རྫོགས་པར་ལོངས་སྤྱོད་པ་ལ་བྱེད། བླ་མེད་འདིར་མཚན་དཔེས་རྫོགས་པར་སྤྲས་པའི་སྐུ་ཡིན་པས་ན་ལོངས་སྤྱོད་རྫོགས་པའི་དང། གཉིས་བ་ནི། སངས་རྒྱས་རང་གི་ཐུགས་བདེ་སྟོང་གི་རྣམ་རོལ་ལས་བྱུང་བའི་ རང་དང་ཐུགས་རྒྱུད་གཅིག་པའི་རང་སྣང་གི་རིག་མ་དང་ཞལ་སྦྱོར་བའི་ཁ་སྦྱོར་བ། གསུམ་པ་ནི། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་ཆེན་ཐུགས་རྒྱུད་ལ་རྒྱུན་མི་འཆད་བས་བདེ་བ། བཞི་པ་ནི། བདེ་བདེ་ཡང་ གདོད་མ་ནས་གྲུབ་པ་མ་ཡིན་པར་ངོ་བོ་ཉིད་སྐུ་ལྟར་རང་བཞིན་གྱིས་སྟོང་པ། ལྔ་པ་ནི། དག་པའི་སྒྱུ་མའི་སྐུ་མཚན་དཔེས་སྤྲས་པ་དེ་ཉིད་འཁོར་པ་མ་སྟོངས་ཀྱི་བར་དུ་རྟག་པར་བཞུགས་པའམ་གནས་པས་ན་རྒྱུན་མི་འཆད་པ། དྲུག་པ་ནི། སྐུ་དེ་ཉིད་ སྐད་ཅིག་མ་ཡིན་པས་གནས་སྐབས་གཞན་དུ་འགྱུར་ཡང་ངོ་བོ་མི་འགྱུར་བས་འགོག་མེད། བདུན་པ་ནི། རང་དོན་མཐར་ཕྱིན་ཀྱང་སྙིང་རྗེ་ཆེན་པོས་ཞི་མཐའ་སྤངས་པ་སྟེ་ཞི་མཐར་མི་གནས་པ་ནི་སྙིང་རྗེས་ཡོངས་སུ་གང་བའི་ཡན་ལག་གོ། རྟག་ རོལ་ཞེས་པས་རྒྱུན་མི་འཆད་པ་དང། འགོག་མེད་ཀྱི་ཡན་ལག་གཉིས་ཀ་བསྟན། གལ་ཏེ་རྒྱུན་མི་འཆད་པ་ནི་འཇུག་པ་དང་ལྡོག་བ་དང་བར་ཆད་པ་དང་བཅས་པ་མིན་པ་ལ་བྱེད་ན་འགོག་མེད་ཀྱང་དུས་ཅུང་ཟད་ཅིག་གནས་ནས་རྣམ་པར་འཇིག་པ་མེད་པ་ལ་བཤད་ པ་གཉིས་ཁྱད་མེད་པས་ཡན་ལག་དྲུག་ཏུ་འགྱུར་རོ་སྙམ་ན། རྒྱུན་མི་འཆད་པ་ཙམ་ནི་སྤྲུལ་སྐུ་ལ་ཡང་ཡོད་པས་འགོག་པ་མེད་པ་ལས་མི་འདའ་བར་འཁོར་བ་ཇི་སྲིད་བར་བཞུགས་པས་ཁྱད་ཡོད། ཡན་ལག་དང་པོ་གསུམ་ཕར་ཕྱིན་དང་ཐུན་ [043B] ཕྱི་མ་བཞི་ཐུན་མོང་བར་མན་སྙེར་བཤད། གསང་བ་ཀུན་འདུས་ཞེས་པས་སྐུ་གསུང་ཐུགས་ཀྱི་གསང་བ་འདུས་བར་སྟོན། ཨིནྡྲ་བྷཱུ་ཏི་ནི་འདུས་པའི་ལམ་གྱི་ཐོག་མའི་གདུལ་བྱ་ཡིན། རྒྱལ་པོ་འདིས་དང་པོར་རྒྱང་རིང་པོའི་ནམ་མཁའ་ནས་ བྱ་དམར་པོ་ལྟ་བུ་མང་པོ་འཕུར་བ་མཐོང། གཞན་ལ་དྲིས་པས་སངས་རྒྱས་ཀྱི་ཉན་ཐོས་སུ་ཤེས་ནས་ཤིན་ཏུ་དད་དེ་སངས་རྒྱས་དང་མཇལ། འདོད་ཡོན་མ་སྤངས་པར་འཚང་རྒྱ་དགོས་ཞུས་པར་སྔགས་ཀྱི་གདུལ་བྱར་མཁྱེན་ནས་འདུས་པ་འདི་བསྟན་ ལམ་བསྒོམས་པས་ཟུང་འཇུག་ཐོབ། འདིའི་ཡུལ་གྱི་སྲོག་ཆགས་ཀླུ་ཚུན་ཆད་ཀྱང་སངས་རྒྱས། ཀླུ་ལས་སྐྱེས་པའི་རྣལ་འབྱོར་མ་ཡང་དེ་ལྟར། ཡུལ་དེར་རྗེས་སུ་ཡུལ་གྲོང་གསར་དུ་ཆགས་པའི་རྒྱལ་པོ་མངའ་བདག་བི་སུ་ཀལ་བར་ཡང་ཀླུ་ལས་ སྐྱེས་བའི་རྣལ་འབྱོར་མས་འདུས་པའི་ལམ་བསྟན་ནས་སངས་རྒྱས་པ་ཡིན། གནས་དེ་ལ་ད་ལྟ་ཨ་རྒྱན་མཁའ་འགྲོའི་གནས་ཞེས་གྲངས། ན་འཇམ་དབྱངས་བླ་མ་ཡི། །ཞབས་ཀྱི་པདྨར་ཞེས་པའི་འཇམ་དབྱངས་བླ་མ་དྲང་དོན་དུ་རྗེ་བཙུན་རེད་མདའ་བ་ ལྟ་བུ་དང། ངེས་དོན་དུ་རྗེ་ཉིད་ལ་ལམ་འདིའི་དཀའ་གནད་གསལ་བར་སྟོན་པའི་ལྷ་འཇམ་དབྱངས་དངོས་ལ་བྱེད་གསུངས་ཀྱང། འཇམ་དབྱངས་གོང་གི་དེ་དང། འདིར་འཇམ་དབྱངས་བླ་མ་ཞེས་པ་རེད་མདའ་བ་ལ་བྱ། ན་ལོ་ཆེན་རིན་ བཟང་ནས་འདི་བར་གཅིག་ནས་གཅིག་ཏུ་བརྒྱུད་པ་མིན་ཀྱང། འདུས་པའི་ལམ་འདི་བོད་དུ་གསལ་བར་མཛད་པ་པོ་ཡིན། ལོ་ཆེན་ཕན་སྔགས་འགྱུར་མི་འདྲ་བའི་སྔགས་རྙིང་མ་དང། དེ་ཚུན་འགྱུར་མི་འདྲ་བའི་སྔགས་གསར་མ་སྟེ་སྔགས་གསར་ [044A]༄༅། །མའི་ཐོག་མ་ལོ་ཆེན་ནས་ཡིན། ཇོ་བོའི་བདེ་མཆོག་གསུངས་སའི་སྣོད་ལྡན་གྱི་སློབ་མ་འདི་ཁོ་ན། རྒྱུད་ཀྱི་ཐུག་ས་འགོས་ལོ་དང། མན་ངག་གི་ཐུགས་མར་པ་ཡིན། འགོས་ལོ་དང། ཆག་ལོ། ལོ་ཕྲང་ཞི་ བ་འོད་སོགས་ཀྱི་གསུང་སྔགས་ལོག་སུན་འབྱིན་སོགས་ཀྱང་བལྟ་དགོས་པ་ཡོད། མདོ་སྔགས་ལ་ཐོས་བསམ་གྱིས་གདམས་པར་ཤར་བ་མེད་ན་ལམ་གཙོ་དང་རིམ་གཉིས་ཀྱི་ཟབ་གནད་མ་འཁྲུལ་བ་མི་རྙེད། རྡོ་རྗེ་འཆང་ཆེན་གཉིས་པའི་མན་ངག་ གིས༑ །ཞེས་པ་ཀླུ་སྒྲུབ་ཀྱི་མན་ངག། བ་བདེ་བའི་མགོན་པོ་ནི། གྲུབ་ཆེན་མགོན་པོ་བདེ་བ་ཆེན་པོ་ཞེས་པ་རྒྱ་གར་གྱི་གྲུབ་ཐོབ་རྒན་ཤོས། ལེགས་པར་བཤད་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཞེས་པ་རྒྱུད་སྡེ་ཀུན་གྱི་རྩ་བ་དང། མེད་སྔེ་ཀུན་གྱི་ཟ་མ་ ཏོག་ཏུ་གསུངས་པ་དེ་ཡིན། གསང་འདུས་འདི་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དང། རྒྱ་བོད་ཀྱི་གྲུབ་ཐོབ་ཚད་ལྡན་ཐམས་ཅད། རྗེ་ཙོང་ཁ་པ་རྣམས་གཤེགས་སའི་ལམ་ངོ་མ་དེ་ཡིན་པས་འདི་ལ་གསུངས་ཚུལ་བསྔགས་བརྗོད་ཀྱང་གཞན་ དང་མི་འདྲ༑ མདོའི་བསྟན་པའི་སྙིང་པོ་ཐལ་འགྱུར་བའི་ལྟ་བའི་སྟོང་ཉིད་དང། སྔགས་ཀྱི་བསྟན་སྙིང་འདུས་པ་འདི་ཡིན། འདི་གཉིས་མཐར་ཐུག་བསྟན་པ་ཀླུ་སྒྲུབ་ཀྱི་ལུགས་ཁོ་ན། རྗེ་རིན་པོ་ཆེས་ཀྱང་སྔོན་རྒྱལ་བ་དབང་པོའི་ཏོག་གི་སྤྱན་སྔར་ ཐུགས་དམ་བཅས་པ་ན་སྙིང་སྟོབས་ཆེན་པོའི་བ་སྔགས་པ་མཛད་པ་ལྟར་སྲོལ་ཕྱེས་པ་འདི། འཇིག་རྟེན་གསུམ་གྱི་རིན་པོ་ཆེ་ཞེས་པ་ཡང་འདུས་པ་འདིས་རྡོ་རྗེ་འཆང་གི་གོ་འཕང་ཚེ་ཐུང་གཅིག་ལ་བདེ་བླག་ཏུ་སྟེར་བས་དང། ལམ་འདི་ཤིན་ཏུ་རྙེད་ [044B] ན་སྔོམ་འབྱུང་གི། རྣལ་འབྱོར་རྒྱུད་རྣམས་སོགས་ཀྱི་རྣལ་འབྱོར་རྒྱུད་ནི་རྒྱུད་སྡེ་བཞིའི་གྲས་ཀྱི་རྣལ་འབྱོར་རྒྱུད་ལ་མི་བྱེད་པར། ཕ་རྒྱུད་ལ་རྣལ་འབྱོར་རྒྱུད་དང། མ་རྒྱུད་ལ་རྣལ་འབྱོར་རྒྱུད་དང། མ་རྒྱུད་ལ་རྣལ་འབྱོར་མའི་རྒྱུད་དུ་བཏགས་པ་དེ་ལ་བྱ་སྟེ། རྣལ་འབྱོར་ མའི་རྒྱུད་ལ་མཁའ་འགྲོ་མའི་རྒྱུད་ཅེས་གསུངས་པས་ཀྱང་ཤེས། ཕྱེ་བ་ཕྲག་དྲུག་སོགས་རྒྱུད་ཀྱི་གྲངས་ལས། ཤླཽ་ཀའི་གྲངས་ལ་མི་བྱེད། གསང་བ་འདུས་པ་སྟོང་ཕྲག་གཅིག། ཅེས་པའི་སྟོང་ཕྲག་ནི་ཤླཽ་ཀའི་གྲངས་ལ་བྱ་དགོས། དེ་ལ་ཤླཽཀ་སྟོང་ ཕྲག་མེད་ཀྱང་བརྒྱད་བརྒྱ་ལྷག་ཙམ་ཡོད་པས་སྟོང་དང་ཉེ་བས་ན་རགས་རྩིས་མཛད་པར་གསུངས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །སོགས་ཀྱིས་བླ་མེད་དང་རྒྱུད་སྡེ་འོག་མ་ཐམས་ཅད་ཀྱི་ཚད་བསྟན། འདིའི་བྱེ་བ་འཇིག་ རྟེན་ཡོངས་གྲགས་ཀྱི་ས་ཡ་དང། ཡོངས་གྲགས་ཀྱི་བྱེ་བ་ནི་འདིར་ས་ཡ་ཡིན། པོད་ཀྱི་བླ་མ་རྣམས་ཞེས་པས་སྐྱའི་གོང་མ་རྣམས་དང། བུ་སྟོན་རིན་པོ་ཆེ་སོགས་ལ་བྱེད་པར་གསུངས་གསུངས། བ་ཐབས་གཙོ་བོར་སྟོན་པས་ཐབས་རྒྱུད་དང། ཤེས་ རབ་གཙོ་བོར་སྟོན་པས་ཤེས་རབ་ཀྱི་རྒྱུད། ཐབས་བདེ་བ་ཆེན་པོ་དང་རོ་གཅིག་ཏུ་གྱུར་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་བམ། ཐབས་ཤེས་དེ་གཉིས་ཆ་མཉམ་དུ་གཙོ་བོར་སྟོན་པས་གཉིས་མེད་ཀྱི་རྒྱུད་ཅེས་ཟེར་བས། རང་ལུགས་ལ་བླ་མེད་ཀྱི་ རྒྱུད་ཡིན་ན་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་ཡིན་པས་ཁྱབ། སྒྱུ་ལུས་རྩལ་དུ་བཏོན་པ་དང། སྒྱུ་ལུས་རྩལ་དུ་མི་བཏོན་པར་འོད་གསལ་རྩལ་དུ་བཏོན་པ་གཉིས་འགལ་ཡང། གཉིས་མེད་ཀྱི་རྒྱུད་དང་ཕ་མའི་རྒྱུད་ནི་མི་འགལ་ཏེ། དེ་གཉིས་ཀྱི་འཇོག་ [045A]༄༅། །བྱེད་ཐ་དད་པས་སོ། །བ་ཁ་ཅིག་གིས། བདེ་མཆོག་རྩ་རྒྱུད་ཀྱི། རྣལ་འབྱོར་གསང་མཐའི་དབྱེ་བ་ཞེས་པ་ལ་བསམས་ནས་གསང་མཐའི་རྒྱུད་གཅིག་བཞག་པ་ཡང་མི་འཐད། ཐབས་ཤེས་གཉིས་མེད་ཅེས་པའི་ ཐབས་ཤེས་ནི་ཡོངས་གྲགས་ཀྱི་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་གཉིས་ལ་བྱ། ན་རྣལ་འབྱོར་ཞེས་བ་གོང་གི་འདུས་པ་ཕྱི་མའི་ལུང་ལྟར་ཡིན། ཐབས་ནི་མི་སློབ་པའི་དག་པའི་སྒྱུ་ལུས་གཙོ་བོར་འགྲུབ་བྱེད། ཤེས་རབ་ནི་ཡེ་ ཤེས་ཆོས་སྐུ་གཙོ་བོར་འགྲུབ་བྱེད། བ་རྟེན་དེས་བསྒྲུབས་ན་མཆོག་འགྲུབ་པ་ཡོད་ཅེས་པའི་མཚམས་སུ། འོན་ཀྱང་རྟེན་དེས་ཟུང་འཇུག་གྲུབ་པ་ན། དག་པའི་སྒྱུ་མའི་སྐུ་དེ་ཉིད་སྐྱེས་པའི་རྟེན་ཡིན་གྱི། བུད་མེད་མིན། འཚང་ངོ་མ་རྒྱ་སྐབས་ སྒྱུ་ལུས་འགྲུབ་པ་སྐྱེས་པའི་རྟེན་ལ་བརྟེན་དགོས་པས། དག་པའི་སྒྱུ་ལུས་པ་དང། སངས་རྒྱས་པའི་རྟེན་ལ་སྐྱེས་པས་ཁྱབ། བླ་མེད་ལ་བུད་མེད་ཀྱི་རྟེན་ལ་འཚང་རྒྱ་བ་ཡོད་པར་གསུངས་པ་བུད་མེད་ཀྱི་ཕྱིའི་ཕུང་པོ་རགས་པའི་རྟེན་ལ་ དགོངས། ཕར་ཐེག་ལ་སངས་རྒྱས་པའི་རྟེན་ལ་སྐྱེས་པ་དགོས་ཀྱང། སྔགས་ལུགས་སྐྱེས་པ་དང་བུད་མེད་གཉིས་ཀའི་རྟེན་ལ་སངས་རྒྱས་པ་ཡོད། སྤྱིར་འཚང་རྒྱ་ཚུལ་ལ་སྒྱུ་ལུས་དང། སྟོང་གཟུགས། འཇའ་ལུས་སྒྲུབ་ཚུལ་གསུམ་ཡོད་ རྙིང་མ་སོགས་ལ་འཇའ་ལུས་བསྒྲུབས་རབས་མང་ཡང། དགག་པ་ཡང་ཆེས་གསལ་བ་གུང་ཐང་རིན་པོ་ཆེའི་རྗེའི་བསྟོད་པ་དོན་ལྡན་རང་འགྲེལ་ལས་གསུངས་པས་དེར་ཡང་ངེས་པར་བལྟ་དགོས་པ་མང། བ་ཕ་རྒྱུད་མ་རྒྱུད་ཀྱི་འཇོག་ཚུལ་ཕལ་ [045B] བསྐྱེད་རིམ་དེ་ཉིད་སེམས་དབེན་གྱི་སྟོང་གཞི་ལས་རིམ་གྱིས་འོད་གསལ་འགྲུབ་པའི་སྨིན་བྱེད་གཙོ་བོར་བྱས་པའི་བསྐྱེད་རིམ་མ་རྒྱུད་ཀྱི་བསྐྱེད་རིམ་དང། དེ་ལས་རིམ་གྱིས་སྒྱུ་ལུས་འགྲུབ་བྱེད་གཙོ་བོར་ བྱས་པ་ཕ་རྒྱུད། ཡང༑ རྒྱུ་རྡོ་རྗེ་འཛིན་པ་ལྷ་སྐུར་བསྒོམ་པ་ཕ་རྒྱུད། ནཱ་ད་ཕྲ་མོ་རྟེན་དུ་བྱས་པ་མ་རྒྱུད་ཀྱི་བསྐྱེད་རིམ། དབང་འགའ་ཞིག་ལ་བཾ་ཡིག་ནཱ་ད་སོགས་བཞག་པ་ཡང་མ་རྒྱུད། ཕ་རྒྱུད་ཀྱི་ཕ་ནི་ཐབས་དང། མ་རྒྱུད་ཀྱི་མ་སྟོང་ཉིད་རྟོགས་ པའི་ཡེ་ཤེས་ལ་བྱེད། དོན་དུ་འོད་གསལ་སྒྲུབ་ཚུལ་རྩལ་དུ་བཏོན་ནས་འཆད་པར་མ་ཟད། ཀུན་རྫོབ་སྒྱུ་མའི་སྐུ་སྒྲུབ་ཚུལ་རྩལ་དུ་བཏོན་ནས་འཆད་པས་ན་ཕ་རྒྱུད། སྒྱུ་ལུས་སྒྲུབ་ཚུལ་རྩལ་དུ་བཏོན་ནས་མི་འཆད་པར། སྟོང་ཕྱོགས་དོན་དམ་འོད་གསལ་རྩལ་ དུ་བཏོན་ནས་འཆད་པ་མ་རྒྱུད་ཀྱི་འཇོག་བྱེད་དོ། །ན་རྩལ་དུ་བཏོན་ཚུལ་སོ་སོའི་ཐུན་མོང་མ་ཡིན་པའི་ནུས་པ་རྩལ་དུ་བཏོན་མི་བཏོན་ལ་བྱ། བྱ་ཞེ་སྡང་ཐབས་རྒྱུད་ནི། རྒྱུའི་སྐབས་སུ་སྙིང་རྗེས་ཀུན་ནས་བསླང་ཡང་དུས་ཀྱི་ཀུན་སློང་ལ་ཞེ་སྡང་ལམ་དུ་ བྱེད་པའི་ཆ་ནས་འཇོག། ཡང་འགའ་ཞིག་གིས་དུས་ཀྱི་སྐབས་སུ་མ་ཟད་རྒྱུའི་ཀུན་སློང་ལ་ཡང་ཞེ་སྡང་དགོས་ཟེར་བ་ཡོད། རྡོ་རྗེ་ཨ་ར་ལིའི་རྒྱུད་ལ་གཏི་མུག་ཐབས་རྒྱུད་དུ་གསུངས་པ་གཉིད་དང་འོད་གསལ་ལམ་དུ་འཁྱེར་བའི་གནད་ཀྱིས་ཡིན་ནམ་དཔྱད་ གསུངས་གསུངས། ན་རྩ་བ་ཡི་གེ་གསུམ་ཞེས་པ་ལས་འཕྲོས། འདུས་པའི་རྩ་སྔགས་ལ་ཀཾ་ཀ་ནི་བཟླ་བའི་རྒྱུ་མཚན། དེ་ཉིད་བསྡུས་པ་འདུས་པ་ལ་བལྟོས་ནས་རྩ་རྒྱུད་ཡིན་ཞིང། དེར་རིགས་ལྔའི་ནང་ནས་མི་བསྐྱོད་པའི་རྩ་སྔགས་ཀཾ་ཀ་ནི་ཡིན་ [046A]༄༅། །པས་འདིར་ཡང་དེ་བཟླ་བ་ཡིན། ན་མོ་རཏྣ་སོགས་རྒྱུད་སྡེ་འོག་མའི་སོགས་ཆོས་ཡིན་པས་འདིར་དེ་མི་དགོས་པར་ཀཾ་ཀ་ནི་མན་ཆད་བཟླ་བའོ། །བ་སྤྱིར་རྒྱུད་སྡེ་ལ་བཟང་ངན་མེད་ཀྱང། བླ་མེད་ལ་ནང་གསེས་ཀྱིས་བསྐྱེད་ རིམ་སྟོན་པ་དེ་རྫོགས་རིམ་སྟོན་པ་ལ་བལྟོས་ཏེ་དམན་པས་ན་མཆོག་དམན་ཡོད་པར་གསུངས། ན་འདུས་པའི་ལྷའི་གཙོ་བོ་མི་བསྐྱོད་པ་ཡིན་ཀྱང། ཡེ་ཤེས་ཞབས་ལུགས་དཀྱིལ་འཁོར་གྱི་གཙོ་བོ་འཇམ་དབྱངས་ལ་མཛད་པ་འཇམ་ དབྱངས་སློབ་དཔོན་ཉིད་ཀྱི་ལྷ་ཡིན་ཕྱིར་མཛད་པས་དེ་ལྟར་བྱ། ན་གོར་རེ་ན་ནི་ཞེས་པའི་དོན། གོང་གི་བླ་མ་རིན་པོ་ཆེའི་གསུང་བཤད་དུ། གོ་བར་རེ་ན་ནི་ཞེས་གསུངས་ཤིང། འཇམ་བཞད་རིན་པོ་ཆེས་གོ་བ་ཡིན་ན་ནི་ཞེས་གསུངས་སྣང། བ་ རབ་ཏུ་བསྟན་ཏོ། །ཞེས་སོ། །ཞེས་པའི་ཐད། རྒྱ་ནག་ན་བོད་དུ་མ་འགྱུར་པའི་འཕགས་པ་ཡབ་སྲས་ཀྱི་རྣམ་ཐར་ཞིག་ཡོད་པ་དེར་ཟླ་གྲགས་ཀླུ་སྒྲུབ་ཀྱི་སློབ་མར་བཤད་ཅེས་རོལ་རྡོར་གསུངས། ཡང༑ མགོན་པོ་ཀླུ་སྒྲུབ་གཤེགས་ཁར། ཆོས་ཀྱི་ཐ་མ་སྐྱེ་ མེད་ཡིན། །སློབ་མའི་ཐ་མ་ཟླ་གྲགས་ཡིན། །ང་ནི་བདེ་བ་ཅན་དུ་འགྲོ། །ཞེས་གསུངས་པ་ཚད་ལྡན་འགའ་ལས་བཤད། རོང་ཊཱིཀ་པས་ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་མ་ཡིན་ཏེ། ཟླ་གྲགས་ལོ་བཞི་བརྒྱ་བཞུགས་པར་བཤད་པ་ཡང་རྒྱ་གར་ན་ལོ་ཕྱེད་ ལ་ལོར་བརྩི་བ་ཡིན་ཟེར་པ་སོགས་ཀྱང་སྔ་མ་རྣམས་ཀྱིས་ཁེགས་སོ། །ན་འགྲེལ་པ་མཁན་གྱིས་མི་ཤེས་པས། །ཞེས་པའི་འགྲེལ་པ་མཁན་ནི་ཟླ་གྲགས་ལ་གོ་རྒྱུ་སྟེ། ཟུར་ཟ་མཁན་ཞིག་གིས་ལྷད་བཅུག་པར་གསུངས། ན་ཨཱརྱ་དེ་བ་ཞེས་པ་ [046B] འདུས་པའི་བླ་བརྒྱུད་གྲས་རྔོག་ཨཱརྱ་དེ་བཞེས་པ། ངོས་ཆུང་དུས་ཙྪ་ཁང་ནས་རྒྱལ་མཆོག་བསྐལ་བཟང་གི་གསན་ཡིག་སྔར་གྱི་དཔེ་རྙིང་དབུ་མེད་བྲིས་ཤོག་ལགས་པ་ཞིག་རྙེད་པ་དེར་ཏ་སྡེའི་ད་ལ་ར་བརྩེགས་པའི་རྡོག་ཨཱརྱ་དེ་བ་ཞེས་ སྣང༑ རྔེས་སུ་རྩད་བཅད་པས་དེའི་ཡུལ་ན་རྡོག་མདའ་དང། རྡོག་གཞུང་ཞེས་ཡོད་འདུག་པས། རྡོག་ཅེས་ཀ་སྡེའི་ང་ལ་ར་བ་བརྩེགས་པ་ཡི་གེ་ནོར་བ་འདྲ། གཤམ་དུ་རྡོག་ཡེ་ཤེས་སེངྒེ་ཞེས་ཡོད་པ་ཡང་རྡོག་ཡིན་པར་གསུངས་འདུག། ན་ རྡོ་རྗེ་ཕྲེང་བའི་ལུང། རྟག་ཏུ་དགེ་བའི་སོགས་དང། གསོད་པ་དང་ནི་སོགས་ཚིགས་བཅད་གཉིས་ཀྱིས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བ། རྟོག་པ་ངན་པ་སོགས་གཅིག་གིས་རྟོག་པ་ངན་པ་ཞེས་པ་སྲིད་བ་དེ་དོན་གཉེར་གྱི་རྟོག་པ་ལ་བྱས་ནས་འབྲིང་དང་ཐུན་ མོང་བ། སེམས་ཅན་རྣམས་ནི་སོགས་ཀྱིས་སྐྱེས་བུ་ཆེན་པོ་སྟེ་སྐྱེས་བུ་གསུམ་གྱི་ལམ་རིམ་བསྟན། བ་ཐོག་མའི་སྣོད་རུང་ནི་ལམ་ཐུན་མོང་བ་ལ་བློ་སྦྱང་བ། བ་དབང་གིས་སྣོད་རུང་དུ་བྱ་ཞེས་པས་སྣོད་རུང་གཉིས་པ་དབང་གིས་རྒྱུད་སྨིན་པར་བྱས་ པ༑ པ་ཚེ་འདིའི་འགྲུབ་ནི་ཚེ་འདིའི་ཆགས་པ། བློ་ལིངས་སྐྱུར་ནི་བློ་བཀལ་བ། ན་སྤྱོད་བསྡུས་ཀྱི་ལུང། དངོས་པོ་སྣ་ཚོགས་པ་ལ་མངོན་པར་ཞེན་པ་ཞེས་པའི་ཞེན་པ་ནི་རང་བཞིན་གྱིས་གྲུབ་པར་ཞེན་པ། ན་ཅིག་ཅར་བར་སྨྲ་ན་ནི། ཞེས་པའི་ ཐད༑ བཀའ་བརྒྱུད་པ་འགའ་ཞིག་བསྐྱེད་རྫོགས་གཉིས་ཅིག་ཅར་སློབ་པར་འདོད་པ་མི་འཐད་དེ། ཚེ་སྔོན་མར་བསྐྱེད་རིམ་ལ་ཤིན་ཏུ་བྱང་བའི་བག་ཆགས་ཅན་ཡིན་ན་ད་ལྟ་རྫོགས་རིམ་ལ་བསླབ་ཆོག་པ་སྲིད་ཀྱང། དེ་མིན་རྫོགས་རིམ་ལ་བསྐྱེད་རིམ་ [047A]༄༅། །རགས་བ་སྔོན་དུ་འགྲོ་དགོས་པས་ཁྱབ། ཕྲ་མོར་ངེས་པ་མེད། ཕར་ཐེག་པའི་ས་བཅུ་པ་ནས་འཇུག་པ་དམིགས་བསལ་དུ་གསུངས་པའོ། །བ་དང་པོ་སྦྱོར་བ་ལ་རྣལ་འབྱོར་དང། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་ འབྱོར། རྣལ་འབྱོར་ཆེན་པོ་སྟེ་བཞི། དེ་ཐོག་དཀྱིལ་འཁོར་རྒྱལ་མཆོག་དང། ལས་རྒྱལ་མཆོག་སྟེ་རྣལ་འབྱོར་དྲུག་བཤད། ན་འགའ་ཞིག་རྫོགས་རིམ་ལ་རྒྱུད་གཞན་གྱི་བསྐྱེད་རིམ་སོང་ན་ཆོག་ཟེར། ཡང་གཙོ་འཁོར་ཐམས་ཅད་བསྐྱེད་རིམ་ སྐབས་བསྒོམ་པ་སྔོན་དུ་མི་དགོས་ཟེར་ཡང། དེ་མི་འཐད་དེ། ངེས་ཅན་དུ་དགོས་པའི་ཕྱིར་ཏེ། འོ་ན་འཇིགས་བྱེད་དཔའ་བོ་གཅིག་པ་ལ་བསྐྱེད་རྫོགས་མེད་དམ་ཞེ་ན། དེ་དམིགས་བསལ་ཅན་ཡིན་པར་སྔགས་རིམ་དུ་གསུངས་པདྨ་མའི་ཞལ་ལས་ ཤེས་དགོས་གསུངས། བ་དྲན་པ་གཅིག་པའི་རྣལ་འབྱོར་བསྐྱེད་རིམ་རགས་པ་དང། རྟོག་པའི་རྣལ་འབྱོར་ནི་བསྐྱེད་རིམ་ཕྲ་མོ། དྲན་པ་གཅིག་པའི་དོན་ནི་གཞན་གང་ཡང་མི་དྲན་པར་གཅིག་ཏུ་ལྷ་བསྒོམ་པ་ཁོ་ན་དྲན་པའམ། རང་དང་ལྷ་གཉིས་ ངོ་བོ་གཅིག་ཏུ་དྲན་པའི་དོན་ཡིན། བསྐྱེད་རིམ་ཕྲ་རགས་ལ་རིམ་གྱིས་སློབ་དགོས། ཡང་བསྐྱེད་རིམ་ལ་རྟོག་པའི་རྣལ་འབྱོར་དང། རྫོགས་རིམ་ལ་མི་རྟོག་པའི་རྣལ་འབྱོར་ཞེས་ཀྱང་བྱ། ན་འཕོང་སློབ་པ་ནི་མདའ་སློབ་པ། འབེན་ཆེན་པོ་ལ་བྱང་ ནས་ཆུང་བ་ལ་སློབ་པ་ཞེས་པ་བསྐྱེད་རིམ་རགས་པའི་རྗེས་སུ་ཕྲ་པ་ལ་སློབ་པའི་དཔེ། རྟོག་པའམ། ཞེས་པའི་སྐབས། བསྐྱེད་རིམ་ཕལ་ཆོར་རྟོག་པ་ཡིན། དེ་ལ་གསལ་སྣང་བཤད་པ་དོན་སྤྱིའི་གསལ་སྣང་ལ་བྱ། བླ་མ་གོང་མ་འགས། རྟོག་ [047B] དེ་ལ་མངོན་སུམ་གྱི་གསལ་སྣང་ཡིན་པས་མ་ཁྱབ་གསུངས། བ་ཨེ་ཝཾ་ལ་དྲང་དོན་དང་ངེས་དོན་གཉིས་ལས། དྲང་དོན་གྱི་ཨེ་ནི་རྡོ་རྗེ་འཆང་བཞུགས་པའི་གདན་དང། ཝཾ་ནི་གསུངས་པ་པོ་ལ་བྱེད། ན་བདེ་སྟོང་དབྱེར་མེད་ ཀྱི་ཡེ་ཤེས་ལ་སྙིང་རྗེ་ཟེར། ན་ཨེ་ཡིག་གྲུ་གསུམ་དུ་གསུངས་པ་བོད་ཀྱི་ཨེ་ཡིག་གྲུ་གསུམ་གྱི་དབྱིབས་སུ་མེད་ཀྱང། རྒྱ་ཡིག་ལྙྪའི་ཨེ་ཡིག་གྲུ་གསུམ་གྱི་དབྱིབས་སུ་ཡོད་པས་དེ་ལྟར་གསུངས། སྤྱི་བོའི་རྩ་འཁོར་གྲུ་གསུམ་གདུགས་ཁ་ཐུར་ བསྟན་ལྟ་བུ་ཨེ། མགྲིན་པའི་རྩ་འཁོར་ཟླུམ་བོ་ཁ་གྱེན་ལ་བཟེད་པ་ཝཾ། དེ་གཉིས་ཁ་སྤྲོད་ཡོད་པ་དྲང་དོན་གྱི་ཐིག་ལེ་ཡིན། དེས་རྩ་འཁོར་གཞན་ལའང་འགྲེ། རྣམ་ཐར་སྒོ་གསུམ་གཞི་བུམ་པ་ལྟ་བུ་ལ་སྦྱར་ན། བུམ་པ་རང་བཞིན་མེད་པ་ སྟོང་པ་ཉིད། རྒྱུ་རང་བཞིན་མེད་པ་མཚན་མེད། འབྲས་བུ་རང་བཞིན་མེད་པ་སྨོན་མེད་དོ། །ན་ཕུང་པོ་རྣམ་དཔྱད་སོགས་རྐང་པ་གཉིས་ནི། དཔྱད་པ་བྱས་ནས་མ་རྙེད་པའི་ཚེ་གཏན་མེད་དུ་གཟུང་ན། དེའི་སྟོང་ཉིད་ལ་སྙིང་པོ་མེད་པའི་དོན་ནོ། ། ཁྱོད་ནི་རྣམ་དཔྱོད་ཅན་ཞིག་གོ། ཞེས་པ་མ་རངས་པའི་གསུང། བ་རྡོ་རྗེ་ནི་མི་ཕྱེད་པ་སོགས་རྡོ་རྗེ་ཕ་ལམ་དང་དཔེ་སྦྱར་བ། ན་མཆོག་དམན་གྱི་རིམ་པ་བཞི་ཡོད་དེ་སོགས་ཀྱི་ཐད། བྱེ་སྨྲས་རྟག་གཅིག་རང་དབང་ཅན་གྱིས་སྟོང་པའི་བདག་ མེད་དང། མདོ་སྡེ་བས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་བདག་མེད་གཉིས་འདོད་ཅིང། དེ་གཉིས་ཀས་གང་ཟག་གི་བདག་མེད་གཉིས་འདོད་མོད་ཀྱང། འདིར་མདོ་སྡེ་པ་སྨོས་པ་གཙོ་ཆེ་ཆུང་ཡོད་ལ། ཐལ་འགྱུར་བ་མ་གཏོགས་རང་རྒྱུད་པ་ [048A]༄༅། །མན་ཆད་ཀྱིས་གང་ཟག་གི་བདག་མེད་འདོད་ཚུལ་ལ་ཕྲ་རགས་མེད་མོད། གང་ཟག་གི་བདག་མེད་དེ་གཉིས་ལ་ཕྲ་རགས་ཡོད་མེད་དཔྱད་དགོས་པར་གསུངས། ༈ ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དང། སེམས་ཙམ་པའི་གཟུང་འཛིན་རྫས་གཞན་གྱིས་སྟོང་པ་དང། དེ་བཞིན་དུ་རང་རྒྱུད་པ། ཐལ་འགྱུར་བ་བཅས་ཀྱི་སྟོང་བ་བཞི་ལས། དང་པོ་དེ་དང་བདེ་བ་སྦྱོར་བ་མི་རུང། མ་མཐའ་སེམས་ཙམ་ཡན་དེ་ལྟར་སྦྱོར་བ་ ཡོད་ཀྱང། དེ་ལྟར་བསྐྱེད་པ་བསྐྱེད་རིམ་པ་ལས་རྫོགས་རིམ་པ་མེད། རྫོགས་རིམ་པ་ཡིན་ན་ཐལ་འགྱུར་བ་ཡིན་པས་ཁྱབ་སྟེ། སྦྱོར་ལམ་ཐོབ་པས་ཁྱབ་པའི་ཕྱིར། ན་ཕར་ཐེག་ལུགས་ལ། རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དང་པཎ་ཆེན་བསོད་གྲགས་སོགས་ཀྱིས་བར་ ཆད་མེད་ལམ་དང། རྣམ་གྲོལ་ལམ་གཉིས་ཀ་འཇོག་སྒོམ་ཁ་ནོར་བཞེད། ཀུན་མཁྱེན་བར་བས་བར་ཆད་སེད་ལམ་དཔྱད་སྒོམ་དང། རྣམ་གྲོལ་ལམ་འཇོག་སྒོམ་ཡིན། སྔགས་ལུགས་ལ་དགའ་བ་བཞི་པ་ལྷན་སྐྱེས་ཀྱི་དགའ་བ་དང། སྟོང་པ་བཞི་བ་ འོད་གསལ་ཤར་ནས་བདེ་སྟོང་སྦྱོར་བའི་དུས་སུ་སོར་རྟོག་གི་དཔྱོད་པ་མི་བྱེད་པས་རིམ་པ་བཞི་པའི་དོན་གྱི་འོད་གསལ་འཇོག་སྒོམ་ཡིན་གསུངས། བ་མང་བར་སྣང་ངོ། །ཞེས་པའི་མཚམས། བསྐྱེད་རིམ་པའི་ཞུ་བ་དེ་དེ་ཡང་མིན་ཏེ། རླུང་ མཐིམ་པའི་ཕྱིར་རོ། །དེ་ལྟར་ན་སོགས། ན་རྩ་གསུམ་གསལ་བཏབ་སྟེ་གནད་དུ་བསྣུན་པ་རྒྱུད་སྡེ་འོག་མ་གསུམ་དང་ཕར་ཕྱིན་ཐེག་པ་ལ་མེད་ཅིང། ལྷན་སྐྱེས་ཀྱི་བདེ་བ་ལ་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བ་ཞིག་དགོས་ [048B] དེ་འདྲ་རྒྱུད་སྡེ་འོག་མ་གསུམ་ལའང་མ་བཤད། ཕར་ཐེག་ནས་ཀྱང་མ་བཤད། ༈ རོ་རྐྱང་གི་རླུང་དབུ་མར་ཞུགས། དེས་གཏུམ་མོའི་མེ་སྦར། དེས་བྱང་སེམས་ཞུ་བ་ལས་བདེ་བའི་ངོ་བོར་སྐྱེས་པ་ན་དེ་གྲུབ་ པར་གསུངས། བ་དབྱེར་མེད་དུ་སྦྱོར་བའོ། །ཞེས་པར། བདེ་སྟོང་སྦྱོར་ཚུལ་དང་པོ་སྟེ། ཡུལ་ཡུལ་ཅན་སྦྱོར་བའོ། ། ༈ དག་པའི་སྒྱུ་ལུས་མ་གྲུབ་པས། དེ་འདྲའི་འོད་གསལ་ དེ་ཀུན་རྫོབ་ཀྱི་སྣང་བ་དང་གཉིས་སྣང་གང་ཡང་མེད་པའི་སྟོང་ཉིད་རྟོགས་པའི་བློ་ཡིན་ལ། འགའ་ཞིག་གིས་ཀུན་རྫོབ་ཀྱི་སྣང་བ་ཡོད་ཟེར། དེ་འདྲའི་འོད་གསལ་དེ་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་སྟོབས་ཆེ་བའི་སྟབས་ཀྱིས་མཐོང་སྤངས་དང། སྒོམ་ སྤངས་ཉོན་སྒྲིབ་སྒོར་དགུ་ཅིག་ཅང་དུ་སྤོང་ནུས་པའི་ལམ་དང། ཉོན་སྒྲིབ་ཀྱི་དངོས་གཉེན་བར་ཆད་མེད་ལམ་དུ་འཇོག། ཕར་ཐེག་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་བློ་དང། སྔགས་ཀྱི་དེའི་བློ་སྟོབས་ཆེ་ཆུང་གི་ཁྱད་པར་དེ་ལྟར་ཡིན། སྟོང་ཉིད་རྟོགས་ བའི་ཡེ་ཤེས་དེ་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་གྱུར་ཏེ། སྟོང་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་ནས་ཡུལ་ཡུལ་ཅན་གཉིས་མཉམ་པར་སྦྱར་བ་དེ་བདེ་སྟོང་དབྱེར་མེད་ཀྱི་དོན་ཡིན་གྱི། སྤྱིར་ཆོས་དེ་དང་དེའི་ཆོས་ཉིད་གཉིས་ངོ་བོ་དབྱེར་མེད་ཙམ་མ་ཡིན་ནོ། །ན་ དག་པའི་སྒྱུ་ལུས་དང་ཟུང་འཇུག་ལ་སྙིང་རྗེའི་ཐ་སྙད་བྱས་པ་ཡོད། བདེ་ཆེན་གྱི་ཡེ་ཤེས་ལ་བདེ་བའི་ཆ་ནས་ཐབས། སྟོང་ཉིད་རྟོགས་པའི་ཆ་ནས་ཤེས་རབ་ཟེར། ༈ [049A]༄༅། །ནི༑ སྙིང་རྗེས་སེམས་ཅན་མི་འདོར་བ་དེ་བཞིན་དུ་བདེ་བ་ཆེན་པོ་དེས་ཀྱང་སེམས་ཅན་མི་འདོར་བ་དང། སྒྲ་སྒྲུབ་ཀྱི་སྟེང་ནས་ཀྱང་ཡིན་ནོ། །་སྟོང་ཉིད་བདེན་པར་བཟུང་བ་གསོར་མི་རུང་གི་ལྟ་བར་གསུངས་པ་ ཟས་མ་ཞུ་བ་ལ་སྨན་བཏང་བ་ཡང་མ་ཞུ་བར་སོང་བ་ལྟ་བུ་ཡིན། ་དེ་ལ་དོན་དམ་བདེན་པ་དངོས་ནི་སོགས་ཀྱི་སྐབས། དོན་དམ་ལ་ཡུལ་དོན་དམ་དང་ཡུལ་ཅན་དོན་དམ་གཉིས། ངེས་དོན་གྱི་འོད་གསལ་དེ་ལ་ཨེ་དང་དོན་དམ་དང་ཟུང་དུ་འཇུག་རྒྱུའི་ ཡ་གཅིག་ཏུ་བཤད། རླུང་འོད་ཟེར་ལྔ་པ་ལས་གྲུབ་པའི་དག་པའི་སྒྱུ་ལུས་དལ་ཀུན་རྫོབ་དང་ཟུང་དུ་འཇུག་རྒྱུའི་ཡ་གཅིག་ཡིན་ལ། དེ་འདྲ་བའི་སྒྱུ་ལུས་དེ་ལ་ཝཾ་དང། དེ་གཉིས་ཟུང་འཇུག་ལ་ཐིག་ལེ་ཟེར། ༈ རྒྱུད་བླ་མ་ལས་གཟུགས་སྐུ་གཉིས་ ལ་ཀུན་རྫོབ་དང། སྐུ་གཞན་གཉིས་ལ་དོན་དམ་ཞེས་བཤད་པས་ཀུན་རྫོབ་མིག་ལ་སྣང་བའི་སོགས་སྣང་ནས་དོན་བྱེད་པ་དང། དོན་དམ་ནི་མིག་ལ་མི་སྣང་བའི་སྒོ་ནས་བཤད་གསུངས། ་ཕར་ཕྱིན་ཐེག་པར་ས་བརྒྱད་པ་ཡན་ཆད་ཀྱི་ལམ་མཐོན་ བོའི་སྐབས་སུ་སྟོང་ཉིད་ལ་མཉམ་པར་བཞག་པའི་སྐབས་སངས་རྒྱས་རྣམས་ཀྱིས་བསླངས་ནས་རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་བསགས་པ་ལ་བསྐུལ་དགོས། དེའི་རྒྱུ་མཚན་ཕར་ཐེག་པས་མཉམ་གཞག་གི་སྐབས་དེར་སྟོང་ཉིད་ཁོ་ན་བསྒོམ་ པ་ཡིན། རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་མ་བསགས་ན་ཞི་མཐར་ལྷུང་ཉིན་ཡོད་ལ། སྔགས་ལ་ལམ་མཐོན་པོར་མཉམ་གཞག་ཏུ་ཇི་ཙམ་གནས་ཀྱང་བསྐུལ་མི་དགོས་ཏེ། སྔགས་འདིར་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྟེང་ན་བསོད་ནམས་ཀྱི་ [049B] ཇི་ཙམ་མཉམ་པར་བཞག་པ་ཙམ་གྱིས་བསོད་ནམས་ཀྱི་ཚོགས་གོང་འཕེལ་དུ་འགྲོ་བས་མཉམ་གཞག་ལ་ཆིག་དྲིལ་རུང་ངོ། །བླ་མེད་ནས་བཤད་པའི་སོགས་ཀྱི་ཐད། ཕར་ཐེག་གི་སྐབས་སུ་ས་བརྒྱད་པའི་མཚན་དཔེ་ རྗེས་མཐུན་པ་དེ་ཉིད་རིམ་གྱིས་སྦྱངས་ནས་མཚན་དཔེ་གསལ་རྫོགས་ཀྱི་སྐུར་གནས་འགྱུར་བ་ཡིན་ལ། སྔགས་ཀྱི་སྐབས་སུ་ལྷན་སྐྱེས་ཀྱི་དགའ་བ་ཆོས་སྐུའི་ཉེར་ལེན་དང། སྟོང་པའི་ཡེ་ཤེས་དང་ངོ་བོ་གཅིག་པའི་རླུང་འོད་ཟེར་ལྔ་པ་དེ་གཟུགས་སྐུའི་ ཉེར་ལེན་ཡིན། ་ཕྱི་ནང་གི་ཕྱག་རྒྱ་གཉིས་བདེ་ཆེན་འདྲེན་ཐབས་ཡིན། ལུས་ལ་གནད་དུ་བསྣུན་ལུགས་ལ། ལ་ལས་སྤྱི་བ་དང། ལ་ལས་མགྲིན་པ། ལ་ལས་སྙིང་ཁ། ལ་ལས་ལྟེ་བར་ཟེར་བ་ཡོད་ཀྱང་གྲུབ་ཆེན་སོ་སོས་བཞེད་པའི་གནད་དུ་ བསྣུན་ནས་མི་འདྲ། དེ་དག་ལ་ཁྱད་པར་མི་འདྲ་བ་རེ་ཡོད་དེ། སྤྱི་བོར་གནད་དུ་བསྣུན་པས་བྱང་སེམས་འཇུ་སླ། མགྲིན་པར་རྨི་ལམ་གྱི་དགེ་སྦྱོར་འཕེལ་སྟོབས་ཆེ། སྙིང་ཁར་འོད་གསལ་འཆར་སླ་ཞིང་སྟོབས་ཆེ། ལྟེ་བར་གཏུམ་མོའི་མེ་ འབར་བས་བདེ་དྲོད་འཕེལ་སྟོབས་ཆེ་བ་སོགས་སོ། །འཕགས་ལུགས་ལ་ཐོག་མར་གསང་གནས། དེ་རྗེས་སྙིང་ཁར་བསྣུན། བསྣུན་ལུགས་ནི། དེ་དང་དེར་རླུང་འཛིན་བའམ་སེམས་བཟུང་ན་རླུང་དངོས་སུ་མ་བསྒོམ་ཡང་རླུང་སེམས་གཉིས་ཧཱུཾ་ཏཱིར་ ཚུད་པའི་གནད་ཡོད་བས་ཤེས་དགོས། ་བསྐྱེད་རིམ་གྱི་ལམ་སྣོད་ཀྱི་ཆགས་འཇིག་དང། རྫོགས་རིམ་གྱི་ལམ་སྐྱེ་འཆིའི་རིམ་པ་དང་སྦྱོར། ན་གཞིའི་སྐུ་གསུམ་དང་རིམ་ལྔ་འགོས་ལུགས་པ་མི་འདོད་ཀྱང། མར་ལུགས་པ་དག་ཐ་མལ་ [050A]༄༅། །པའི་གཞིའི་འཆི་བ་འོད་གསལ་ཆོས་སྐུ། བར་དོའི་ལུས་གྲུབ་པ་ལོངས་སྐུ། སྐྱེ་སྲིད་དུ་སྐྱེ་བ་ལེན་པ་སྤྲུལ་སྐུ་སྟེ་གཞིའི་སྐུ་གསུམ་དང། རིམ་ལྔ་ལ། རླུང་འབྱུང་འཇུག་བྱེད་པ་གཞིའི་རྡོར་བཟླས། གཉིད་ བརྩམས་ནས་རྨི་ལམ་མ་ཤར་བར་ལ་སྟོང་གཞི་ཤར་བའི་དང་པོ་གསུམ་སེམས་དམིགས། བཞི་པ་འོད་གསལ་ལམ་གཉིད་ཆོས་སྐུ་ཟེར། རྨི་ལམ་གྱི་ལུས་ཁྱད་པར་བཞིག་ཡོད་པ་དེ་འགྲོ་འོད་ཡང་བྱེད་ལ་རྨི་ལམ་གྱི་ལུས་དེ་སྒྱུ་ལུས། དེ་ཕུང་པོ་ རྙིང་པའི་ནང་དུ་ཞུགས་པ་ལ་ནི་ཟུང་འཇུག་དང། ཡང་གཞིའི་སྣང་མཆེད་ཐོབ་གསུམ་སེམས་དམིགས། འཆི་བ་འོད་གསལ་ནི་འོད་གསལ། བར་དོ་སྒྱུ་ལུས། བར་དོ་གཉུག་མའི་རླུང་སེམས་གཅིག་ཏུ་ཚོགས་པ་ཟུང་འཇུག་ཟེར། ་ཐོམ་ རྒྱག་ཏུ་ཞུགས་ཞེས་པ་རྩ་དམ་བཅད་པར་ཞུགས་པའི་དོན། བདར་ཤ་གཅོད་པ་ནི་ཞིབ་ཏུ་དཔྱད་པ། ་རིམ་ལྔག་གདན་རྫོགས་ནི་རིམ་ལྔ་གདན་ཐོག་གཅིག་ཏུ་བསྒོམ་པ་དང། དོན་བཞི་མ་ནི། གནས། སྒྲུབ་པ་པོ། གྲོགས། གདམས་པ་ དངོས་དང་བཞི་སྟོང་པ། འཁོར་ལོ་ཅན་ནི། རིམ་ལྔ་སྟོན་ཀྱང་སྙིང་ཁར་སྔགས་འཁོར་བསྒོམ་པ་ལ་ཟེར། འཁོར་ལོ་མེད་པ་ཡང་དེས་ཤེས། ༈ དེ་ནི་རྡོར་བཟླས་ཀྱི་རིམ་པར་བསྡུས་པ་ལ་ དགོངས། ངག་དབེན་ལ་རྡོར་བཟླས་ཀྱང་ཟེར་གསུངས། རིམ་པ་བཞིར་ཞེས་པའི་ཐད། རྫོགས་རིམ་གྱི་སེམས་ལ་ཟག་བཅས་ཟག་མེད་གཉིས། དེ་བཞིན་དུ་སླུ་ལ་ཡང་ཟག་བཅས་ཟག་མེད་གཉིས་སུ་ཡོད་པས་བཞིར་ཕྱེའོ། །རིམ་པ་ལྔ་ནི་བཤད་ [050B] རྡོ་རྗེ་བཟླས་རླུང་་རྣམ་རྟོག་སེམས་ལ་ཞེས་སོགས་ཀྱི་དགོངས་པའོ། །རིམ་པ་དྲུག་ནི་གོང་དུ་དྲངས་པའི་རྩ་རྒྱུད་ལྟར། ་གླང་པོ་ཆེའུ་ཁྲུས་ཞེས་པ། ཆུ་ནང་དུ་ཁྲུས་བྱམས། ཡང་ས་ལ་འགྲོ་ལྡོག་ཁྱེད། ཡང་ས་ འགོས་པ་དེ་འཁྲུ་ཕྱིར་ཆུ་ནང་དུ་ཞུགས། ཡང་ཕྱིར་ཐོན་ནས་ས་ལ་འགྲེ་ལྡོག་བྱེད་པའི་དཔེ། ་ཟུང་འཇུག་འགྲུབ་པ་ལ་ནི། དེ་ཁོ་ན་ཉིད་ལས་སླར་ལྡང་བ་མེད་པར་མཉམ་པར་བཞག་པའི་ཡེ་ཤེས་ཆོས་སྐུ་དེ་སློབ་ལམ་དུ་བདེ་བ་དོན་དམ་འོད་ གསལ་ལས་སྒྲུབ་དགོས་པ་དང། འཁར་བ་ཇི་སྲིད་མ་སྟོང་པར་སེམས་ཅན་གྱི་དོན་བྱེད་པའི་གཟུགས་སྐུ་དེ་ཡེ་ཤེས་ཀྱི་བཞོན་པའི་རླུང་ཀུན་རྫོབ་སྒྱུ་མའི་སྐུ་ལས་སྒྲུབ་དགོས་ཏེ། རིགས་འདྲའི་རྒྱུ་སྒྲུབ་དགོས་པའི་འབྲས་རིགས་ཅན་ཡིན་པའི་ཕྱིར་དེ་ གཉིས་ཚེགས་པའི་སློབ་པའི་མངོན་སུམ་དུ་བྱ་བར་མི་ནུས་སོ། །དག་པའི་སྒྱུ་མའི་སྐུ་དེ་སྒྲུབ་པ་ལ་དེའི་སྒྲུབ་གཞི་ཟག་མེད་ཀྱི་རླུང་འོད་ཟེར་ལྔ་པྦ་བསྐྱེད་དགོས་པའི་ཕྱིར། ་སྔོན་དུ་སྒྱུ་མའི་སྐུ་བསྐྱེད་དགོས་ཏེ། ཤེས་སྒྲུབ་སྤོང་བ་ལ་ནུས་པ་མཐུ་ ཅན་གྱིས་དོན་གྱི་འོད་གསལ་ཐོབ་པ་ལ་སྔོན་དུ་རྒངས་མེད་གསུམ་གྱི་དོད་ཐུབ་དགོས་པས་སོ། །འདིའི་རྒྱུ་མཚན་སོགས། ་ཐིམ་རིམ་ཞེས་པ་འཆི་རིམ་ཇི་ལྟ་བ་བཞིན་ཐིམ་པའི། སྙིང་ཁར་སྡུད་རིམ་ཁྱད་པར་ཅན་བྱེད་པ་ལ་སྙིང་ཁའི་རྩ་མདུད་རྫོགས་ པར་གྲོལ་དགོས་པས། ཕྱི་ལས་དང་འགྲུབ་པ་ལ་སྔོན་དུ། དྷཱུ་ཏཱིའི་མར་སྣ་སོགས་ལུས་ཀྱི་གནད་གཞན་དུ་དེ་ཡང་ལྷའི་རྣམ་པར་ཤར་བའི་ལུས་དབེན་བསྒོམ་དགོས། ་དགེ་བའི་རྩ་བ་སྨིན་པ་ལ་ནི། རྫོགས་རིམ་གྱི་ཆོས་ལོངས་སྤྲུལ་གསུམ་ [051A]༄༅། །གྱིས་སྦྱང་གཞི་གསུམ་དངོས་སུ་སྦྱོང་བ་ལ་དེ་གསུམ་མངོན་འགྱུར་བ་མགོ་ནོན་པའི་བཅོས་མའི་ཆོས་ལོངས་སྤྲུལ་གསུམ་གྱིས་སྐྱེ་ཤི་བར་དོ་གསུམ་སྐུ་གསུམ་དུ་སོགས། ་སྐབས་འདིའི་དབུ་མ་མི་གནས་པ་ནི་ཐལ་འགྱུར་ བ་ལ་བྱེད། ་ལས་དང་པོ་བ་ནི་སེམས་བསྐྱེད་ཐོག་མར་སྒོམ་པ་ནས། བསྐྱེད་རིམ་ཕྲ་མོ་རྫོགས་པའི་བར་ལང་ཐོག་པས་ལས་དང་པོ་པའི་ཏིང་ངེ་འཛིན་ནི་བསྐྱེད་རིམ་ལ་ཟེར་གསུངས། ་ཕུང་སོགས་ལྷར་སྒོམ་པའི་ལུས་དབེན་འདི་ལ་བཞི་ཡོད་དེ། སྟོང་གཉིད་ རྟོགས་པ་མ་ཡིན་པའི་ཕུང་སོགས་ལྷར་ཤར་བའི་ལུས་དབེན། སྟོང་ཉིད་རྟོགས་པའི་ཕུང་སོགས་ལྷར་ཤར་བའི་ལུས་དབེན། ཞུ་བ་དེས་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བའི་ལུས་དབེན། རླུང་དབུ་མར་ཐིམ་པའི་བདེ་ཆེན་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བའི་ ལུས་དབེན་བཞིའོ། །དང་པོ་གཉིས་ཀྱི་ཕྱི་མ་ཞེས་པ་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བ་ལ་བྱེད། ༈ བཞི་ལས་དང་པོ་བསྐྱེད་རིམ་བའི་ལུས་དཀྱིལ་ལྟ་བུ། དང་ཞུ་བ་དེས་སྟོང་ཉིད་རྟོགས་ གཉིས་པ། པ་མིན་པའི་སྟོང་ཉིད་རྟོགས་པ་དང། ཐ་མ་གཉིས་ཀྱི་གཉིས་ གསུམ་པ། པའི་སྒོ་ནས་ཕུང་སོགས་ལྷར་སྒོམ་ བའི་ལུས་དབེན་ཡོད་ལ། ཐ་མ་གཉིས་ཀྱི་དང་པོའི་ བཞི་བ། སྒོ་ནས་སོགས། ༈ ལྷག་མོས་དང། ལུས་དཀྱིལ་དང། དཀྱིལ་འཁོར་གཉེར་བསྡུའི་སྐབས་དང་ ཡུལ་སྣང་ཐམས་ཅད་རྡོ་རྗེ་འཆད་དུ་བལྟ་བའི། ། བཞི་པ། སྐབས་སོགས་དུ་མ་གསུང་སླ། ལས་དང་པོ་བའི་ཏིང་ངེ་འཛིན་གྱི་འོག་ཏུ་ལུས་དབེན་ལ་སློབ་པ་ནི་རྫོགས་རིམ་གྱི་ལུས་དབེན་ལ་བསླབ་པ་ལ་བྱེད། སློབ་མི་སློབ་ཀྱི་ཟུང་འཇུག་ཐོབ་པ་ལ་དོན་གྱི་འོད་ [051B] དེའི་སྔོན་དུ་སྒྱུ་ལུས། དེའི་སྔོན་དུ་སེམས་དབེན། དེའི་སྔོན་དུ་ངག་དབེན། དེའི་སྔོན་དུ་ལུས་དབེན་འགྲོ་དགོས་ཏེ། མི་སློབ་པའི་འོད་ཟུང་དེ་གཉིས་ཐོབ་པ་ལ། སློབ་པའི་དེ་གཉིས་སྔོན་དུ་འགྲོ་དགོས། སློབ་པའི་དེའི་སྔོན་དུ་ བཞི་བ་འོད་གསལ་དང། དེའི་སྔོན་དུ་རིམ་པ་གསུམ་པའི་མ་དག་པའི་སྒྱུ་ལུས་དང། དེའི་སྔོན་དུ་ཀུན་རྟོག་གཡོ་བྱེད་ཀྱི་རླུང་ཐམས་ཅད་སྙིང་ཁའི་མི་ཤིགས་པ་ལ་བསྡུས་ནས་ཐིམ་པ་ལས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པའི་སེམས་དབེན་བསྐྱེད་ དེའི་སྔོན་དུ་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྦྱོར་བའི་སྲོག་རྩོལ་རླུང་ཐིག་ལེ་སོགས་སྒོམ། པའི་ངག་དབེན་དང་ལུས་དབེན་འགྲོ་དགོས་པས་སོ། །་སྤྱོད་བསྡུས་ཀྱི་ལུང་འདི་གསུམ་རང་ལུགས་དབེན་གཞིའི་ལུས་ཀྱི་ངོས་འཛིན་ཡིན་པས་འདི་ལྟར་ལུས་དབེན་དངོས་ལ་སྦྱར་བ་མི་ འཐད་དོ། །བླ་ཐ་མལ་པའི་ང་རྒྱལ་གྱིས་གནས་པ་ཞེས་པ་ཐ་མལ་གྱི་ང་རྒྱལ་ལ་བྱེད། ཕྲ་རབ་ལས་བསྒྲུབས་པར་ང་རྒྱལ་བྱེད་པ་སྟེ། ཐ་མལ་གྱི་སྣང་ཞེན་ལས་དབེན་པ་ལུས་ཀྱི་སྐད་དོད་ཀཱ་ཡ་ཞེས་པའི་སྒྲའི་དོན་ནི་བསགས་པ་གསུམ་ལས། ནང་གི་ གཟུགས་མི་གཙང་བའི་རྫས་སོ་དྲུག་གི་ལུས་ཐ་མལ་པ་འདིའི་སྤུངས་ཚུལ་ནི། ཤའི་ཁམ་ཚད་ལ་སོགས་པ་རྣམས་ ཚོགས་པ་སྤུངས་པ། པ་ཡིན་པར་དང་པོས་བསྟན་ཉིད་ལག་ཏུ་གཏོགས་པ་ དུ་མ་སྤུངས་པ། ཚོགས་པ་ལ་སྤངས་པར་བསྟན་ཁམས་རྣམས་ཕྲད་ཅེས་བའི་ཐད་ དེས་ན་ཁམས་རྣམས་ཟད་བའི་ཕྱིར་ཞེས་བས་རྣམ་ཤེས་ཚོགས་དྲུག་གི་སྤུངས་ཚུལ་ཡུལ་དབང་ཤེས་གསུམ་ཕྲད་པས་སྤུངས་པ་དང། རྒྱུན་ལ་ནི་བསགས་པ་ཞེས་པས་སེམས་སེམས་བྱུང་གི་སྤུངས་ཚུལ་སྐད་ཅིག་སྔ་ཕྱིའི་ [052A]༄༅། །ཆ་འདུས་པས་སྤུངས་པ་བསྟན་ནོ། །་རྒྱུན་གྱི་ཆ་དུ་མ་འདུས་པའི་སྤུངས་པ་ཡིན་གྱི། དུས་གཅིག་ཏུ་ཡུལ་གྱི་གོ་ས་སོ་སོར་གནོན་པའི་གཟུགས་ཅན་གྱི་སྤུངས་ཚུལ་དང་མི་འདྲ་བར་དུ་མ་དུས་པ་མིན་ཞེས་པའི་ དོན་་དབེན་གཞིའི་ལུས་དེ་གང་ལས་དབེན་པ་ནི། ཐ་མལ་གྱི་སྣང་ཞེན་གྱིས་དབེན་པ་སྟེ། ཐོག་མ་མེད་པ་ནས་ཐ་མལ་པའི་ང་རྒྱལ་གྱིས་གནས་པ་ཞེས་པས། དབེན་རྒྱུའི་ཐ་མལ་གྱི་སྣང་ཞེན་དེ་བསྟན། དེའི་གཉེན་པོར་གང་བསྒོམས་པས་དབེན་ དགོས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་ངོ་བོ་ཉིད་དུ་བསྟན་ཏེ། ཞེས་རིགས་བརྒྱ་དང་དྲུག་ཅུ་སོ་སོར་བསྒོམ་པའི་སྒོ་ནས་དབེན་པ་དབེན་བྱེད་ཀྱི་གཉེན་པོ་དེ་བསྟན། ༈ ཕྱི་ ནང་དང། ་དབྱིབས་ཀྱི་གཟུགས་དང། ་རྣམ་པའི་གཟུགས་ཁ་དོག་གི་གཟུགས་སྣང་བའི་གཟུགས་མི་བསྐྱོད་པའི་རིགས་ལྔར་བསྐྱེད་ནས་སྒོམ་པར་བྱེད་པའོ། །སྒོམ་ཚུལ་བདེ་སྟོང་དབྱེར་མེད་ཀྱིས་རྒྱས་བཏབ་པའི་དབྱིབས་སོགས་དེར་ བསྒོམ་པའོ། །་རིན་འབྱུང་གི་རྣམ་སྣང་སོགས་ལྔ་བསྐྱེད་ནས་བསྒོམ། འདུ་ཤེས་འོད་དཔག་མེད་ཀྱི་རྣམ་སྣང་སོགས་ལྔ་བསྐྱེད་ནས་བསྒོམ། འདུ་བྱེད་དོན་གྲུབ་ཀྱི་རྣམ་སྣང་སོགས་ལྔ་བསྐྱེད་ནས་བསྒོམ། རྣམ་ཤེས་མི་བསྐྱོད་ པའི་རྣམ་སྣང་སོགས་ལ་བསྐྱེད་ནས་བསྒོམ་མོ། །ན་དབེན་གཞི་ལུས། དབེན་རྒྱུ་ཐ་མལ་སྣང་ཞེན། དབེན་བྱེད་ཀྱི་གཉེན་པོ་ལྷར་བསྒོམ་པ། སྒོམ་ཚུལ་བདེ་སྟོང་གིས་རྒྱས་བཏབ་པའི་ས་སོགས་ལྷར་བསྒོམ་པ་འདི་ཀུན་ལ་རིགས་འགྲེ། བ་སྙིང་ [052B] དབང་པོའི་རླུང་ལྔའི་རྟེན་ནམ་གནས་མཐར་ཐུག་པ་སྙིང་ཁ་སྟེ། དེ་ཡང་ཕྱོགས་ཀྱི་རྩ་བཞི་དང་འདུད་བྲལ་མ་ལྔ་ལ་གནས། དེ་སྙིང་ཁ་ཡིན་པའི་རྒྱུ་མཚན་གྱིས་ཡིན། ཕྱིའི་ལ་ལྔ་ཞེས་པ་ཕྱི་ལ་སྦྱར་ན་ལྔ་ཞེས་པའོ། །་ དེ་རྣམས་ཞས་པ་མེ་ལོང་ལྟ་བུ་སོགས་འབྲས་དུས་ཀྱི་ལྔ་ནི་རིམ་བཞིན་མེ་ལོང་ལ་གཟུགས་བརྙན་སྣང་བ་སོགས། བྱ་གཞི་དུས་ཀྱི་མེ་ལོང་ཡེ་སྣེས་སོགས་ལྔ་ནི། མེ་ལོང་ལ་གཟུགས་བརྙན་གསལ་བ་ལྟར་ཡུལ་རྣམས་གསལ་བར་སྣང་བ་དང། ཚོར་བ་ གསུམ་མྱོང་བར་ཚོར་བའི་རིགས་གཅིག་ཏུ་ཤེས་པའི་མཉམ་པ་ཉིད་དང། ཞེས་སོགས། ་མི་འདྲ་བའི་སྒོ་ནས་ལྔར་གྱུར་ཅེས་པ་རྣམ་སྣང་གི་རིགས་ཚང་མ་དཀར་པོ། རིན་འབྱུང་གི་རིགས་ཚང་མ་སེར་པོ་སོགས་སྐུ་མདོག་རིགས་ ལྔ་སྤྱི་དང་མཐུན་པས་ལྔ་དབྱེ་ཞིང། ཕྱག་མཚན་རིགས་སོ་སོའི་རྩ་བའི་ལྷའི་ཕྱག་མཚན་དུ་བྱེད་པ་དཔེར་ན། རྣམ་སྣང་རིགས་ལྔ་ཕྱག་མཚན་འདྲ་བ་ལ་སྐུ་མདོག་མི་འདྲ་བ་ལྔ་བྱེད་དོ། །་གསལ་བར་མ་བཤད་པས་སྤྱོད་བསྡུས་ ལས་དེའི་དབང་ཏུ་མཛད་པ་་དོན་དེ་སྟོན་ནོ། །སྤྱོད་བསྡུས་ཀྱི་དགོངས་པ་དེ་ལྟར་ལས། ཁྲོ་བོ་བཅུ་དང་སེམས་དཔའ་གཉིས་ཀྱི་ལུས་དབེན་མ་གསུང་བ་ཡིན་གྱི། མེད་ནས་མ་བསྟན་པ་མིན་ཏེ། ༈ བརྒྱ་དང། རིག་ལྔ། རིགས་གསུམ་དུ་འདུ་ཚུལ་ནི། རྣམ་སྣང་ལ་རིན་འབྱུང། འོད་དཔག་མེད་ལ་དོན་གྲུབ། མི་བསྐྱོད་པ་ལ་རིགས་དྲུག་པ་འདུས་པ་ཡིན། ༈ སྤྱི་མགྲིན། སྙིང་ཁ་ལྟེ་གསང་ [053A]༄༅། །ནོར་བུའི་དབུས་ཀྱི་རྩ་སྟེ་རྩ་འཁོར་དྲུག་དང། དེའི་སྟེང་དུ་དབུ་མའི་ཡར་སྣེ་མར་སྣེ་གཉིས་ཏེ་བརྒྱད་ཡོད། ༈ གསུམ་པའི་སྒྱུ་ལུས་གཉིས་ཟུང་འཇུག་གི་དུས་ན་མེད་བས་ ཟུང་དུ་འཇུག་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་གཉིས་ཟུང་འཇུག་དུས་ཀྱི་ཡ་གཉིས་མིན་ཀྱང། དེའི་དུས་ན་སྤྱིར་ཀུན་རྫོབ་སྒྱུ་མ་དང། དོན་དམ་འོད་གསལ་གཉིས་ཡོད་པས་དེ་གཉིས་ཟུང་འཇུག་གི་ཡར་འགྲོ་བ་ཡིན། རིགས་གཅིག་ཏུ་བསྡུ་ཚེ་དེ་ཐམས་ཅད་རྡོ་ རྗེ་འཆང་དུ་བལྟ་བ་ལུས་དབེན་མཐར་ཐུག་ཏུ་གསུངས། བ་དབེན་གཞི་བརྒྱ་པོ་དེ་དབེན་གཞི་ཁམས་ལྔར་འདུ་བ།་རིགས་བརྒྱ་ཡང་བདེ་སྟོང་གིས་རྒྱས་བཏབ་པའི་ས་ཁམས་རྣམ་སྣང་སོགས་ལྔར་འདུ། སྐུ་རྡོ་རྗེ་རིན་འབྱུང་དང། གསུང་དོན་གྲུབ་ དང༑ ཐུགས་རྡོ་རྗེ་རྡོ་རྗེ་འཆང་དུ་བསྡུས་ནས་བདེ་སྟོང་གིས་རྒྱས་བཏབ་པའི་ལུས་སྐུ་རྡོ་རྗེ། ངག་གསུང་རྡོ་རྗེ་སོགས་གསུམ་དུ་བསྒོམ་མོ། །་དྲུག་པ་རྡོ་རྗེ་འཆང་དེ་ཡང་བདེ་སྟོང་དབྱེར་མེད་ཀྱིས་རྒྱས་བཏབ་པའི་ལུས་ངག་ཡིད་གསུམ། ལ་བཏགས་པའི་ ང་ཙམ་དེ་རྡོ་རྗེ་འཆང་གི་ངོ་བོར་བསྐྱེད་ནས་བསྒོམ་པའོ། །སོར་སྡུད་ཀྱི་སོ་སོར་ནི་ཡང་ཡང་དང། སྡུད་པ་ནི་སེན་པ་སྟེ་དཔེར་ན། ཁྲལ་ལེན་པ་ལ་ཁྲལ་སྡུད་ཟེར་བལྟར་རོ། །འདོད་པ་སོ་སོར་སྡུད་བས་ན། ཞེས་པའི་འདོད་པ་ནི་འདིས་འདོད་པ་དང། འདི་ འདོད་པ་གཉིས་ཀྱི་ཕྱི་མ་ཆགས་ཡུལ་གྱི་གཟུགས་སོགས་ལྔའོ། །སོང་སྡུད་ནི་ཡེ་ཤེས་ཡིན་ལ། འོ་ན་བསྐྱེད་རིམ་མཐར་ཕྱིན་པའི་རྣལ་འབྱོར་པའི་དབང་པོའི་ཡུལ་སྡུད་པ་ཅི་ཞེ་ན། དེ་ནི་དབང་ཤེས་སོ། །རྫོགས་རིམ་གྱི་སོར་སྡུད་རྫོགས་རིམ་མིན་ཏེ་ [053B] སྐྱོན་མེད་དེ། ངེས་དོན་གྱི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ལྷ་ཡིན་ལ། དེ་ཚང་བའི་ཕྱིར། ན་ཆགས་གྱུར་ཞེས་པ་ཆག་འགྱུར། སོ་སོར་བརྟན་པོར་བདག་གིས་གཟུང། །ཞེས་པའི་སོ་སོར་ཞེས་པ་ཡང་ཡང་གི་དོན། སོར་ སྣུད་སྒོམ་པའི་ལམ་མིན་ཏེ། དེ་ནི་ཡིད་ཀྱི་ཤེས་པ་ཞེས་པའི་ཐད། ལུས་དབེན་རྗེས་ཐོབ་པས་མི་གསོགས་དབང་པོ་ལྔས་གཟུགས་སོགས་ཡུལ་ལྔ་ལ་ལོངས་སྤྱོད་པའི་ཚེ་གཟུགས་སོགས་ཡུལ་ལྔ་ཡིད་ཀྱི་ཤེས་པས་མཉམ་གཞག་གི་བདེ་སྟོང་གི་རྣམ་རོལ་དུ་ཡང་དང་ཡང་དུ་བལྟས་ ནས་ལོངས་སྤྱད་པ་ལས་བྱུང་བའི་བདེ་བ་ཡིད་ཀྱི་ཤེས་པའི་ཡུལ་དུ་ལེན་ཅིང་བསྡུད་པའོ། །་ཉམས་སུ་མྱོང་བ་འདི་ཉིད་ནི། ཞེས་མིག་སོགས་དབང་པོས་གཟུགས་སོགས་ཡུལ་ལ་ལོངས་སྤྱོད་པ་བཟའ་བྱ་དང། དེའི་ཚེ་དེ་བདེ་སྟོང་དབྱེར་མེད་ཀྱི་རྣམ་རོལ་ཏུ་ བལྟས་ནས་བསྒོམ་པ་ཟ་བ་དང། སོར་སྡུད་དེ་ཟ་བྱེད་དུ་གསུངས། མདོར་ན། གང་སྣང་བདེ་སྟོང་གི་ངོ་བོར་ཡང་ཡང་བལྟས་ནས་བསྒོམ་པའི་ཡ་ཤེས་སྡེ་སོར་སྡུད་དོ། །བ་ཡུལ་དབང་རྣམ་ཤེས་ལྔ་ཚན་གསུམ་སངས་རྒྱས་རིགས་ལྔའི་ངོ་བོར་བལྟས་ ནས་བསྒོམ་པ་དེ་བསམ་གཏན་ནོ། །་རྟོག་པ་ནི་ལྷར་བསྐྱེད་པ་ལ་ཞིབ་ཏུ་མ་ཕྱེ་བར་གནས་པར་རྟོག་པའོ། །དཔྱོད་པ་ནི་སྤྱན་གྱི་དཀར་ནག་ཚུན་ཆད་ཞིབ་ཏུ་ཕྱེ་ནས་བསྒོམ་པའོ། །བསམ་གཏན་གྱི་ཡན་ལག་རྟོག་དཔྱོད་གཉིས་དང། སོར་སྡུད་ནི་ལུས་ དབེན་རྗེས་ཐོབ་དང། དགའ་བདེ་གཉིས་དང་སེམས་རྩེ་གཅིག་པ་གསུམ་ནི་ལུས་དབེན་མཉམ་གཞག་ཏུ་བསྡུ། འོན་སྔགས་ལུགས་ལ་མཉམ་གཞག་གི་རྗེས་སུ་རྗེས་ཐོབ་འོང་བ་མིན་ནམ་ཞེ་ན། དེ་ཡིན་མོད་ཀྱང་སྐྱོན་མེད་དེ། དང་པོ་མཉམ་གཞག་གཅིག་ [054A]༄༅། ། ༈ དེ་ནས་རྗེས་ཐོབ་དང། དེ་ནས་མཉམ་གཞག་འོང་བ་ལ་བཞག་པ་ཡིན་ནོ། །སྟག་ཚང་བས་ལྷན་སྐྱེས་ཀྱི་བདེ་བ་ལུས་ཚོར་དུ་འདོད། རྗེའི་རང་ལུགས་ལ་ལུས་ཚོར་བདེ་བ་དེས་ལྷན་སྐྱེས་ཀྱི་བདེ་བའི་ལྷན་ ཅིག་བྱེད་རྐྱེན་བྱེད་པར་བཞེད། ༈ རྒྱུད་གཞན་འགའ་ཞིག་ན། འཆི་ཚེ་མིག་དང་རྣ་བ་ལ་སོགས་པའི་སྒོ་དགུ་ནས་རྣམ་ཤེས་འཕོ་བར་བཤད་པ་མི་འགལ་ཏེ། རྣམ་ཤེས་ཐོག་མར་ སྙིང་ཁ་ནས་འགག་སྟེ་དེ་ནས་སྒོ་གཞན་ནས་འཕོ་བར་གསུངས་གསུངས། བ་འགྱུར་སྙིང་ཞེས་པ་འགྱུར་རྙིང་ཡིན་པས་ཡི་གེ་ནོར། སྟོང་ཉིད་རྟོགས་པའི་ཡིད་བདེ་ཁྱད་པར་ཅན་ལ་རེག་ཅེས་པ་དགའ་བའི་ཡན་ལག། བྱེད་ཆོས་སུ་གྱུར་བའི་ཤིན་སྦྱངས་ཀྱི་ བདེ་བ་ཞེས་པ་བདེ་བའི་ཡན་ལག་གོ། ་དྲུག་ཏུ་བྱུང་བ་ཟད་པ་ནི། གཉིས་སྣང་རགས་པ་ཞི་ནས་སེམས་ཀྱི་གཟུང་འཛིན་རྒྱངས་ཆད་དུ་སྣང་བས་སྟོང་པ་ཉིད་དོ། །དེ་བས་ན་ཡེ་ཤེས་ཀྱི་མཚན་ཉིད་གཉིས་སྣང་རགས་བཞི་བའི་སེམས་རྩེ་གཅིག་པ་སོགས། སངས་ རྒྱས་ཀུན་གྱི་རང་བཞིན་ཞི། །ཞེས་པ་གཉིས་ནི་རང་བཞིན་བརྒྱད་ཅུའི་རྟོག་བཞི་པ། ཐམས་ཅད་ནམ་མཁའ་ནི་ཐམས་ཅད་སྟོང་པ་སྟེ་འོད་གསལ་ལོ།། ་དེས་ན་རྩེ་གཅིག་པའི་ཡན་ལག་གི་རང་བཞིན་གྱི་རྟོགས་པ་མ་ལུས་པ་འགགས་པའི་སྣང་མཆེད་ཐོབ་ གསུམ་འོད་གསལ་དང་བཅས་པའོ། །བ་ཡན་ལག་ལྔ་བཤད་པའི་གོ་རིམ་དེ་ལྟར་ལས། དོན་གྱི་སྐྱེ་རིམ་དགའ་བདེ་རྩེ་གཅིག་གསུམ་སྔོན། རྟོག་དཔྱོད་གཉིས་དེ་རྗེས་འབྱུང་ངོ། ། ༈ རྟོག་ [054B] །་དཀྱིལ་དུ་སྒོམ་པར་གསུངས་པ་ནི། ནོར་བུའི་རྩ་འཁོར་གྱི་དབུས་ཏེ་རྡོ་རྗེའི་བུ་གར་སྒོམ་པར་་ཁར་སྒོམ་པ་ནི་གསང་གནས་ཀྱི་དྷཱུ་ཏཱིཨཱི་མར་སྣ་ཡིན་པ་ལ་དགོངས་པས་དེ་གཉིས་དགོས་པ་འདྲའོ། ་རོ་ རྐྱང་དུ་རླུང་རྒྱུ་བ་འགགས་ནས་དྷཱུ་ཏཱིར་རྒྱུ་ལ། མཚམས་འདིར་ཞུགས་གནས་ཐིམ་གསུམ་བྱེད་དོ། །་མས་བརྟན་གྱི་དགའ་བཞི་གང་རུང་ལ་ལྷན་སྐྱེས་ཀྱིས་ཁྱབ་བོ། །་སྤྱི་གཙུག་བར་དུ་འགྲོ་བ་ཞེས་པའི་ཐད། དབུ་མའི་ནང་ནས་འབྱུང་ལྡོག་གི་སྤྱི་ བོར་བརྟན་པ་ལ་ལྷན་སྐྱེས་ཀྱིས་ཁྱབ་ཀྱང། ངོ་རྐྱང་ནས་འབྱུང་ལྡོག་བྱས་པའང་ཡོད་པ་ལ་ལྷན་སྐྱེས་ཀྱིས་མ་ཁྱབ་ཅེས་རོལ་རྡོར་གསུངས། ༈ ངོ་བོ་ བསྐྱེད་རྫོགས་གང་ཡང་མིན་པའི་ཕུང་གསུམ་པ་ཞིག་ཡིན་ནམ་དཔྱད། བསྐྱེད་རིམ་ཕྲ་མོ་ཐོབ་ན་སྟོང་ཉིད་རྟོགས་པས་ཁྱབ་དགོས་འདྲ། དེ་བཞིན་དུ་རྫོགས་རིམ་གྱི་ཡེ་ཤེས་ཡིན་ན་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཡིན་པས་ཁྱབ། རྫོགས་རིམ་ལ་གཟུགས་ ཀྱང་ཡོད་ཅེས་འཇམ་བཞད་གསུངས། བསྐྱེད་རིམ་པ་དབང་རྣོན་གྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པའི་རྟོགས་པ་དེ་དཔོན་སློབ་བྱམས་པ་རིན་པོ་ཆེས་གང་ཟག་བསྐྱེད་རིམ་པ་ཡིན་ཡང། རྟོགས་པ་རྫོགས་རིམ་གྱི་རྟོགས་པ་ཡིན་པར་ གསུངས། ་དེ་དང་མི་མཐུན་པའི་ཡིད་བྱེད་བསྡམས་ཏེ་ཞེས་པ། ཡས་བབས་ཀྱི་བདེ་བ་སྐྱེས་པའི་ཚེ་དེ་དང་མི་མཐུན་པའི་སྡུག་བསྔལ་དང་ཡིད་མི་བདེ་བ་སོགས་བསྡམ་དགོས་པའི་དོན་ནོ། །་དེ་ནས་བདེ་སྟོང་སྦྱོར་ཚུལ་སོགས་ཀྱི་སྐབས། དེ་ཡང་ [055A]༄༅། །གང་ཤར་གྱི་ཡུལ་རྣམས་དོན་ལ་བདེ་བའི་ངོ་བོ་མ་ཡིན་ཀྱང། མཉམ་གཞག་ཏུ་རང་སེམས་བདེ་ཆེན་གྱིས་སྟོང་ཉིད་དང་སྦྱར་སྟོབས་ཀྱིས་འཆར་རོ། །ན་བདེ་སྟོང་གི་ཡེ་ཤེས་གཅིག་ཉིད་རྣམ་སྣང་ལ་སོགས་པ་དུ་ མར་འཆར་བ་ནི་རོ་གཅིག་དུ་མ་དང། ཆོས་ཅན་སྣ་ཚོགས་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་འཆར་བ་ནི་དུ་མ་རོ་གཅིག་གི་ཉམས་ལེན་ནོ། །བ་དེ་ལྟར་སྦྱར་བ་ནི་སྔར་སོར་སྡུད་ལྟར་རོ། །བ་དེ་ལྟར་བསྒོམས་པས་གང་སྣང་བདེ་བ་འབར་བའི་གྲོགས་སུ་ འཆར་བ་དང། དབང་པོའི་སྒོར་རྒྱུ་བའི་རླུང་དྷཱུ་ཏཱིར་ཞུགས། བདེ་བ་འབར་བར་བྱེད་པ་དང། བདེ་སྟོང་དེས་ཚེ་གཅིག་ལ་བདེན་འཛིན་བག་ཆགས་དང་བཅས་པ་རྩད་ནས་གཅོད་པར་བྱེད་དོ། །་ལུས་དབེན་དྷཱུ་ཏཱིཨཱི་མར་སྣེའི་རྩ་མདུད་འགྲོལ་ བྱེད་དང། དེར་རླུང་བསྡུ་བྱེད། ངག་དབེན་སྙིང་ཁའི་རྩ་མདུད་འགྲོལ་བྱེད་དང། དེར་རླུང་བསྡུ་བྱེད་ཀྱིས་སོ། །འགྲེལ་པ་ཟླ་འོད་ཨ་བྷྱཱས་མཛད། འདས་པའི་སེམས་དབེན་བཙལ་ཞེས་གསུངས་པའི་འདས་པའི་ཞེས་སེམས་དབེན་ལ་དམིགས་ ཀྱིས་བཀར་ནས་བསྐྱེད་རིམ་ལས་འདས་པར་གསུངས་བས་ངག་དབེན་དེ་ལས་མ་འདས་སོ་ཞེས་འཆད། བསྐྱེན་རིམ་པའི་ཡུལ་མིན་པར་གསུངས་སོ། །ཞེས་འཆད་དོ་དེ་མི་འཐད་དེ། སྤྱོད་བསྡུས་ལས་དེ་ལྟར་གསུངས་པས་ངག་དབེན་བསྐྱེད་རིམ་ ལས་འདས་བར་དམིགས་ཀྱིས་བཀར་ནས་བསྟན་གྱི། སེམས་དབེན་ལ་དམིགས་ཀྱིས་བཀར་ནས་དེ་ལྟར་སྟོན་པ་མིན་བའི་ཕྱིར། བ་དེ་གཉིས་ས་བརྒྱད་པར་བཞག་པ་འདྲ་བ་ཙམ་གྱིས་གཅིག་ཏུ་མི་འགྱུར་ཏེ། དཀྱིལ་སྟོད་དཀྱིལ་སྨད་སོགས་ [055B] ་རྣལ་འབྱོར་པས་ནི་རླུང་བསྒོམས་ན། །སོགས་ཏེ། ཤེས་ནས་བསྒོམས་པའི་ཕན་ཡོན་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པ། དེ་ནི་སྡུག་བསྔལ་སོགས་ཏེ། མ་ཤེས་མ་བསྒོམས་ན་འཁོར་བའི་སྤྲིན་བུར་ འབྱུར་བར་གསུངས། ་ཞེས་འཆད་དོ། །རང་ལུགས་ནི་རྡོ་རྗེ་འཕྲེང་བའི་འགྲེལ་པ་ལས། སྤྲུལ་པ་དང་་ང་བཞི་སྟེ་བརྒྱ་རྩ་བརྒྱད་རྒྱུ་བ་དེར་འདུ་ཚུལ་ལོ། །རྒྱུ་ཚུལ་སྲོག་འཛིན་ནི་དྲུག་ཀའི་ལྟེ་བ་ནས་སོགས། ་མི་ཤིགས་པ་དེ་ལ་ལྔ་ཡོད་ དེ༑ རླུང་མི་ཤིགས་པ། སེམས་ཐིག་ལེ་དཀར་པོ་་ཐིག་ལེ་དམར་པོ་རང་བཞིན་གྱིས་འོད་གསལ་བ་མི་ཤིགས་པ་ལྔའོ། །བ་སྙིང་ཁའི་མི་ཤིགས་པའི་རླུང་དང་ཐིག་ལེ་དེ་ལྔ་ཆར་སྙིང་ཁའི་རྩམ་དུད་ཀྱི་དྷཱུ་ཏཱིའི་ནང་ན་གནས་ནས་མི་རྒྱུ་ལ། སྣ་བུག་ཏུ་ རྒྱུ་བའི་སྲོག་འཛིན་ནི་སྙིང་ཁར་གནས་ཀྱང་རྩ་མདུད་ཀྱི་དྷཱུ་ཏཱིཨཱི་ནང་ན་གནས་པ་མིན་ནོ། ། ༈ མི་ཤིགས་པའི་ཐིག་ལེ་དང་མི་ཤིགས་པའི་རླུང་གཉིས་སྙིང་ཁའི་རྩ་མདུད་ཀྱི་ནང་ན་གནས་ པས༑ སྟེང་འོག་ཡང་དག་བརྟེན་ནས་ནི། །ཞེས་པའི་སྟེང་འོག་ནི་སྙིང་ཁའི་རྩ་མདུད་ཀྱི་སྟེང་འོག་ལ་བྱེད་ཅིང། དེ་ཡང་གནས་ཞེས་པ་སྙིང་ཁར་གནས་ཞེས་པ་སྟེ་དེར་རྒྱུ་བའི་དོན་ཡིན་གྱི། དུས་རྟག་ཏུ་གནས་པའི་དོན་མིན་ནོ། །་རྡོ་རྗེ་འཕྲེང་བའི་ལུང་ གཡོན་དང་གཡས་དང་གཉིས་ཀ་དང། །དལ་བར་རྒྱུ་དང་རྣམ་པ་བཞི། །བྱེན་རྒྱུ་གནས་མགྲིན་པ། སྣ་ གཡས་པ་ནས་ནི་ དགུ་བརྒྱ་བྲག་གཅིག་དྲག་པར་རྒྱུ། འབྱུང་བའི་ཁམས། །ཁམས་ མེ་ཡི་ རླུང་ དཀྱིལ་འཁོར་ཉིད་ཡིན་ཏེ། །རང་དབང་བའི་ ཁ་དོག་དམར་ [056A]༄༅། །པོ་བཟང་པོ་ སྟེ་འོད་ཟེར་ལྔ་འཕྲོ་འདི། །འོད་དཔག་མེད་ པདྨ་མགོན་པོའི་ མཉམ་གནས་གནས་ལྟེ་བ། རྒྱུ་བའོ། །སྟེ་རྒྱུ་བ་ན་སྣ་བུག་ གཡོན་པ་ནས་ནི་ དགུ་བརྒྱ་ཕྲག་གཅིག་དྲག་པོར་རྒྱུ། འབྱུང་བའི་ཁམས། །ཁམས་ རླུང་གི་ རླུང། དཀྱིལ་འཁོར་ལ་བརྟེན་པ། །ཁ་དོག་ ལྗང་སེར་དག་ཏུ་ ལྗང་ནག་ཏུའང་གསུང། སྣང་བ་སྟེ། །དོན་གྲུབ་ ལས་ཀྱི་མགོན་པོའི་རྒྱུ་བའོ། །ཐུར་སེར་གནས་གསང་གནས། རྒྱུ་བ་ན་སྣ་བུག། གཉིས་ཀ་ལས་ནི་ དགུ་བརྒྱ་ཕྲག་གཅིག་དྲག་པོར་རྒྱུ། འབྱུང་བའི་ཁམས། ། ཁ་དོག་ གསེར་གྱི་མདོག་ཏུ་སྣང་བ་སྟེ། །ཁམས་ས་རླུང་ དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་འབྱུང་གི་རླུང་ རིན་ཆེན་མགོན་པོའི་རྒྱུ་བའོ། །སྲོག་འཛིན་རགས་པ་གནས་སྙིང་ཁ། རྒྱུ་བ་ན་སྣ་བུག་གཉིས་ཀ་ནས་དགུ་བརྒྱ་ཕྲག་གཅིག་ དལ་ཞིང་རྒྱུ་བ་མེད་པའི་ཁམས། ། ཁ་དོག་ དག་པའི་གེལ་ལྟར་སྣང་བ་ནི། །འདི་ནི་ ཁམས་ཆུ་རླུང་ ཆུ་ཡི་དཀྱིལ་འཁོར་ མི་བསྐྱེད་པའི་རླུང་ ཏེ། །རྡོ་རྗེ་མགོན་པོའི་རྒྱུ་བའོ། །ཁྱབ་འབྱེད་ནམ་མཁའི་རླུང་ཚིགས་ཀུན་ལ་གནས། ཁ་དོག་སྔོ་སངས་ ཁམས་ཀུན་ལས་ནི་ཡང་དག་བྱུང། །རྟེན་དང་ བརྟེན་པའི་གཟུང་བ་ནི། །རྣམ་པར་སྣང་མཛད་རང་བཞིན་ཏེ། །གཞི་དྲུག་ལ་སྣ་བུག་ནས་འཆི་བའི་དུས་མ་གཏོགས་མི་རྒྱུ་བས། འཆི་བའི་མཐར་ནི་འབྱུང་བར་འགྱུར། །ཅེས་པའོ། །ཡང་གྱེན་རྒྱུའི་རླུང་གིས་གཙོ་བྱས་པའི་རླུང་སྣ་བུག་གཡས་ནས་རྒྱུ་ཚེ། མགོན་ པོ་བཞིའི་རླུང་ཅིག་ཅར་དང། ལྷ་མོ་བཞིའི་རླུང་རིམ་ཅན་དུ་རྒྱུ། ་ཤེས་པར་བྱའོ། །དེའི་ཚེ་དཔེར་ན། གྱེན་རྒྱུ་གཙོ་བྱས་རྒྱུ་བའི་ཚེ་དེའི་འཁོར་དུ་སྲོག་འཛིན་དཀར་ལ་དམར་མདངས་ཆགས་པ། ཐུར་སེར་སེར་ལ་དམར་མདངས་ཆགས་པ་སོགས་ [056B] །་ལྷ་མོ་རྣམས་ཀྱི་རླུང་རིམ་ཅན་ཁོ་ནར་རྒྱུ་ཞིང། ལྷ་མོ་གཅིག་གི་རླུང་ལ་མགོན་པོ་བཞིའི་རླུང་ཡོད་པ་ཅིག་ཅར་ཁོ་ནར་རྒྱུ། མགོན་པོའི་རླུང་དང་ལྷ་མོའི་རླུང་མི་འགལ་ཏེ། མི་བསྐྱོད་པའི་རླུང་ལ་ལྷ་མོ་བཞི་ཆར་ཡོད་པའི་ ཕྱིར་རོ། །་དྲུག་པོ་འདི་དག་འོད་དུ་འདོད། །ཅེས༑ ཡན་ལག་རླུང་ལ་དབྱེ་བ་གཞན་ཡང་བཅུ་གཉིས་ཡོད་དེ། སྙིང་ཁ་ནས་འབྱུང་བའི་རླུང་སོགས། བ་དོན་གཅིག་གམ་བརྟག་གོ། །གཟུང་འཛིན་སྐྱེ་བའི་རླུང་བཅུ་གཉིས་དང། ཡན་ལག་གི་རླུང་ལྔ་མི་ གཅིག་སྟེ། དང་པོ་ནི། རྣམ་རྟོག་གི་བཞོན་པ་དང། ཕྱི་མ་དབང་ཤེས་ཀྱི་བཞོན་བྱ་ཡིན་པའི་ཕྱིར། ཡན་ལག་གི་རླུང་ལྔ་ནི་ཤེས་ཆེར་སྟོག་འཛིན་གྱི་ཡན་ལག་ཡིན་པས། ཡན་ལག་གི་རླུང་ཞེས་བྱའོ། །་རྡོར་བཟླས་བྱེད་པར་གསུངས་པ་ནི་བཅུ་ ཀ་ལ་ཅི་རིགས་སུ་ཡོད་དོ། །སྟེང་གི་སྨ་བུག་ནས་འབྱུང་འཇུག་བྱེད་པས་ཚེ་བསྲིད་པ་དང་འཛིན་པ་ཡང་རླུང་བཅུ་ཀ་ལ་ཅི་རིགས་སུ་ཡོད་དོ། །རླུང་དེ་རྣམས་སའི་གཞིར་གྱུར་ནས་ཚིག་མ་ལུས་པ་སྨྲ་བར་བྱེད་ཅེས་པ་ཡང་བཅུ་ཀ་ལ་ཅི་རིགས་སུ་ཡོད་ དོ༑ ༑དེ་བཞིན་དུ་ཕོ་མོ་སྙོམས་འཇུག་གིས་སེམས་ཅན་གྱི་ལུས་བསྐྱེད་པའི་གཞི་བྱེད་པ་ཡང་རླུང་བཅུ་ཀ་ལ་ཅི་རིགས་སུ་མི་འགལ་ལོ། །བ་དེ་བས་ན་འཕྱེ་བོ་དང་ཞེས་པའི་འཕྱེ་བོ་ནི་ཞི་བོ་སྟེ། རྣམ་ཤེས་ལ་རང་སྟོབས་ཀྱིས་ཡུལ་འཛིན་པའི་ནུས་པ་ཡོད་ ཀྱང༑ རང་སྟོབས་ཀྱིས་ཡུལ་དུ་བགྲོད་པའི་ནུས་པ་མེད་པ་ཞ་བོ་མིག་ལྡན་ལྟ་བུ། རླུང་ནི་དེ་ལས་ལྡོག་པ་ལོང་བ་རྐང་ལྡན་ལྟ་བུ་སྟེ། དེ་གཉིས་བསྡོམས་པས་བགྲོད་ཅིང་འཛིན་ནུས་པ་བཞིན་རླུང་སེམས་གཅིག་ཏུ་ཚོགས་ནས་ཡུལ་དུ་བགྲོད་ཅིང་འཛིན་ [057A]༄༅། །པས་རླུང་རྣམ་ཤེས་ཀྱི་བཞོན་བའོ། ། ༈ དེ་རླུང་གིས་དབུགས་ཕྱི་རོལ་ཏུ་གཡོ་བ་དང། འགྲོ་དོང་སོགས་ཀྱི་གཡོ་བ་ལ་བྱེད། ་དུས་འཁོར་གྱི་སྐོར་ ནས༑ ལྟེ་བའི་རྩ་འདབ་རིམ་པ་བཞི་པའི་མཚམས་ཀྱི་རྩ་བཞི་ནས་མི་རྒྱུ་བས་ལྷག་མ་བཅུ་གཉིས་ལས། གཡས་ནས་ས་ཆུ་མེ་རླུང་་དྲུག་བརྒྱད་དང་དོན་ལྔ་རྒྱུ་ལ། འོན་ཀྱང་དབུ་མ་ནས་ང་དྲུག་བཞི་ཆ་རེ་བྱུང་བདེ་ལ་འཕོ་བ་ཟུར་བ་མི་འཇོག་མཉམ་རྒྱུར་ གསུངས། གསང་འདུས་སོགས་རྒྱུད་དེ་དང་དེའི་གདུལ་བྱ་ཡིན་ནོ། རྒྱུད་དེ་དང་དེ་ལས་བཤད་པའི་རྩ་དང་རླུང་ལ་ཆེད་དུ་བརྟགས་ན། རྟོགས་པ་ཁྱད་པར་དུ་འགྲོ་བའི་ཁྱད་ཡོད། སྡོམ་འབྱུང་དང་དུས་འཁོར་སོགས་ནས་རླུང་མི་འདྲ་བ་གསུངས་ པ་མང་གདུལ་བྱའི་དབང་གིས་ཡིན། ་རྩ་འདབ་ཀྱི་གྲངས་བཟློག་པ་དང། གོང་གི་ལྟེ་བའི་རྩ་འདབ་བ་འདུས་པ་རང་ལུགས་ཉིན་ཞག་གཅིག་གི་རླུང་ལ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ། དེ་ལ་ཐུན་ཕྱེད་ཉེར་བཞི། དཀྱིལ་འཁོར་གྱི་འཕོ་བ་ཉེར་བཞི་ རྩ་འདབ་གྱི་འཕོ་བ་ཉེར་བཞི། འོན་ཀྱང་སྣ་བུག་གི་འཕོ་བ་བཅུ་གཉིས་ཏེ་སྲོག་ཐུར་གཉིས་མཉམ་རྒྱུར་སོང་བས་སྣ་བུག་གི་འཕོ་བར་མི་འཇོག་དེ་ལྟར་ཐུན་ཕྱེད་རེ་ལ་དགུ་བཅུ་རེ། ་ལས་བཞི་བྱ་ཞེས་པར། དེ་ཡང་ས་རླུང་རྒྱུ་སྐབས་རྒྱས་ པ་ཞི་ལས། ཆུ་རླུང་ཞི་བ། མེ་རླུང་དབང། རླུང་གི་རླུང་བསྒྲད་རེངས་སོགས་དྲག་ལས་འགྲུབ་སྟོབས་ཆེ། ་ཐུན་ཕྱེད་སྔ་མ་ལ་དགུ་བརྒྱད་དང། དེ་ནས་གཞན་དུ་མི་འཕོ་བར། ཡང་བར་མཆད་པར་དགུ་བརྒྱ་སྟེ་སྟོང་བརྒྱད་བརྒྱ་བརྒྱུས་ [057B] དེ་ལྟར་ན་ཉེན་ཞག་གཅིག་ལ་འཕོ་བ་བཅུ་གཉིས་སུ་འགྱུར་རོ། །སྣ་བུག་གཉིས་ནས་མཉམ་དུ་རྒྱུ་བའི་སོགས་ནི། རང་ལུགས་སྤྱིར་ཉིན་ཞག་གཅིག་ལ་སྣ་བུག་གི་འཕོ་བ་བཅུ་གཉིས་ ཡིན་ཀྱང་མཉམ་རྒྱུ་ལ་འཕོ་བ་མེད་པར་སྣ་བུག་གཡས་གཡོན་བཅུ་གཉིས་སུ་མི་བྱེད་པའི་དོན་ནོ། །བ་བཅུ་གཉིས་བྱེད་པ་ཡང་མིན། མདོར་ན་སྣ་བུག་གཡས་གཡོན་གྱི་འཕོ་བ་དང། སྣ་བུག་གི་འཕོ་བ་འབྱེད་དགོས་སོ། །བྱ་སྣ་བུག་གཡས་གཡོན་དུ་འཕོ་ བ་སྟེ་སྣ་བུག་གི་འཕོ་བ་ཉེར་བཞིར་བཤད། ་སྡོམ་འབྱུང་ལས་མ་རྒྱུད་ནས་གསུངས་པ་ལྟར་མཛད། ནང་དུ་ནི། དེ་ལྟར་ཐུན་ཚོད་བརྒྱུད་སོགས་མ་རྒྱུད་ནས་གསུངས་པ་ལྟར་བྱས་པའི་ནང་གི་རླུང་རྒྱུ་ཚུལ། ་སྣང་བའི་ཕྱིར། གདུལ་བྱའི་ རླུང་རྒྱུ་ཚུལ་མི་འདྲ་བའི་དབང་གིས་སོགས། ་ས་ཆུ་ལ་ཐིམ་པ་སོགས་ཀྱང་ས་རླུང་ཆུ་རླུང་ལ་ཐིམ་པ་ནས། རྣམ་ཤེས་ཀྱི་རླུང་སྣང་བ་ལ་ཐིམ་པ་སོགས་ཀྱི་དོན་ཡིན། ་རླུང་ཇེ་ཞན་དུ་ཐིམ་པས་འཆི་བ། འོད་གསལ་གྱི་རླུང་དེ་གཡོས་པས་བར་དོ་ ཀུན་རྟོག་བརྒྱད་ཅུའི་རླུང་གཡོས་པས་སྐྱེ་བའོ། །་དེ་ལྟར་གསུངས་པས་ཀྱི་འཁོར་བའི་རྩ་བ་ཞེས་པ་གསུངས་པས་ནི་ཞེས་ཡིན་པས་ཡི་གེ་ནོར། བ་དེས་ན་བདག་འཛིན་གྱིས་རྩ་བ་བྱས། རླུང་གིས་འཁོར་བའི་ལྷན་ཅིག་བྱེད་རྐྱེན་བྱས་ནས་སྐྱེད་དོ། ། ༈ ཏུ་ཕྲ་བའི་རླུང་ནི་ལྷན་སྐྱེས་ཀྱི་རླུང། ཤིན་ཏུ་ཕྲ་བའི་སེམས་ནི་ལྷན་སྐྱེས་ཀྱི་སེམས་ཡིན། སེམས་དེས་མྱོང་བའི་བདེ་བ་ལ་ལྷན་སྐྱེས་ཀྱི་བདེ་བ་ཟེར། ལྷན་སྐྱེས་ཀྱི་དོན་ཡང་གང་ཟག་དེ་འཁོར་བ་ཐོག་མེད་ནས་འགྲོ་བ་བཟང་ངན་ཅི་འདྲར་གྱུར་ཀྱང་དེའི་རྒྱུད་ན་འབྲལ་ [058A]༄༅། །མེད་དུ་གནས་པས་ན་ལྷན་སྐྱེས་ཞེས་པའོ། །རྫོགས་རིམ་སྐྱེ་བ་ལ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་སྐྱེ་དགོས། རླུང་སེམས་ཀྱི་རླུང་དེ་ཡང་ཐོག་མེད་ནས་འགྲོགས་ཏེ་འཇིག་རྟེན་པའི་བྱ་བ་སྐྱེ་འཆི་སོགས་ཀྱང་རླུང་གིས་བྱེད། འཇིག་ རྟེན་ལས་འདས་པའི་ལམ་གྱི་བྱ་བ་སོགས་ཁྱད་རླུང་གིས་བྱེད་པ་ཡིན། འོ་ན་རླུང་འཁོར་བའི་རྩ་བར་འགྱུར་རམ་ཞེ་ན་མི་འགྱུར་ཏེ། བདག་འཛིན་ནི་རྩ་བ་དང། རླུང་གིས་ལྷན་ཅིག་བྱེད་རྐྱེན་བྱེད་པས་སོ། །དེ་བས་ན་སེམས་རགས་བ་སོགས་ལ་མི་སྦྱོར་རོ།། ༈ རྩོལ་བ་ནི་དེ་རྒྱས་པ་དང་རིང་བར་བྱེད་པ་ལ་བྱ། སྲོག་འཛིན་གྱིས་སྙིང་ཁའི་རྩ་འཁོར་ལ་གནས་ནས་ཚེ་འཛིན་པ་དང། བསྲིད་བ་དང། དབང་ཤེས་ལྔ་ཕྱི་རོལ་ཏུ་སྤྲོ་ཞིང་སྡུད་བར་བྱེད། ཐུར་སེལ་ གྱིས་བཤད་གཅི་ཁུ་ཁྲག་ཐུར་དུ་སེལ་བའི་འོག་སྒོ་གཉིས་ནས་རླུང་ཕྱི་ནང་དུ་འདྲེན་པར་བྱེད། མཉམ་གནས་ལྟེ་བའི་མེ་དང་མཉམ་དུ་གནས་ནས་བཟའ་བཏུང་འཇུ་བར་བྱེད། གྱེན་རྒྱུས་བཟའ་བཏུང་གྱེན་དུ་འདྲེན་ཅིང་ལྕེ་ཤེས་ལ་སྦྱོར་བ་དང། ་ ནང་དུ་འཇུག་བ་ནི་མིད་བ། ཁྱབ་བྱེད་ཀྱིས་འགྲོ་འདུག་འགུལ་བསྐྱོད་གོམ་པ་འདོར་འཆག་སོགས། བ་ཕར་ཐེག་གྲུབ་མཐའ་གོང་མའི་ལུགས་ལ་མངོན་ཤེས་ལ་ཡིད་ཤེས་ཀྱིས་ཁྱབ་ཀྱང། སྔགས་ལུགས་ལ་དབང་ཤེས་ཡོད་ཅེས་རྒྱལ་མཆོག་བདུན་པ་ གསུང། ་གསལ་བྱེད་ཀྱི་ཡི་གེ་སོ་བཞི་ཡང། ཀྵ་ཤེས་བའི་ཀ་ཀ་ཡིག་དང། ཥ་ཤ་ཡིག་ཏུ་འདུས་པས་སོ་གསུམ་མོ། །་གཉིས་ཀའི་ཞེས་པ་ལྷ་ཕོའི་ང་རྒྱལ་གྱིས་ལྷ་མོའི་སྔགས་བཟླ་བ། སྔགས་ཀྱི་ལྷ་ཇི་སྙེད་སོགས་ཏེ་ལྷ་ཐམས་ཅད་ [058B] སྔགས་ཐམས་ཅད་ཡི་གེ་འབྲུ་གསུམ་དུ་འདུས་པར་གསུངས་པའོ། །་རྡོ་རྗེ་བཟླས་པ་ལ་ནི། དགོས་པ་དུ་མ་ཡོད་དེ། ལྷ་ཐམས་ཅད་ཀྱི་ཐུགས་རྒྱུད་སོགས། བ་འཇུག་པའི་དབང་གིས་ཉིན་མཚན་ཀུན་ཏུ་སེམས་ཅན་ཀུན་གྱི་ལུས་ལ་ གནས་ནས་ཚེ་འཛིན་པར་བྱེད་པ་དང། ལུས་གནས་པར་བྱེད་པའི་སྒོ་ནས་་་རྣམ་པ་ཅན་གྱི་ཡི་གེ་གསུམ་ཞེས་པ་འབྲུ་གསུམ་ལས་ལྷ་བསྐྱེད་པའོ། །གཙོ་བོའི་ལས་རེ་རེ་དང། སོགས་ཏེ། རྩ་བའི་རླུང་ལ་རྡོར་བཟླས་བྱས་པས་ལས་བཞི་སྒྲུབ་པ་དང། ཡན་ ལག་གི་རླུང་ལ་རྡོར་བཟླས་བྱས་པས་མདོན་ཤེས་ལྔ་སྒྲུབ་པ་ཡིན་ནོ། །བ་མཚན་ཉིད་དོ། །ཞེས་གསུངས་སོ། །ཞེས་པའི་མཚམས། དེ་ལྟར་སྔགས་ཀྱི་བརྡ་སྤྱིར་དུ་མ་ཞིག་ཡོད་པ། འདིར་འབྲུ་གསུམ་གྱི་གདངས་ཀྱི་བརྡ་སྦྱར་བའི་རླུང་འཇུག་ལྡང་གནས་གསུམ་ གྱི་རང་གདངས་ནི་ངེས་དོན་གྱི་སྔགས་ཀྱི་བརྡ་ཡིན་ནོ། །དེ་ལ་རང་བཞིན་གྱི་བཟླས་པ་ཞེས་ཀྱང་བྱའོ། །་སྔགས་ཀྱི་དོན་ནི་སྒྱུ་ལུས་དང། སྔགས་ཀྱི་ངོ་བོ་ནི་ཡིག་འབྲུ་གསུམ་ལ་འཇོག་གསུངས། བཤད་ཟིན་པས་དེ་མིན་ནོ། །ཞེས་པའི་ཐད་དུ། ཡི་གེ་ གསུམ་གྱི་མཚོན་དོན་དང་དགོས་དོན་གཉིས་ཡོད་པས་འདིར་མཚོན་དོན་མིན་གྱི། དགོས་དོན་ཡིན་ནོ། །་དེས་ན་རླུང་སྔགས་དབྱེར་མེད་ཀྱི་རྡོར་བཟླས་ཀྱིས་རླུང་རྣམས་མི་ཤིགས་པ་ལ་བསྡུས་པའི་དཔེ་དོན་གྱི་འོད་གསལ་ལས་རླུང་སེམས་དེ་ཉིད་ཡོངས་ སུ་གྱུར་པ་ལས་རྡོ་རྗེ་གསུམ་དབྱེར་མི་བྱེད་པའི་སྒྱུ་མའི་སྐུར་བཞེངས་པ་དེའོ། ། ༈ གང་ཟག་དེ་ལ་ཤེས་སྒྲིབ་ཀྱིས་མ་བསླད་པ་ནི། དཔེར་ན། ཕར་ཕྱིན་ཐེག་པའི་ལུགས་ཀྱི་ཐེག་ཆེན་མཐོང་ [059A]༄༅། །ལམ་བར་ཆད་མེད་ལམ་པ་བཞིན་ཡིན། རིམ་པ་བཞི་པའི་དོན་གྱི་འོད་གསལ་ལ་ཤེས་སྒྲིབ་ཀྱིས་བསླད་པ་མ་ཞུགས་ཏེ་ཟག་མེད་ཡིན་གསུངས། ༈ ཟེར་ཡང། སྟོང་ཉིད་མ་བསྒོམ་པར་འཆར་མི་ཐུབ་པས་མ་ཡིན་དགག་ཅིག་ཤར་ཞེས་འཇམ་བཞད་གསུངས། བསྐྱེད་རིམ་པའི་རྒྱུད་ཀྱི་ངེས་འབྱུང་དང་སེམས་བསྐྱེད་སོགས་ཕར་ཕྱིན་ཐེག་པའི་རྟོགས་རིགས་ཡིན་ཀྱང། ཕར་ཕྱིན་ཐེག་པའི་ལམ་མིན་ ཕར་ཐེག་པའི་ས་བཅུ་པའི་བྱད་སེམས་སྔགས་ལ་ཞུགས་པ་དེའི་རྒྱུད་ཀྱི་རྒྱུན་མཐའི་ཡེ་ཤེས་སོགས་སྔགས་ལམ་ཡིན་ནོ། །བ་མ་བྱས་པ་དེ་དང། རྟོགས་པ་སྟེ་བདེ་བ་ཆེན་པོའི་ཤེས་པ་གཉིས་རོ་གཅིག་ཏུ་སོང་བ་དབྱེར་མེད་པའི་འོད་གསལ་གྱི་བྱང་ཆུབ་ གྱི་སེམས་ཏེ་དོན་གྱི་འོད་གསལ་དེ་ནི་སྔགས་ཀྱི་དེ་ཁོ་ན་ཉིད་སོགས། ན་དྲངས་དོན་གྱི་ཨ་ཐུང་ངག་མ་ལུས་པའི་རྩ་བར་གྱུར་ཚུལ་དང། ངེས་དོན་གྱི་ཨ་ཐུང་ངག་མ་ལུས་པའི་རྩ་བར་གྱུར་ཚུལ་མ་ཤེས་ན། དྲང་ངེས་ཀྱི་ཁྱད་པར་ལེགས་པར་ཤེས་པ་མེད་མི་རུང་ ཡིན་པ་དང། དེ་ཤེས་ན་སོགས། འདི་ན་གསུང་རང་འཆད་པ་སོགས་ཏེ། ངེས་དོན་གྱི་ཨ་ཐུང་མི་ཤེས་པའི་རང་སྡེས་སྒྲའི་ཐོབ་ཚོད་ཀྱི་གསུང་རབ་འཆད་པ་དག་ནི་བྱཱ་ཀར་ཎའི་ཚིག་སྔོན་དུ་བྱས་ནས། སྒྲ་ཡི་དོན་འབའ་ཞིག་གི་རྗེས་སུ་འབྲང་གི། རང་ སྡེ་དེ་རྣམས་ཀྱིས་ངེས་དོན་ཨ་ཐུང་ངག་མ་ལུས་པའི་རྩ་བར་གྱུར་ཚུལ་མི་ཤེས། ཡི་གེའི་དེ་ཁོ་ན་ཉིད་སོགས་ནི་རིན་པོ་ཆེ་ལྟ་བུའི་གང་ཟག་ལས་འོག་མས་མི་ཤེས་པ། བ་འཆད་པ་ནི། བཤད་རྒྱུད་ལ་བརྟེན་ནས་ངེས་དོན་གྱི་ཨ་ཐུང་དག་མ་ལུས་པའི་ [059B] །ཞེས་པའོ། །ན་འདིར་འཇུག་པ་པོ་གང་འཇུག་པ་ནི། ཨཱ་ལི་ཀཱ་ལིའི་ཞེས་པ་སྟེ་དབྱངས་གསལ་གྱི་གདངས་མི་གསལ་བའི་ཚུལ་དུ་སྒྲོག་ པའི་རླུང་ཐམས་ཅད་དེ་བདག་ཉིད་ཅན་གྱི་ངག་ཏུ་གསུངས་པའི་་སྤྱོད་བསྡུས་ལས་གསུངས་པས། དངོས་པོ་མེད་པ་དོན་གྱི་འོད་གསལ་སོགས། བ་དྲང་དོན་གྱི་གྱུར་ཚུལ་ཨ་ཐུང་སྲོག་ཏུ་མ་ཞུགས་པའི་ཡི་གེ་མེད་པས་ཨ་ཐུང་སྲོག་ཏུ་ཞུགས་པ་ལས་ཡི་གེ། དེ་ ལས་མིང། དེ་ལས་ཚིག། དེ་ལས་ཤོ་ལོ་ཀ། རབ་བྱེད། སྡེ་སྣོད། ཆོས་ཕུང་བརྒྱད་ཁྲིའི་བར་འབྱུང་བ་ཐམས་ཅད་ཀྱི་རྩ་བ་ཨ་ཐུང་ངག་མ་ལུས་པའི་རྩ་བར་གྱུར་ཚུལ་ནི་དྲང་དོན་གྱི་གྱུར་ཚུལ་ལོ། །ན་འོ་ན་དོན་དེ་སྟེ། ངེས་དོན་གྱི་ཨ་ཐུང་ངག་མ་ ལུས་པའི་རྩ་བར་གྱུར་ཚུལ་དེ་གང་ཡིན་ཞེ་ན། འདི་ལ་བོད་ཀྱི་་བ་འབར་བའི་མི་ཤིགས་པ་སྟེ་སྲོག་འཛིན་ཤིན་ཏུ་ཕྲ་བ་དང་བྱང་ཆུབ་ཀྱི་མི་ཤིགས་པ་གཉིས་ཀར་བྱེད་དོ། །བ་མཆོག་པར་བགྱིད་ཅེས་པ་མཆོད་པར་ཡིན་འདྲ། ན་ཡིག་འབྲུ་ཀུན་གྱི་ མཆོག་དང། དེའི་ཕྱིར་ངེས་སྒྲུབ་གཞི་བྱས་ནས་སྒྱུ་ལུས་སྒྲུབ་པས་ན་དོན་ཆེན་པོ་དང། རྒྱུ་མཚན་དེས་ཡི་གེ་དམ་པའོ། །ཐོག་མེད་ནས་རིགས་འདྲ་རྒྱུན་མི་ཆད་པས་ཁོང་ནས་འབྱུང་བ། གདོད་མ་ནས་གྲུབ་པས་སྟོང་པས་ན་སྐྱེ་བ་མེད་ལ། ཞེས་སོ། །བརྗོད་ པའི་རྒྱུ་སོགས་ཏེ། སྲོག་འཛིན་གྱི་རླུང་ལའང་ཕྲ་རགས་གཉིས་ཡོད་པའི་ཕྲ་བ་ལ་ནི་མི་ཤེགས་པའི་ཐིག་ལེ་དང་མི་ཤིགས་པའི་རླུང་ཟེར། དེ་ངེས་དོན་གྱི་ཨ་ཡང་ཡིན་ལ། རྫོགས་པའི་སངས་རྒྱས་པ་ལས་བྱུང། །ཞེས་པའི་ཨ་ཡང་དེ་ཡིན། དེ་ལས་སངས་ [060A]༄༅། །རྒྱས་རྣམས་བྱུང་ཚུལ་ནི་དེ་བསྒོམས་པ་ལས་དག་པའི་སྒྱུ་ལུས་དང། དེ་ལས་གཟུགས་སྐུ་འགྲུབ་པ་ཡིན། ངེས་དོན་གྱི་ཨ་དྲང་དོན་གྱི་ཨ་ཡིག་གི་རྣམ་པར་ན་དེ་ལས་རླུང་མགྲིན་པར་གྱེན་དུ་བརྒྱུས་པ། རགས་པར་སོང་ཚེ་ དབྱངས་གསལ་གྱི་ཡི་གེ་དང། མིང་ཚིག་སོགས་འབྱུང། བ་ཨ་ཤད་ལྟ་བུ་གནས་ཟེར། གཞན་གཅིག་ཏུ་ཞེས་པ་མར་ལུགས་པ་རྣམས་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་བསམ་ཟེར་རོ། །འགོས་ལུགས་པ་རྣམས་འདི་དང་མཐུན། ན་ བསམ་གཏན་བྱ། །ཞེས་སྙིང་ཁར་སྙིང་ཁའི་རྩ་འདབ་ཀྱི་ངོ་བོ་རྩ་འདབ་བརྒྱད་པ་སུམ་རིམ་མ། པདྨ་འདབ་བརྒྱད་སུམ་རིམ། བར་པ་བརྒྱད་ལ་ཐབས་ཀྱི་ངོ་བོ་གསལ་བྱེད་སོ་གཉིས་རྩ་འདབ་རེར་ཡི་གེ་བཞི་བཞིའོ། །མ་ནིང་གི་ཡི་གེ་རྀ་ལྀ་བཞི་ས་མཚན་པ་ དང༑ དབུས་སུ་དཧུ་ཏཱིའི་རྩེ་འཁོར་ནང་མི་ཤིགས་པའི་ཐིག་ལེ་སོགས། བ་དབྱངས་ཡིག་བཅུ་གཅིག་པ་ཨ་ལ་ཐིག་ལེ་ཡོད། ན་དེས་ན་སྒྲ་དབྱངས་བཅུ་གཅིག་པས་སོགས་རང་ལུགས། བ་ལུས་དབེན་མཐར་ཕྱིན་པའི་ངག་དབྱེན་པས་སེམས་དབེན་གྱི་སྟོང་ བཞི་འདྲེན་པའི་ཕྱིར་དུ་རྔོར་བཟླས་བྱེད་དོ། །རྡོར་བཟླས་བྱེད་པའི་དུས་ནི་སྙིང་ཁའི་མི་ཤིགས་པ་ལ་བརྟེན་པ་ཐོབ་ནས་ཡིན་ནོ། །ན་བཞི་དང་ལྔ་དབྱེ་བའོ། །ཞེས་པའི་མཚམས། རྟེན་གྱི་གང་ཟག་གིས་གོ་ནས་དབྱེ་ན། བསྐྱེད་རིམ་པ། དག་དབེན་པ། སེམས་ དབེན་པ། སྒྱུ་ལུས་པ། ཟུང་འཇུག་པ་དང་ལྔ་ཡོད། དག་དབེན་པས་རྩ་བའི་རླུང་ལ་དམིགས་པའི་རྡོར་བཟླས་བྱེད། དེའི་ཚད་རླུང་དེ་སྙིང་ཁའི་ཏཱིར་རང་སྟོབས་ཀྱིས་སྡུད་ནུས་པ་ནས་ཡིན། དེ་ནས་ཡན་ལག་གི་རླུང་ལ་བྱེད། དེ་རླུང་དེ་རྣམས་དབང་པོའི་ [060B] ཡུལ་སྣང་བདེ་ཆེན་འབར་བའི་གྲོགས་སུ་འཆར་བ་ན་ཡིན། སེམས་དབེན་པས་ཁྱབ་བྱེད་ཀྱི་རླུང་སྡུད་ཕྱིར་དེ་ལ་བྱེད། སྒྱུ་ལུས་པས་མིག་སོགས་མངོན་ཤེས་ལྔ་སྒྲུབ་ཕྱིར་བྱེད། ཟུང་འཇུག་པས་ལ་རབ་འབྱམས་སྒྲུབ་ཕྱིར་བྱེད། དགོས་ པའི་སྒོ་ནས་དབྱེ་ན། མཆོག་ཐུང་ཡི་དངོས་གྲུབ་སྒྲུབ་པའི་རྡོར་བཟླས་གཉིས། ན་སྙིང་ཁའི་རྩ་དབུ་མའི་སྟེང་ན་རོ་རྐྱང་གཉིས་ཀྱི་མདུད་པ་གསུམ་གསུམ་སྟེ་མདུད་པ་དྲུག་ཡོད་པས། རླུང་གྱི་ན་དུ་རྒྱ་ཚེ་ཡང་མ་དུད་པ་དཀྲོལ་དཀའ་བ། རླུང་མ་རྒྱུ་ཚེ་ཡང་མདུད་པ་ དཀྲོལ་དཀའ། རྩ་གཞན་ལ་མདུད་པ་གཉིས་རེ་ལས་མེད་པས་དེ་དཀྲོལ་བ་ལས་སླ། སྨིན་མཚམས་ནས་སོར་བདུ་གཉིས་གཞལ་བ་ན་བྱང་སེམས་དཀར་པོའམ་ཐིག་ལེའི་གནས་ཡོད། སྙིང་ཁའི་རྩ་མདུད་དཀྲོལ་བའི་དགོས་པ་རྣམ་རྟོག་གཅོད་ཆེད་ཡིན། རྣམ་ རྟོག་གཅོད་པའང་རྟོག་པ་ཐམས་ཅད་བཅད་པ་ལ་མི་བྱ་བར། རྣམ་རྟོག་ཤིན་ཏུ་རགས་པ་གཅོད་པའམ། ཇེ་ཕྲ་ཇེ་ཕྲར་སོང་བ་ལ་བྱ། སྤྱི་མགྲིན་དུ་སྐུ་རྡོ་རྗེ་དང། གསུང་རྡོ་རྗེའི་ཙ་མདུད་བཤད་ཀྱང། སྙིང་ཁར་ཐུགས་རྡོ་རྗེའི་རྩ་མདུད་དཀྲོལ་བ་ན། གཞན་ གཉིས་གྲོལ་སླ་བར་གསུངས། ༈ ས་གཉིས་པ་ནས་སྒོམ་ལམ་དང། དེ་ནས་ཤེས་སྒྲིབ་སྤངས་པའི་འོག་ཡང་རྩོམ་པས་ཉོན་མོངས་སྤངས་ནས་ཤེས་སྒྲིབ་སྤོང་བའི་འགོ་རྩོམ་པ་ཕར་ཕྱིན་ཐེག་པའི་ཐལ་འགྱུར་བ་ དང་འདྲ་ཡང། ཕར་ཐེག་ལུགས་ལས་བརྒྱད་པ་ནས་ཉོན་མོངས་སྤངས་པ་དང་ཤེས་སྒྲིབ་སྤོང་བའི་འགོ་ཡང་བརྩམས་པས་འདིའི་སྒོ་ནས་མི་འདྲ་བ་ཡིན། རླུང་ཐོག་མར་བསྒོམ་ཚེ་རླུང་འབྱུང་བ་དང་གནས་པ་ཡུན་མཉམ་པ་དང་རྗེས་སུ་རླུང་གནས་པ་རྒྱུད་ [061A]༄༅། །རིང་བར་གསུངས། བ་རྡོར་བཟླས་ཟླ་བ་དྲུག་གིས་མཐར་ཕྱིན་པར་གསུངས་པ་གདུལ་བྱ་རིན་པོ་ཆེ་ལྟ་བུའི་གང་ཟག་ལ་དགོངས། གཉུག་མའི་དོན་ནི། ཐོག་མ་མེད་པ་ནས་རྒྱུན་མཆད་པ་ལ་བྱེད། རྫོགས་རིམ་གྱི་ལུས་ དབེན་མཐར་ཕྱིན་པའི་ཚེ་རླུང་དབུ་མར་སྡུད་ནུས་ན། འོ་ན་སྲོག་རྩོལ་སྒོམ་པ་ཅིའི་ཕྱིར་ཞེ་ན། རླུང་སྙིང་ཁའི་རྩ་མདུད་ཀྱི་ནང་དུ་སྡོད་དགོས་པའི་རྒྱུ་མཚན་གྱིས་ཡིན་གསུངས། ན་འབྱུང་བར་གསུངས་ཏེ་ཞེས་པའི་མཚམས། རྡོར་བཟླས་ཀྱིས་སྙིང་ ཁའི་རྩ་མདུད་གྲོལ་ཏེ་ཐིམ་པའི་རྟགས་བཞི་དང། སྟོང་བཞི་ཁྲིགས་ཆགས་སུ་འཆར་བ་ཡིན་ཏེ། ཞལ་ལུང་ལས། སེམས་ནི་སོགས་སོ། །ལྷུན་གྱིས་འགྲུབ། །ཅེས་གསུངས་སོ། །དེ་ཡད་པར་མང་དུ་ཡོད། སེམས་དབེན་དང་ ནམ་པ་བཞི་པའི་དོང་ཡི་འོད་གལ་གཉིས་ཀས་ཆོད་ཉིད་མཐོག་བ་ཙམ་འདྲ་མོད་ཀྱང། མངོན་སུམ་དུ་མཐོག་གྨ་མཐོང་གི་ཁྱད་ཡོད་པར་གསུངས་གསུངས། ན་འགྲོལ་ནུས་སོ། །དེ་ནས་དབུ་མའི་ནང་ནས་རྡོར་བཟླས་བྱས་པས་མི་ཤིགས་བ་ལ་གནས་པ་དང་ ཐིམ་པར་བྱེད་དོ། །བ་ཡུལ་རིག་པའི་ཤེས་པ་ཙམ་དུ། སྣོད་བཅུད་གཞན་ཀུན་གྱི་རྩ་བར་གྱུར་པར་གསུངས་སོ། །ན་མི་འགྱུར་བ་ཡང་མིན་ཏེ། ཞེས་པའི་མཚམས། སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ཙམ་ལ་བླ་མེད་ཞུགས་མི་དགོས་ཏེ་ ཕར་ཕྱིན་གྱི་ཐེག་པས་སོགས། བ་མྱུར་ཁྱད་ཅེས་པའི་ཐད། ཚེ་གཅིག་ལུས་གཅིག་ཙམ་ལ་འཆང་རྒྱ་བ་རྒྱུད་སྡེ་འོག་མ་གསུམ་ལ་ཡོད། སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བ་བླ་མེད་ཀྱི་ཁྱད་ཆོས་ཡིན་ནོ། །བ་གཟུང་འཛིན་རྫས་གཞན་དུ་སྣང་བ་ [062A]༄༅། །ལ་སྣང་བ་གཞན་དབང་དང། དེ་ལྟར་སྒོ་བཏགས་པ་ལ་མཆོད་པ་ཀུན་བརྟགས་དང། ཉེར་ཐོབ་སྣང་མཆོད་གཉིས་སྟོང་པས་ཡོངས་གྲུབ་དང། འོད་གསལ་ལ་ཉེ་བས་ཉེར་ཐོབ་ཅེས་བཤད། སྣང་མཆེད་ཐོབ་གསུམ་ གཉིད་ཀྱི་དུས་གསུམ་ཆ་འདྲ་འཆར་ཡང་མཚན་ཉིད་ཚང་བར་མི་འཆར་ལ། འཆི་བའི་དུས་སུ་རྫོགས་པར་འཆར། སྣང་བ་མཆོད་པ་ལ་ཐིམ་ཚུལ་སོགས་ཀྱང་སྣང་བ་འགགས་ཏེ་དེའི་སྟེང་གི་ནུས་པ་དེ་མཆེད་པའི་སྟེང་དུ་འཕོ་བ་དང། ཡང་མཆེད་པ་འགགས་ ཏེ་ཉེར་ཐོབ་ཀྱི་སྟེང་དུ་ནུས་པ་འཇོག་པའམ་འཕོ་བ་ལ་བྱེ། དེས་ན་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞི་ཡང་བརྒྱུ་འབྲས་ཡིན་ནོ། །ན་ཞེས་གསུངས་སོ། །དེ་དག་གི་དོན་བསྡུས་པའི་མཚན་ཉིད་ནི། རང་རྒྱུ་ལུགས་འབྱུང་གི་ཀུན་རྟོག་བརྒྱད་ ཅུ་བཞོན་པའི་རླུང་དང་བཅས་པ་དང། ལུགས་ལྡོགད་པར་མང་དུ་ཡོད། སེམས་དབེན་དང་ རིམ་པ་བཞི་པའི་དོང་ཡི་འོད་གལ་གཉིས་ཀས་ཆོད་ཉིད་མཐོག་བ་ཙམ་འདྲ་མོད་ཀྱང། མངོན་སུམ་དུ་མཐོག་མ་མཐོང་གི་ཁྱད་ཡོད་པར་གསུངས་གསུངས། ན་འགྲོལ་ནུས་སོ། །དེ་ནས་དབུ་མའི་ནང་ནས་རྡོར་བཟླས་བྱས་པས་མི་ཤིགས་བ་ལ་གནས་པ་དང་ ཐིམ་པར་བྱེད་དོ། །བ་ཡུལ་རིག་པའི་ཤེས་པ་ཙམ་དུ། སྣོད་བཅུད་གཞན་ཀུན་གྱི་རྩ་བར་གྱུར་པར་གསུངས་སོ། །ན་མི་འགྱུར་བ་ཡང་མིན་ཏེ། ཞེས་པའི་མཚམས། སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ཙམ་ལ་བླ་མེད་དུ་ཞུགས་མི་དགོས་ཏེ་ ཕར་ཕྱིན་གྱི་ཐེག་པས་སོགས། བ་མྱུར་ཁྱད་ཅེས་པའི་ཐད། ཚེ་གཅིག་ལུས་གཅིག་ཙམ་ལ་འཆང་རྒྱ་བ་རྒྱུད་སྡེ་འོག་མ་གསུམ་ལ་ཡོད། སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བ་བླ་མེད་ཀྱི་ཁྱད་ཆོས་ཡིན་ནོ། །བ་གཟུང་འཛིན་རྫས་གཞན་དུ་སྣང་བ་ [062A]༄༅། །ལ་སྣང་བ་གཞན་དབང་དང། དེ་ལྟར་སྒྲོ་བཏགས་པ་ལ་མཆོད་པ་ཀུན་བརྟགས་དང། ཉེར་ཐོབ་སྣང་མཆོད་གཉིས་སྟོང་པས་ཡོངས་གྲུབ་དང། འོད་གསལ་ལ་ཉེ་བས་ཉེར་ཐོབ་ཅེས་བཤད། སྣང་མཆེད་ཐོབ་གསུམ་ གཉིད་ཀྱི་དུས་གསུམ་ཆ་འདྲ་འཆར་ཡང་མཚན་ཉིད་ཚང་བར་མི་འཆར་ལ། འཆི་བའི་དུས་སུ་རྫོགས་པར་འཆར། སྣང་བ་མཆོད་པ་ལ་ཐིམ་ཚུལ་སོགས་ཀྱང་སྣང་བ་འགགས་ཏེ་དེའི་སྟེང་གི་ནུས་པ་དེ་མཆེད་པའི་སྟེང་དུ་འཕོ་བ་དང། ཡང་མཆེད་པ་འགགས་ ཏེ་ཉེར་ཐོབ་ཀྱི་སྟེང་དུ་ནུས་པ་འཇོག་པའམ་འཕོ་བ་ལ་བྱ། དེས་ན་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞི་ཡང་བརྒྱུ་འབྲས་ཡིན་ནོ། །ན་ཞེས་གསུངས་སོ། །དེ་དག་གི་དོན་བསྡུས་པའི་མཚན་ཉིད་ནི། རང་རྒྱུ་ལུགས་འབྱུང་གི་ཀུན་རྟོག་བརྒྱད་ ཅུ་བཞོན་པའི་རླུང་དང་བཅས་པ་དང། ལུགས་ལྡོག་གི་མཆེད་པ་བཞོན་པའི་རླུང་དང་བཅས་པ་གང་རུང་ལས་བྱུང་ཞིང། རང་གི་ངོ་བོ་སྟོན་གནམ་གཡའ་དག་པ་ལ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སང་དཀར་ལམ་པའི་རྣམ་པ་ཅན། རང་ཆགས་ བྲལ་ནས་ཕྲག་དོག་གི་བར་གྱི་རང་བཞིན་གྱི་རྟོག་པ་སོ་གསུམ་གྱི་ལག་རྗེས་འཇོག་བྱེད་ཀྱི་རིགས་སུ་གནས་པའི་ཡིད་ཀྱི་ཤེས་པ་དེ་སྣང་བ་དང་པོའི་མཚན་ཉིད། དེ་བཞིན་དུ་རང་རྒྱུ་ལུགས་འབྱུང་ལུགས་ལྡོག་གི་གང་རུང་ལས་བྱུང་ ཞིང༑ རང་གི་ངོ་བོ་ཉི་འོད་རྣམ་པ་ཅན། རང་འབྲས་ཆགས་པ་ནས་གྱ་གྱུའི་བར་གྱི་རང་བཞིན་གྱི་རྟོག་པ་བཞི་བཅུའི་ལག་རྗེས་ཡིད་ཀྱི་ཤེས་པ་དེ་སྣང་བ་མཆེད་པའི་མཚན་ཉིད། རང་རྒྱུ་ལུགས་འབྱུང་་དང། ལུགས་ལྡོག་གི་་གང་ [062B] རང་གི་ངོ་བོ་རྣམ་པ་ཅན། རང་འབྲས་ཆགས་པ་བར་མ་ནས་ཐེ་ཚོམ་གྱི་བར་རང་བཞིན་གྱི་རྟོག་པ་བདུན་གྱི་ལག་རྗེས་དེ་སྣང་བ་ཉེར་ཐོབ་ཀྱི་མཚན་ཉིད་དོ། །་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམ་སྣང་བ་གསུམ་ གྱི་རང་བཞིན་དུ་བཤད་པ་ནི་མཚན་ཉིད་ཡིན་ལ་ཞེས་པ་མཚན་མཚོན་གྱི་མཚན་ཉིད་མིན། ངོ་བོ་ཐ་དད་པའི་མཚོན་བྱེད་བྱ་རོག་གིས་ཁང་བཟང་མཚོན་པ་ལྟར་ཞེས་པ་སྟེ་དཔེར་ན། ལྷས་བྱིན་གྱི་ཁང་བ་མི་ཤེས་པའི་གང་ཟག་ལ། ལྷས་ བྱིན་གྱི་ཁྱད་པ་སྟོན་ཚེ་དེའི་ཁང་སྟེང་གི་བྱ་རོག་བསྟན་ནས་བྱ་རོག་བབས་ཡོད་པའི་ཁང་པ་ཞེས་བཤད་ན་གོ་བ་ལྟར་རོ། །ན་མི་ཤིགས་པ་ལ་བསྡུས་ཏེ་ཐིམ་པ་ཞིག་ལས་སེམས་དབེན་གྱི་སྟོང་པ་རྣམས་སྐྱེ་དགོས། ན་སེམས་དབེན་གྱི་སྟོང་པ་ གསུམ་འདྲེན་ཐབས་ཕྱི་ནང་གཉིས་ལས་ནང་གི་རྐྱེན་ན་མི་རྙེད་དོ། །ཞེས་ཕྱིའི་རྐྱེན་ཕྱག་རྒྱུ་དང་མཉམ་པར་སྦྱར་བ་ལས་སེམས་དབེན་གྱི་སྣང་བ་གསུམ་སྐྱེ། ནུ་ལུགས་སུ་འཆད་ཅེས་པའི་ཐད། སེམས་དབེན་གྱི་དུས་ཐམས་ཅད་དུ་ ལས་རྒྱ་ལང་རྟེན་དགོས་པ་མིན་པར། ལན་ཅིག་མཚོན་ནས། རྗེས་སུ་ཡེ་རྒྱ་དང་ནང་གི་རྣལ་འབྱོར་གྱིས་མཚོན་ནུས། བ་ཁ་ཅིག་དབང་གསུམ་པ་དངོས་དབང་གིས་མཚོན་པར་བཤད་ཀྱང་དེ་གཉིས་མི་མཚུངས་ཏེ། དབང་གསུམ་པའི་སྐབས་ སུ་ནི་བྱང་སེམས་ནོར་བུའི་རྩེའི་བར་ཕབས་པའི་བདེ་བ་ཡིན་ལ། འདིར་ནི་རླུང་དང་བྱང་སེམས་སྙིང་ཁར་བསྡུས་ཏེ་ཐིམ་པའི་བདེ་ཆེན་ལ་བྱ་དགོས་པའི་ཕྱིར་རོ། །ན་ངག་དབེན་གྱི་བར་སེམས་ཙམ་པའི་ལྟ་བ་དང་སྦྱར་བ་ཡོད་པ་དང། སེམས་ [063A]༄༅། །དབེན་ནས་ཐལ་འགྱུར་པའི་ལྟ་བ་ངེས་པར་དགོས་པའི་ཁུངས་འདི་ལ་བརྟེན་པ་ཡིན་ནམས་ཉམ། ནུ་འོད་གསལ་མི་སྐྱེ་བ་མིན་ནོ། །དེའི་རྒྱུ་མཚན་གཅིག་ཡོད་དེ། དཔེའི་འོད་གསལ་གྱི་སྔ་ལོགས་ཀྱི་ཉེར་ཐོབ་གཉིས་སྣང་ ཅན་གྱི་ཤེས་པ་ཡིན་པ་དང། དཔེའི་འོད་གསལ་ཡང་གཉིས་སྣང་ཅན་གྱི་ཤེས་པ་ཡིན་པས་དེ་གཉིས་ཉེར་ཐོབ་ཏུ་འདུ་ལ། དོན་གྱི་འོད་གསལ་ཉེར་ཐོབ་གཉིས་སྣང་ཅན་ཡིན་ཡང་དོན་གྱི་འོད་གསལ་ཉིད་གཉིས་སྣང་ཅན་མིན་པས་དེར་མི་འདུ་བ་ལ་དགོངས་ སོ༑ ༑ ན་རླུང་ཁ་སྦྱར་ཞེས་པའི་རླུང་ནི། རྩ་བ་དང་ཡན་ལག་གི་རླུང་མིན་པར། སྲོག་འཛིན་གྱི་རླུང་བ་ཕྲ་རགས་གཉིས་ཡོད་པའི་ཕྲ་བ་དེ་ཡིན་ནོ། །ན་རླུང་སེམས་ཙམ་གྱི་བར་དེའི་ལུས་ཞེས་པའི་ཙམ་སྒྲས་ཤིན་ཏུ་ཕྲ་བའི་རླུང་སེམས་མ་གཏོགས་ སྒོ་ལྔའི་རྣམ་ཤེས་སོགས་སེམས་ཕྲ་རགས་གཞན་དང། རྩ་བའི་རླུང་བཞི་དང། ཡན་ལག་གི་རླུང་དང་སྲོག་འཛིན་རགས་པ་སོགས་གཅོད། བ་བྱིན་བརླབས་ཞེས་པ་བསྒྱུར་བའི་དོན་ཡིན་པས། བདག་བྱིན་བརླབས་ཞེས་པ་བདག་ཏུ་འདོགས་པའི་གཞི་ ཤིན་ཏུ་ཕྲ་བའི་རླུང་ཡིན་ལ། དེའི་ལྷའི་སྐུར་སྒྱུར་བར་བྱེད་པས་ན་བདག་བྱིན་བརླབས་ཞེས་པའོ། །ན་དེ་ལ་བསླབས་པ་སྟེ་དབེན་གསུམ་ཐོབ་པ། ལེགས་པར་བསླབས་པ་ཞེས་པ་མཐར་ཕྱིན་པའོ། །བ་བར་དོ་བ་ལྟར་སྒྱུ་ལུས་གྲུབ་ ཚུལ་ལ་ཡང་ལུས་ཀྱི་ཕྱི་ནས་གྲུབ་པར་བཤད་པ་དང། ནང་ནས་གྲུབ་པ་བཤད་པ་སོགས་མེད། དེ་ཡང་ཕྱི་ནས་གྲུབ་པ་ལ་སྒྱུ་ལུས་ཕྱི་ལྡང་དང་ནང་ནས་གྲུབ་པ་ལ་སྒྱུ་ལུས་ནང་ལྡང་ཟེར། པན་ཆེན་བསོད་གྲགས་སོགས་ཕྱི་ལྡང་འདོད་པ་རྣམས་ཀྱིས་ [063B] རྒྱུད་འགའ་ཞིག་ཏུ་འཆི་ཚེ་རྣམ་ཤེས་སྤྱི་བོ་ནས་འཕོ་བར་བཤད་པ་དང་འགལ་གསུངས། ནང་ལྡང་འདོད་པ་རྣམས་ཀྱིས་ཉིང་ཁའི་རྩ་འཁོར་གྱི་དྷཱུ་ཏཱིའི་ནང་ནས་གྲུབ་པར་འདོད། །འདི་དག་གི་ཁུང་ དབེན་ས་པས་མཛད་པའི་རྫོགས་རིམ་གྱི་ལག་རྗེས་ལ་མཛད་པ་ཡིན། དེར་སྒྱུ་ལུས་ནང་ནས་གྲུབ་དགོས་ཏེ། དེ་མ་ཡིན་པར་ལུས་ཀྱི་ཕྱི་རོལ་ནས་གྲུབ་ན་གཞི་ལ་བར་དོ་ཡང་ཕྱི་རོལ་ནས་གྲུབ་དགོས། དེ་ཡིན་ན་འཆི་བ་དང་བར་དོ་གྲུབ་པ་དུས་མཉམ་པར་ གསུངས་པས། ལུས་ལ་དཔག་ཚད་དུ་མ་ཡོད་པའི་སེམས་ཅན་ཆུས་རིན་སོགས་འཆི་བའི་ཚེ་ལུས་ཀྱི་ཆ་རིམ་གྱིས་བགྲོད་ཚེ་རྣམས་ཤེས་འགགས་ནས་ཕྱིར་ཐོན་པའི་བར་ལ་སྐད་ཅིག་སྔ་ཕྱི་འདོར་བ་དང། སྐད་ཅིག་མ་དུ་མས་ཆོད་པས་ཤི་མ་ཐག་པར་དོ་མི་ འགྲུབ་པའི་སྐྱོན་འོང་བར་གསུངས། རྒྱལ་བ་དབེན་ས་པས་རང་ཉིད་ཟུང་འཇུག་གི་སར་གཤེགས་ནས་གསུངས་པ་ཉམས་མྱོང་ཅན་གྱི་གསུང་ཡིན་པས་དབང་བཙན་སྙམ་མོ། །པཎ་ཆེན་ཆོས་རྒྱན་གྱིས། གཞི་གཅིག་ལ་ལྟོས་ཏེ་ཕྱི་ལྡང་དང་ནང་ ལྡང་གཉིས་འགལ་བ་ཡིན་ཏེ། ཕྱི་ནས་གྲུབ་པ་དང་ནང་ནས་གྲུབ་པ་འགལ་བའི་ཕྱིར་རོ། །སྤྱིར་ཕྱི་ལྡང་དང་ནང་ལྡང་གཉིས་མི་འགལ་ཏེ། སྒྱུ་ལུས་དེ་ལུས་ཀྱི་ནང་ནས་གྲུབ་པས་ན་ནང་ལྡང་དང། རྩ་དབུ་མའི་ཕྱི་རོལ་ནས་གྲུབ་པས་ན་ཕྱི་ལྡང་ཡིན་ གསུངས། སྒྱུ་ལུས་ནང་ལྡང་འདོད་པའི་ཕྱོགས་མང་ཞིང། རྒྱལ་མཆོག་བདུན་པས་ཀྱང་ནང་ནས་གྲུབ་པ་འཐད་ཕྱོགས་སུ་མཛད། བ་གཉུག་མའི་ལུས་ནི། ཞེས་པའི་གཉུག་མ་ནི། ད་ལྟ་གློ་བུར་དུ་བྱུང་བ་ལྟ་བུ་མ་ཡིན་པར་སྔོན་ན་ [064A]༄༅། །ཡོད་བའི་དོན་ཡིན། ད་ལྟ་ཐ་མལ་པ་ལྟ་བུའི་རྒྱུད་ལ་ཡང། ཤིན་ཏུ་ཕྲ་བའི་ལུས་དང་ལུས་རགས་པ་གཉིས་ཡོད་པའི་རགས་པ་ནི་ཁང་པ་ལྟ་བུ་དང། ཕྲ་བ་ནི་དེ་ལ་བརྟེན་པ། ཡང་ལུས་རགས་པ་ནི་ཁ་དོག་ དང་དབྱིབས་སོགས་གཞན་དུ་འགྱུར་བའི་བཞིན་ལག་གི་རྣམ་པ་ཅན་དང། ཕྲ་བ་ནི་ད་ལྟ་བཞིན་ལག་གི་རྣམ་པ་ཅན་མིན་པར་བར་དོ་སོགས་ཀྱི་སྐབས་བཞིན་ལག་གི་རྣམ་པར་འཛིན་པ་དང། ཡང་པྲ་བ་ནི་རྩ་པའི་ཆུ་ལྟ་བུ་དང། རགས་པ་ནི་ཆུ་དེ་ཚ་ བའི་རྐྱེན་དང་ཕྲད་ན་ཚ་བ་དང། དེ་ནས་ཡང་གྲང་མོར་གྱུར་བ་ལྟ་བུའོ། །དེ་ཡང་ལུས་ཕྲ་རགས་དེ་གཉིས་གཅིག་མངོན་དུ་གྱུར་ཚེ་གཅིག་ལྐོག་གྱུར་དུ་ཡོད་པས་ན་རང་རྒྱུད་ལྡན་གྱི་གང་ཟག་དེ་རྒྱུད་ཐ་དད་དུ་མི་འགྱུར་གསུངས། ན་སྒྱུ་ལུས་ གཉིས་ལས། མ་དག་པའི་སྒྱུ་ལུས་ལ་རྡོ་རྗེའི་སྐུ་ཟེར་ཡང། རྡོ་རྗེའི་སྐུ་མ་ཡིན་པ་ནི་དོན་གྱི་འོད་གསལ་ཐོབ་པ་ན་དག་འགྲོ་བའི་རྒྱུ་མཚན་གྱིས་ཡིན། དག་པའི་སྒྱུ་ལུས་ལ་རྡོ་རྗེའི་སྐུ་ཟེར་བ་དང་རྡོ་རྗེའི་སྐུ་ཡིན་པ་གཉིས་ཀ་ཡིན། མ་དག་པའི་ སྒྱུ་ལུས་ལ་ཡེ་ཤེས་ཀྱི་སྐུ་ཞེས་བཏགས་ཀྱང་འགལ་བ་མེད་པ་སྟེ་བཏགས་ཆོག་པར་གསུངས་པའོ། །བ་གཟུགས་བརྙན་ཤར་བ་ལྟ་བུའོ། །དཔེ་དེ་རྣམས་ཀྱི་ནང་ནས་རྨི་ལམ་གྱི་དཔེ་མཆོག་ཏུ་གྱུར་ཏེ། རྨི་ལམ་གྱི་དཔེ་ལ་ཐོག་མཐའ་ བར་གསུམ་གྱི་མཚོན་དོན་ཡོད་ལ། དཔེ་གཞན་དེ་མེད་པའི་ཕྱིར་དང། དཔེ་གཞན་ལ་དཔེ་དོན་སྦྱར་ནས་སྒྱུ་ལུས་ལ་ངེས་པ་སྐྱེད་པ་ཙམ་ཡོད་ཀྱང། དཔེ་དེ་ཉིད་ཀྱི་སྟེང་ནས་མཚོན་བྱེད་དཔེའི་སྒྱུ་ལུས་ཀྱི་ངོ་བོར་སྐྱེད་རྒྱུ་མེད། འདིར་དེ་ཡོད་ [064B] །ན་་སྒྱུ་ལུས་དེ་མ་ཐོབ་ཀྱང་གོ་ང་ཆགས་ཏེ་མོས་པ་ཙམ་ལའང། ལས་དང་པོའི་ས་ཐོབ་པ་དང་འདྲ་བའི་ཕན་ཡོན་ཡོད་པར་སྐལ་ལྡན་གྲགས་པས་གསུངས། ཙ་ཕར་ཐེག་ལུགས་ལ། འཇུག་པ་ལས། གལ་ཏེ་གཉིད་ ན་མིག་བློ་མི་སྲིད་པས། །ཞེས་པ་ལྟར་རྨི་ལམ་སྐབས་དབང་ཤེས་མེད་ཀྱང། སྔགས་བླ་མེད་ལུགས་འདིར། ཕུང་པོ་ཁམས་དང་སྐྱེ་མཆེད་དབང་སོགས་པ། །ཞེས་པའི་དབང་པོ་ལ་མིག་སོགས་གཟུགས་ཅན་དབང་པོ་ལྔ། ཡིད་དབང་དང་དྲུག་ཡོད་པས་རྨི་ལམ་ གྱི་དུས་སུ་དབང་ཤེས་ཡོད་དགོས། བ་སྔ་མའི་འཇུག་བཞེས་པ་སྔ་མ་ལ། དུས་སུ་ཞེས་པ་ནུས་སོ་ཞེས་ཡིན་པས། མའི་དང། དུས་ཞེས་པ་ཡི་གེ་ནོར། ན་སྤྱིར་བླ་མའི་མན་ངག་ཅེས་པ་གཅིག་ནས་གཅིག་ཏུ་བཤད་ཡམ་ཐུབ་པ་ཙམ་གྱིས་མི་ཆོག། བསྟན་པ་ ཡོངས་རྫོགས་ཐུབ་པའི་དགོངས་པ་ལྟར་འཆད་པ་ལ་མན་ངག་ཟེར། སྐབས་འདིར་ཡང་འདི་དང་གོང་གི་མན་ངག་ཅེས་གསུངས་རྣམས་རྩ་རྒྱུད་འདིའི་དོན་གྱི་སྦས་ཚ་འདི་དང་འདི་ཞེས་བཤད་རྒྱུད་སོགས་ཀྱིས་གསལ་བར་བཀྲོལ་ཏེ་བསྟན་པ་ལ་བྱ་བས། རྩ་ བཤད་སྦྱར་ལུགས་བླ་མའི་མན་ངག་ལ་མ་བརྟེན་པར་མི་ཤེས། བླ་མའི་མན་ངག་དེ་ཡང་འདི་དང་གོང་གི་མན་ངག་ཅེས་གསུངས་པ་རྣམས་རྩ་རྒྱུད་འདིའི་དོན་གྱིས་བས་ཚུལ་འདི་དང་འདི་ཞེས་བཤད་རྒྱུད་སོགས་ཀྱིས་གསལ་བར་བཀྲོལ་ཏེ་བསྟན་པ་ལ་བྱ་བས། རྩ་ བཤད་སྦྱར་ལུགས་བླ་མའི་མན་ངག་ལ་མ་བརྟེན་པར་མི་ཤེས། བླ་མའི་མན་ངག་དེ་ཡང་འཕགས་ཡུལ་ན་ཀླུ་སྒྲུབ་ཡབ་སྲས་དང། བོད་འདིར་རྫེ་ཡབ་སྲས་ཀྱི་ལེགས་བཤད་རྣམས་ཡིན། ་མད་དུ་བཤ་དོ། །ཐབས་དེས་གཉིད་དུས་ཀྱི་སོཏྔ་བཞི་དྲངས་ཏེ་ ལམ་དུས་ཀྱི་སྟོང་བཞིའི་ངོ་བོར་སྐྱེད་ནས་བདེ་སྟོང་སྦྱར། དེ་རྩེ་གཅིག་ཏུ་བསྒོམ་པ་ནི་གཉིད་ཆོས་སྐུ་དང་བསྲེ་བའོ། །ཉ་རྨི་ལམ་རྨི་ལམ་དུ་ངོ་ཤེས་པ་ལ་ཉིན་པར་གྱི་སྣང་བ་ལ་རྨི་ལམ་གྱི་སྣང་བ་དང་ཉིན་མོའི་ཟས་ལ་རྨི་ལམ་གྱི་ཟས་སུ་ཡང་ཡང་ [065A]༄༅། །བསྒོམ་དགོས། གཉིད་དུ་འགྲོ་ཚེ་རླུང་སྙིང་ཁ་དང་གསང་གནས་སུ་འདུས་ཏེ་གཉིད་དུ་སོང་བ་ན། དེ་ནས་ཆ་གཅིག་མགྲིན་པ་དང། ཆ་གཅིག་སྨིན་མཚམས་སུ་སོང་སྟེ་གནས་ལ། རྨི་ལམ་གསལ་པོ་མ་བྱུང་ན་ མགྲིན་པ་དང་སྨིན་མཚམས་ཀྱི་དབུས་ན་གནས་པའི་ཐིག་ལེ་ལ་སེམས་གཏད། ༈ གཉིད་ལ་གཉིད་འཐུག་པོ་ལ་འཐུག་འབྱམ། ཡང་སད་ཡང་གཉིད་པ་ལྟ་བུའི་གཉིད་མི་འོང་བ་ལ་སད་ འབྱམ། གཉིད་སྲབ་པ་ལ་སྟོང་འབྱམ་ཟེར། རླུང་འདུས་པ་ཡིན་པས། འདུད་ཅེས་པ་ཡི་གེ་ནོར། ༈ ངག་དབེན་པ་སེམས་དབེན་པར་འཕོས་ པའོ༑ ༑ན་གཉིད་ཀྱི་སྟོང་པ་བཞི་ཐོག་མར་བསྐྱེད་ནས། དེ་ནས། དེ་ལས་འཕེན་པའི་སྟོབས་ཀྱིས་རྨི་ལམ་གྱི་ལུས་རང་གི་ཡིད་ངོར་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུར་སྣང་བ་ནི་རྨི་ལམ་ལོངས་སྐུར་བསྲེ་བའོ། །དེ་ལྟ་བུའི་རྨི་ལམ་གྱི་ལོངས་སྐུར་ལྡང་ བ༑ བ་སེམས་དབེན་གྱི་རྟོགས་པ་ཐོབ་ནས་སྤྱོད་པ་བྱ་རྒྱུ་མ་བྱུང་བར་འཆི་དགོས་པ་བྱུང་ན། འཆི་བ་འོད་གསལ་ལམ་གྱི་དཔེའི་འོད་གསལ་དུ་བསྒྱུར་ནས་བར་དོའི་དོད་ལམ་དག་པའི་སྒྱུ་ལུས་གྲུབ་སྟེ། རྟེན་དེའི་སྟེང་ནས་འཚང་རྒྱ་བར་གསུངས་པ་དེ་ ཁམས་གསུམ་པོ་གང་གི་རྟེན་ལའང་སངས་རྒྱས་པ་མིན། དེ་འདྲའི་སྒྱུ་ལུས་པ་དེས། དོན་གྱི་འོད་གསལ་མངོན་དུ་བྱས་པའི་ཚེ་སྒྱུ་ལུས་ནི་དག་ཟིན་ཅིང། དེ་ལ་རྣམས་མིན་གྱི་ལུས་རགས་པ་མེད་པས་ན་དེའི་སྐབས་སུ་དེ་ལ་ལུས་ཡོད་མེད་ཀྱི་ [065B] པཎ་ཆེན་ཆོས་རྒྱན་གྱིས་རིམ་ལྔ་སྙིང་པར་སྒྱུ་ལུས་བ་དེས་རགས་པའི་སྤྲུལ་སྐུ་ཞིག་འཛིན་པར་གསུངས། ར་བཞེད་པ་ཉིད་ཤིན་ཏུ་ལེགས་ཏེ། དེ་ལ་སྙིང་ཁའི་མི་ཤིགས་པ་ལ་དམིགས་ནས་རྡོར་བཟླས་བྱེད་པ་དང། བསམ་གཏན་གཉིས་ཀྱིས་སྡུད་པའི་ ཐབས་ཀྱང་ཡིན་ནོ། །དེ་ལྟར་བྱེད་པ་དེ་ལ་ནི་ཏིང་ངེ་འཛིན་གྱིས་དྲངས་པའི་ལམ་དུས་ཀྱིས་ཆུ་ལ་ཐིམ་པ་སོགས་ཀྱི་ཐིམ་རིམ་ཉིད། འཆི་བའི་སྡུད་རིམ་གྱི་ཐིམ་རིམ་དབྱེར་མེད་དུ་སོང་བ་མ་གཏོགས་པ། འཆི་བའི་རིམ་པ་ཐ་མལ་པ་གཞན་མེད་དོ། །དེ་ལྟར་འཆི་དུས་ཀྱི་ སྟོང་ཛྷི་ལམ་དུས་ཀྱི་སྟོང་བཞིའི་ངོ་བོར་བསྐྱེད་ནས་བདེ་སྟོང་སྦྱར་ནས་བསྒོམ་པ་ནི་འཆི་བ་ཆོས་སྐུ་དང་བསྲ་བའོ། ། ༈ ལམ་གྱི་འོད་གསལ་ནི་བུའི་འོད་གསལ་དུ་བྱས་ཏེ་འོད་གསལ་མ་བུ་སྤྲད་ནས་བསྒོམ་པར་ བཤད་པ་ལ། ཁ་ཅིག་གི་ས་དེ་ལ་འོད་གསལ་གཅིག་ལས། མ་བུའི་འོད་གསལ་གཉིས་མེད་ཅེས་དགོས་པ་བྱེད་པ་ཡོད། དེ་འདྲ་འོད་གསལ་དེ་འཆི་བ་དང་ལམ་གྱི་འོད་གསལ་ཇི་ཡིན་ཞེ་ན། དེ་ལམ་གྱི་འོད་གསལ་ཡིན་དགོས། འཆི་བ་འོད་གསལ་ ལ་སྡུག་བདེན་གྱིས་ཁྱབ། མ་དག་པའི་སྒྱུ་ལུས་དང་དོན་གྱི་འོད་གསལ་གཉིས་གང་ཐོབ་ཀྱང་ཚེ་དེ་ལ་འཚང་རྒྱ་བས། བར་དོའི་རྟེན་ལ་འཚང་རྒྱ་ངེས་ཀྱི་གང་ཟག་དེས་དེ་གཉིས་གང་ཡང་མཐོབ། སྟོང་ཉིད་མངོན་སུམ་དུ་ཡང་མ་རྟོགས། སྔགས་ཀྱིས་ཡང་ མ་ཐོབ། འོ་ན་བདེན་པར་མཐོང་བར་གསུངས་བ་ཅི་ཞེ་ན། དེ་ནས་རྡོར་བཟླས་མཐར་ཕྱིན་ནས་སེམས་དབེན་གྱི་ཡེ་ཤེས་ཀྱིས་སྟོང་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པ་ལ་བྱེད། ཡང་ཁ་ཅིག་གིས། བར་དོའི་རྟེན་ལ་འཚང་རྒྱ་བ་མེད་དེ། དེ་འདྲའི་རྟེན་དེ་བར་དོའི་ [066A]༄༅། །རྟེན་མ་ཡིན་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། བར་དོའི་རྟེན་མིན་ཀྱང་དེ་ལྟར་བཤད་པ་ཡོད་དེ། དཔེར་ན་བསྐྱེད་རིམ་གྱི་ལྷག་མོས་འོད་གསལ་དུ་སྡུད་པ་ན་ཡང། འོད་གསལ་དེ་འོད་གསལ་དངོས་གནས་པ་མིན་ ཡང༑ དེ་ལྟར་བཤད་པ་བཞིན་ཡིན་པའི་ཕྱིར་རོ། ། ༈ དེ་ལྟར་བྱས་ནས་སྐབས་འདིར་གཉིད་ཀྱི་འོད་གསལ་སྐྱོང་བའི་སྐབས་སུ་སྟོང་ཉིད་འཛིན་ སྟབས་ཀྱི་ཡུལ་དུ་བྱས་ནས་བསྒོམ་དགོས་པས། དེ་འདྲའི་སྟོང་ཉིད་དེ་རྨི་ལམ་ཡིན་ནམ་མིན། ཡིན་ན་རྨི་ལམ་ཀ་རྫུན་པས་མ་ཁྱབ་དགོས་སམ་གསུངས། བ་འོན་ཀྱང་བར་དོ་སྒྱུ་མའི་སྐུར་ལྡང་བ་འདི་ལ་སྔར་ཡོད་ཀྱི་ལུས་རགས་པ་ དང་འབྲལ་བ་ཡིན་ལ། ཚེ་འདིར་འཚང་རྒྱ་བ་ལ་སྔར་ཡོད་ཀྱི་ལུས་རགས་པ་དང་འབྲལ་བའི་ངེས་པ་མེད་དོ། །བར་དོ་ལོངས་སྐུར་ལྡང་པ་དེ་འདྲ་བ་ལ་ནི། བར་དོའི་ཚེ་ཚད་སོགས། ན་གོམས་དགོས་སོ། །སད་དུས་སྟོང་བཞི་འདྲེན་མི་ནུས་པ་ རླུང་སྟོབས་ཀྱིས་འཛིན་མི་ནུས་པས་ཀྱང། ཐུན་མོང་ལས་སྦྱང། དབང་ཐོབ། དམ་ཚིག་བསྲུང། སྐུ་གསུམ་གྱི་བསྲེ་བ་དེ་རྣམས་མོས་པ་ཡིད་བྱེད་ཀྱི་འདུན་པས་སྦྱང་ན། ངན་སོང་གི་སྐྱེ་སྒོ་ཆོད་པར་གསུངས་པས་གནད་འདི་ལ་བསླབ་པར་བྱའོ། ། ༈ སྲིད་པ་བར་དོ་གཉིས། དེ་གཉིས་ཀྱི་སྟེང་དུ་མར་བའི་རྗེས་འབྲང་ཁ་ཅིག་གིས། སྐྱེ་བ་འདི་ནས་འཕོས། ཕྱི་མ་མ་བླངས་པའི་བར་དེ་ལ་སྐྱེ་ཤི་བར་དོ་གསུམ་ཟེར། རང་ལུགས་རྨི་ལམ་བར་དོ་དང་སྲིད་པ་བར་དོ་ [066B] གསུམ་འདྲེན་ཚེ་དེ་གཉིས་ཀྱི་སྟེང་དུ་ལམ་གྱི་པར་དོ་དང་གསུམ་བྱས་ན་ཡབ་སྲས་ཀྱི་གཞུང་དང་མཐུན། ལམ་གྱི་བར་དོ་ནི་བར་དོ་དེ་སྦྱངས་ཏེ་སྒྱུ་ལུས་སུ་བསྒྱུར་བ་ལ་བྱ། འཆི་བ་གསུམ་ནི། གཞིའི་འཆི་བ། གཉིད་ཡི་འཆི་བ། ལམ་ གྱི་འཆི་བ་གསུམ་མོ། །འཕགས་པ་ལ་སྟོང་ཉིད་མངོན་སུམ་དུ་རྟོགས་པས་ཁྱབ་པས་ན། སྟོང་ཉིད་མངོན་སུམ་དུ་རྟོགས་པ་ལ་སྒྱུ་ལུས་སྔོན་དུ་འགྲོ་མི་དགོས་ཀྱང། ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ལ་དེ་དགོས། ཡོངས་ གྲགས་པ་རིམ་པ་བཞི་པའི་དོན་གྱི་འོད་གསལ་དེ་ཡེ་ཤེས་ཀྱི་ཚོགས་དང། དོན་གྱི་འོད་གསལ་དེའི་བཞོན་པའི་རླུང་དེ་བསོད་ནམས་ཀྱི་ཚོགས་སུ་འཇོག་ཀྱང། ལྕང་སྐྱ་རོལ་རྡོར་གྱིས། རིམ་པ་བཞི་པའི་དོན་གྱི་འོད་གསལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ གཡོན་པར་གསུངས། ཐེག་པ་གཞན་ཞེས་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་ཆེན་ཡིན། ཕར་ཕྱིན་ཐེག་པའི་བསྐལ་པ་གྲངས་མེད་གསུམ་གྱི་བསོད་ནམས་ཀྱི་ཚོགས་ཀྱི་དོད་ལ་སྒྱུ་ལུས་འཇོག་པས་སྒྱུ་ལུས་འདི་ལ་ཕན་ཡོན་ཤིན་ཏུ་ཆེ་བར་གསུངས། གཟུགས་ སྐུའི་རྒྱུའི་གཙོ་བོ་ཞེས་པ་དུས་ཐུང་དུ་གཅིག་ལ་ཤེས་སྒྲིབ་ཕྲ་ཞིང་ཕྲ་འོ་སྤོང་ནུས་པའི་རྒྱུའི་གཙོ་བོ་ཆོས་སྐུའི་ལྷན་ཅིག་བྱེད་རྐང་བྱེད་པ་ཡོད་ཅིང། བསོད་ནམས་ཀྱི་ཚོགས་མཐའ་ཡས་བས་ཟིན་པའི་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་ཤེས་སྒྲིབ་སྤོང་བ་ལ་ ནུས་པ་མཐུ་ཅན་དུ་བྱེད་པ་ཡོད་ཀྱང། རྒྱུའི་གཙོ་བོ་གཉིས་སོགས། ན་ཁྱད་པར་ཅན་དུ་འགྱུར་བའི་དོན་དུ་ཡིན་ཏེ། དེས་ན་རིམ་པ་བཞི་པའི་སྔོན་དུ་གསུམ་པ་འགྲོ་དགོས་པའི་རྒྱུ་མཚན་ཡང་དག་གཅིག་ཡོད་དེ། ཟུང་འཇུག་པའི་དོན་གྱི་འོད་གསལ་དེས་ཤེས་ [067A]༄༅། །སྒྲིབ་སྤོང་བ་ལ་ནུས་པ་མཐུན་ཅན་དུ་བྱེད་པ་དེ་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་ཀྱི་དོད་ཐུབ་པ་རིམ་པ་གསུམ་པའི་སྒྱུ་ལུས་འོད་གསལ་དུ་ངག་བར་བྱས་པ་དེ་ཡོད་ན་འབྱུང་གི། མེད་ན་མི་འབྱུང་བས་གོ་རིམ་ངེས་པ་ ཅན་ནོ། །སྒྱུ་ལུས་དང། རིམ་པ་བཞི་པའི་དོན་གྱི་འོད་གསལ་མངོན་དུ་བྱེད་པའི་དུས་ལ་ཐོ་རེངས་དགོས། འོད་གསལ་དེ་ཕྱིའི་ཉི་ཟླ་སྨག་གསུམ་དག་པ་ལྟ་བུའི་ཆ་ནས་ཕྱིའི་མངོན་བྱང་ནང་གི་སྣང་མཆེད་ཐོབ་གསུམ་དག་པའི་ཆ་ནས་ནང་གི་མངོན་ བྱང་དུ་གསུངས་པའོ།། ན་ལྟོས་པའི་སྒོ་ནས་དོན་གྱི་འོད་གསལ་དེ་ལ་ཕྱིའི་མངོན་བྱང་ཞེས་བྱ་ལ། དེ་ཡང་ནང་གི་སྟོང་པ་བཞིའི་རིམ་གྱིས་མངོན་དུ་བྱས་པའི་ཆ་ན་དོན་གྱི་འོད་གསལ་དེ་ལ་ནང་གི་མངོན་བྱང་ཞེས་བྱའོ། །བ་རིལ་འཛིན་དང་རྗེས་ གཞིག་གི་པས་བསམ་གཏན་གཉིས་གསུངས་པའི་རིལ་འཛིན་ནི། ལུས་རིལ་པོ་འོད་གསལ་དུ་བཅུ་བས་འཛིན་པ་སྟེ། རང་ལུས་མགོ་ནས་སྙིང་ཁའི་བར་དུ་སྡུད་པ་དང། ཡང་རྐང་པ་ན་སྙིང་ཁའི་བར་དུ་སྡུད་པ། དཔེར་ན་མེ་ལོང་ལ་ཧ་བཏབ་ཚེ་མཐའ་ཀུན་ ནས་དཀྱིལ་དུ་སྡུད་པ་ལྟ་བུ་དང། རྗེས་གཞིག་ནི། ཐོག་མར་སྣོད་ཐམས་ཅད་བཅུད་ལ་བསྡུ། དེ་ནས་བཅུད་ཐམས་ཅད་རང་ལ་བསྡུ། དེ་ནས་རང་ཡང་འོད་དུ་ཞུ་སྟེ་འདི་གསལ་དུ་སྡུད་པ་ལ་བྱ། པ་སེམས་ཅན་ཐམས་ཅད་ཀི་ལུས་དང་རང་གི་ལུས་ གཉིས་དབྱེར་མེད་དུ་བྱས་ནས་རྣམ་སྣང་གི་སྐུ་དང། དེའི་ཐུགས་ཀར་ཨོཾ་ཡིག་ཡེ་ཤེས་སེམས་དཔའ། དེར་ཐིག་ལེ་ཏིང་ངེ་འཛིན་སེམས་དཔར་བསྐྱེད། ཡང་སེམས་ཅན་ཐམས་ཅད་ཀྱི་ངག་དང་རང་གི་ངག་གཉིས་འོད་དཔག་མེད་དང། དེའི་ཐུགས་གར་ [067B] དེར་ཐིག་ལེ་ཏིང་འཛིན་སེམས་དཔའ། སེམས་ཅན་ཐམས་ཅད་ཀྱི་སེམས་དང་རང་གི་སེམས་གཉིས་ཐུགས་ནི་བསྐྱོད་པ་དང། དེའི་ཐུགས་ཀར་ཧཱུཾ་ཡིག་ཡེ་ཤེས་སེམས་དཔའ། དེར་ཐིག་ལེ་བཀོད་པ་ཏིང་འཛིན་སེམས་དབང་བསྐྱེད་དགོས་ ང་མཆོག་གྱུར་པ། །ཞེས་པའི་མཚམ་སུ། དོན་གྱི་འོད་གསལ་བ་ནི་དེ་དམིགས་ཤིག་སྟེ་སྒོམས་ཤིག་འོད་གསལ་བ་ཡི་གནས་ཐོབ་ནས། །ཞེས་དེ་ཐོབ་ནས་དག་པའི་སྒྱུ་ལུས་དང་བཅས་མི་སློབ་པའི་ཟུང་འཇུག་དེ་སྒོམས་ཤིག། ཅེས་པའོ། །རབ་དགའི་གཟུག་ སུ་སྐྱེ་བར་འགྱུར། །ཞེས་པས་སློབ་པའི་ཟུང་འཇུག་ལ་བརྟེན་ནས་མི་སློབ་པའི་ཟུང་འཇུག་ཐོབ་པར་འགྱུར་ཞེས་བསྟན། འདི་ལྟར་ནམ་ཕྱེད་སོགས་ཀྱིས། དེ་ལས་བཞེངས་ནས་ཤེས་རབ་ཡེ་ཤེས་ཀྱི་དངོས་དབང་དོན་གྱི་འོད་གསལ་མངོན་དུ་བྱེད་ཚུལ་བསྟན་ནོ། ། བ་དེ་ཉིད་བསྒོམས་པས་ཐོ་རངས་དུས། །ཞེས་པའི་ཐད། ནམ་ཕྱེད་དངོས་དབང། ཐོ་རེངས་གཅིག་ལ་སྔ་ཕྱི་གཉིས་སུ་ཕྱེ་བའི་སྔ་མར་སློབ་པའི་ཟུང་འཇུག་དང། ཐོ་རེངས་ཕྱི་མར་མི་སློབ་པའི་ཟུང་འཇུག་ཐོབ་པར་གསུངས། ཕར་ཕྱིན་ཐེག་པའི་བྱང་སེམས་ སྔགས་མ་དུ་འཇུག་ཚུལ་རང་ཕྱོགས་ཀྱི་མཁས་གྲུབ་ཕལ་ཆེ་བའི་གསུང་དུ་ཕར་ཕྱིན་ཐེག་པའི་ཉན་རང་གཉིས་མཐོང་ལམ་ཐོབ་ཕྱིན་དགྲ་བཅོམ་མ་ཐོབ་པར་དུ་རང་ལམ་དོར་ནས་བྱང་སེམས་ཀྱི་ལམ་ཨ་མི་འཇུག། དེ་བཞིན་དུ་བྱང་སེམས་ཀྱིས་ཀྱང་མཐོང་ལམ་ ཐོབ་ཕྱིན་སྲིད་པ་ཐ་མ་པའི་བར་དུ་སྔགས་ལ་མི་འཇུག་པར་འདོད་ལ་མཁས་གྲུབ་ནོར་བཟང་རྒྱ་མཚོས་ཕར་ཕྱིན་ཐེག་པའི་ས་དང་པོ་ནས་སྔགས་ལམ་དང། །གཉིས་པ་ནས་སྔགས་ལམ་དུ་འཇུག་པ་སོགས་དང། སྐྱེ་བ་གཅིག་ཐོགས་ [068A]༄༅། །ཀྱི་ཚེ་སྔགས་ལམ་དུ་འཇུག་པ་ཡང་ཡོད་དེ། དེ་མིན་ན་བྱང་སེམས་དེ་རྣམས་སེམས་ཅན་གྱི་དོན་དུ་འཚང་རྒྱ་བ་ལ་མགོ་ལ་མེ་ཤོར་བ་ལྟ་བུའི་དོན་གཉེར་དང་ལྡན་པས་སྔགས་ ལམ་འདི་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བའི་ཐབས་བླ་ན་མེད་པ་ཡིན་པ་མི་ཤེས་པའམ། ཤེས་ཀྱང་སྟོན་པའི་བླ་མ་མ་རྙེད་དམ། ཅིའི་ཕྱིར་མི་འཇུག། དེར་མ་ཟད་མོད་སྡེ་རྒྱན་ལས། ཁ་ཅིག་དག་ནི་དྲང་ཕྱིར་དང། །ཞེས་འདོད་ཉོན་ ངག་ཞིག་ལ་ཆགས་བྲལ་གྱི་རྒྱུན་ཞུགས་དང། འདོད་ཉོན་ཕལ་ཆེར་ལ་ཆགས་བྲལ་གྱི་ཕྱིར་འོང་དང། འདོད་ཉོན་སྐོར་དགུ་ལ་ཆགས་བྲལ་གྱི་ཕྱིར་མི་འོང་སྟེ་གསུམ་བྱང་སེམས་ཀྱི་ལམ་དུ་འཇུག་པར་བཤད་པ་ལྟར། བྱང་སེམས་དེ་དག་ཀྱང་དེ་ ནས་འཇུག་པ་ཡོད། དེ་ལྟར་འཇུག་པར་ཡོད་པརྱོད་པའི་ད་རྗེའི་དགོངས་པ་མཐར་ཐུག་ཀྱང་ཡིན་གསུངས། རྒྱལ་མཆོག་བསྐལ་བཟང་དང་ལྕང་སྐྱ་རོལ་རྡོར་རྣམ་གཉིས་ཀྱིས་ཕྱོགས་འདི་འཐད་ཕྱོགས་ལྟ་བུར་མཛད། པཎ་ཆེན་བསོད་གྲགས་ཀྱིས། ས་དང་ པོ་སོགས་ཀྱི་སྐྱེད་གཅིག་ཐོགས་ནས་སྔགས་ལམ་དུ་འཇུག་པ་མི་འཐད་པར་ཐལ། དེ་སྔགས་ལམ་དུ་འཇུག་པ་ལ་རིམ་པ་བཞི་པའི་དོན་གྱི་འོད་གསལ་དང་སྒྱུ་ལུས་གང་རུང་ནས་འཇུག་དགོས། དེ་ནས་འཇུག་ན་རིམ་པ་བཞི་པའི་འོད་གསལ་ཐོབ་ནས་ ལས་ཉོན་གྱི་དབང་གིས་སྐྱེ་འཆི་སྤངས་ཏེ་སླར་སྐྱེ་སྲིད་མི་ལེན་པ་སྔགས་ཀྱི་གྲུབ་མཐའ་ཡིན་པས། དེ་ལྟར་ན་སྐྱེ་བ་གཅིག་ཐོབ་དང་འགལ་གསུངས། རྗེ་དོན་ཡོད་མཁས་གྲུབ་པས་ཀྱང། མཁས་གྲུབ་ནོར་བཟང་རྒྱ་མཚོས་ཕར་ཕྱིན་ཐེག་པའི་ [068B] དེ་འདྲའི་བྱང་སེམས་དེ་སངས་རྒྱས་ཀྱི་ག་ཕང་མྱུར་དུ་ཐོབ་ཕྱིར་མགོ་ལ་མེ་འབར་བ་གསོད་པ་ལྟར་མི་བརྩོན་པ་ཞིག་ཡིན་ནམ། སྔགས་ལམ་མྱུར་བ་མ་ཤེས་པ་ཡིན་ནམ་ དེ་སྟོན་མཁན་མ་རྙེད་དམ་ཞེས་ཕྱིར་བཟློག་སྟེ་དགག་པ་མཛད། རྗེ་ངག་དབང་བྱམས་པས་ཀྱང་ནོར་བཟང་ལུགས་ལ་དག་པ་མཛད། རྒྱུད་ཀྱི་བླ་མ་གྲགས་བཟང་པས་སྔགས་ལམ་ལ་འཇུག་པ་ལ་ཐེག་ཆེན་ཚོགས་ལམ་ཆེན་པོའི་སྔ་རོལ་ནས་འདུག་ དགོས་ཏེ། ཚོགས་ལམ་ཆེན་པོ་ནས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་དང། དངོས་གཞི་ཐོབ་དགོས་པས་འདོད་ཉོན་ལ་ཆགས་བྲལ་བྱས་ཏེ། སླར་འདོད་ཉོན་བསྐྱེད་པ་འགལ་བའི་ཕྱིར་ཟེར་ཀྱང། རང་ལུགས་ལས་བཅུ་པའི་སྲིད་པ་ཐ་མ་ནས་འཇུག་པ་རྗེ་རིན་པོ་ ཆེའི་གཞུང་གི་ཆིག་ཟིན་ལ་ཐོན་པ་ལྟར་ཁས་ལེན་དགོས། གནས་སྐབས་རིགས་ངེས་གསུམ་ཀྱང། ཉན་ཐོས་མཐོང་ལམ་ནས་དེའི་དགྲ་བཅོམ་བར་ལམ་གཞན་ལ་མི་འཇུག་པ་དང། རང་རྒྱལ་ཡང་དེ་བཞིན་དང། བྱང་སེམས་ཀྱང་མཐོང་ལམ་ནས་སྲིད་ པ་ཐ་མའི་ས་བཅུ་པའི་བར་དུ་ལམ་གཞན་ལ་མི་འཇུག་པ་གནས་སྐབས་རིགས་ངེས་ཚུལ་ཡིན་ནོ། །དེ་ལྟར་ན་མདོ་སྡེ་རྒྱན་ལ་དགོངས་གཞི་ནོར་བཟང་པ་ལྟར་འཇོག་མི་རུང། འོ་ན་ཕར་ཕྱིན་ཐེག་པའི་ས་བཅུ་པ་དེ་དོར་ནས་འཇུག་གམ་ཞེ་ན། མ་ ཡིན་ཏེ། དེ་མ་དོར་བཞིན་དུ་སྔགས་ཀྱི་འོད་གསལ་དང་ཟུང་འཇུག་གཉིས་སྣོན་པ་འདེབས་པ་ཡིན་ཞེས་ཀུན་མཁྱེན་བར་པས་གསུངས། ན་དོན་གྱི་ལྷན་སྐྱེས་མངོན་དུ་འགྱུར་ཞེས་པའི་ཐད། མཚན་ཕྱེད་དབང་གསུམ་པ་བསྐྱུར་བ་ན་སྣང་མཆོད་ཐོབ་གསུམ་ [069A]༄༅། །སྔོན་དུ་འགྲོ་བ་ཅན་གྱི་དོན་གྱི་ལྷན་སྒྱེས་མཚོན་པར་གསུངས་པ་འདི་ལམ་གང་ཡིན་བརྟག་དགོས་སོ། །མངོན་སུམ་དུ་རྟོགས་མོད་ཀྱང། དེ་ལྷན་སྐྱེས་ཀྱི་བདེ་ཆེན་མིན་པས་དེས་ཆོས་སུ་དངོས་སུ་སྐྱེད་མི་ནུས་ ཏེ༑ ཡང་རྣམ་ལས། བསྐལ་བ་་སོགས་གསུངས་པ་དེའི་ཕྱིར། ན་གཟུགས་སྐུ་མི་སྒྲུབ་པའི་རྒྱུ་མཚན་དེས་དངོས་ཀྱི་རིགས་འདྲའི་ཉེར་ལེན་མི་ནུས་ཏེ། རིགས་འདྲ་མིན་ཅིང། རང་གི་ངོ་བོ་ལ་སྒྲིབ་པའི་བསླད་པ་ཞུགས་པའི་ཕུང་པོའི་བདུད་ཕྲ་མོ་ ཡིན་པའི་ཕྱིར། ན་རང་ནི་གཟུགས་ལ་སོགས་པའི་ཡུལ་ལྔ་དང། དབང་པོ་ནི་མིག་ལ་སོགས་པ་དབང་པོ་ལྔ་སྟེ་དེ་གཉིས་དགག་པ་སྟེ་ཐིམ་ནས། དེའི་འོག་ཏུ་རིན་ཆེན་ཏེ་སེམས་སྲོག་རླུང་དང་བཅས་པ་དབང་པོའི་ཤེས་པ་བཞོན་པའི་རླུང་དང་བཅས་པ་སྟེ་ དབང་པོའི་ཤེས་པ་བཞོན་པའི་རླུང་དང་བཅས་པ་བཀག་ཅིང་ནུབ་པར་གྱུར་པའི་སྟེ་འོད་གསལ་དུ་བཅུག་པའི་གཟུང་བ་ཞེས་དོན་གྱི་འོད་གསལ་ནི་འཛིན་པ་སྟེ་སོགས། དབང་པོ་དང་ཡུལ་ཐིམ་པ་ཡང་འཆི་རིམ་བཞིན་དུ་ཐིམ་པ་ནི། སྒྱུ་ལུས་པས་རང་ལ་ཡོད་པའི་ ཡུལ་དབང་རྣམ་ཤེས་གསུམ་འོད་གསལ་དུ་འཇུག་པ་དང། སྒྱུ་ལུས་པས་བཟུང་པའི་རགས་པའི་སྤྲུལ་སྐུ་ལ་ཡོད་པའི་ཡུལ་དབང་རྣམ་ཤེས་གསུམ་བློ་ངོར་འོད་གསལ་དུ་འཇུག་པ་ཡིན་ལ། དེའི་ཚེ་རང་ལ་ཡོད་པའི་རགས་པ་ཉེར་ལྔ་ཐིམས་པའི་རྟགས་དང། རགས་ པའི་སྤྲུལ་བསྐུ་ལ་ཡོད་པའི་རགས་པ་ཉེར་ལྔའི་ངོ་བོར་གྱུར་བའི་རླུང་ཐིམས་པའི་རྟགས་སོ། །ན་ཀོར་ལེ་རེར་ཞེས་པ་ཀོར་ཀོར་པོ་ཕྲན་ཚོགས་རེ་ཞེས་པའོ། །བ་འོད་གསལ་ལས་ཟུང་འཇུག་གི་སྐུར་ལྡང་བར་ས་དང་པོ་ལ་སོགས་པའི་ས་བཅུ་བགྲོད་ [069B] བ་སྔགས་ནས་ཀྱང་དེ་ལྟར་གསུངས་པ་ཡོད་དེ། སའི་གྲངས་བཅུ་གཉིས་དང་སོགས། ན་བསྐྱེད་རིམ་དབང་བརྒྱད་པ་ཐོབ་མ་ཐག་པ་སྦྱར་ཏེ་དེ་ཡང་ས་བརྒྱད་པའི་ཚེ་ཐ་མལ་མི་རྟོག་པའི་ཏིང་ངེ་འཛིན་ལ་དབང་བསྒྱུར་ཐོབ་པ་དང། ཞིང་དག་སྦྱོར་འཐོབ་པ་དེ་ བཞིན། བསྐྱེད་རིམ་མཐར་ཕྱིན་པའི་ཚེ་སྣོད་བཅུད་ཐ་མལ་དུ་སྣང་བའི་སྣང་ཞེན་སྦྱོང་ནུས་ཤིང། སྣོད་བཅུད་དག་པའི་བརྟན་གཡོར་སྣང་བའི་ཆོས་མཐུན་ལ་དགོངས་ནས་དེ་ལྟར་གསུངས་སོ། །ན་ཅི་རིགས་པར་ཐོབ་ཅིང། ངག་དབེན་གྱིས་ངག་གི་རྩ་བ་རླུང་དག་པར་བྱས། བ་ སྐུ་སྒྲུབ་ཅིང། སེམས་དབེན་དང་སྒྱུ་ལུས་གཉིས་པ་བཅུ་པའི་སྟོང་དང་དོད་ཐུབ། དེ་སངས་རྒྱས་རྣམས་ལ་ཐོབ་པ་དང་འདྲ་སྟེ། སེམས་དབེན་པས་ཐ་མལ་པའི་ལུས་ཀྱི་རྒྱུའི་རླུང་སེམས་ལོངས་སྐུའི་རྒྱུར་བསྒྱུར་བ་དང། སྒྱུ་ལུས་པས་སངས་རྒྱས་ལས་དབང་བསྐུར་བ་ ཐོབ་པ་གཉིས་འདྲ། འོད་གསལ་ཟུང་འཇུག་གཉིས་ས་བཅུའི་སྟོད་དང་དོད་ཐུབ་ཏུ་འཇོག་སྟེ། ས་བཅུ་པར་སྟོང་ཉིད་ཀྱི་སོགས། བ་ས་བཅུ་པ་དང་སྦྱར་རོ། །དེ་ཡང་རིམ་པ་བཞི་པའི་དོན་གྱི་འོད་གསལ་དེ་ཤེས་སྒྲིབ་སྦྱོང་བ་ལ་ནུས་པ་མཐུ་ཅན་དུ་བྱས་པའི་ལམ་གྱི་ནུས་ པ་རྫོགས་པ་དང། སློབ་པའི་ཟུང་འཇུག་ཐོབ་ནས་རིས་མི་མཐུན་པའི་ལམ་གཞན་ལ་གསར་དུ་བསླབ་ཏུ་མེད་པ་ལྟར་རོ། །ན་གསུངས་པ་བཞིན་ནོ། །ཞེས་པའི་མཚམས། རྒྱུ་མཚན་ཡང་དག་པ་ནི་སྒྱུ་ལུས་ཀྱི་སྐབས་བདེན་འཛིན་གྱི་གཉེན་པོ་མེད། རིམ་པ་བཞི་པའི་སྐབས་དེ་ཡོད་ པས་ཡིན་ནོ། །བ་སྐྱེ་བ་མི་ལྡོག་པ་ནི་ཚོགས་སྦྱོར་གྱི་སྐབས་སུ་བསོད་ནམས་ཀྱི་ཚོགས་མཐའ་ཡས་པ་མ་བསགས་པས་ཡིན་ལ། ཐེག་ཆེན་པ་གཉིས་ཀ་འདྲའོ། །དེ་ཡང་ཐེག་ཆེན་ཐུན་མོང་པས་ཀྱང་དེ་ལྟར་ལྡོག་པ་ནི་ཚོགས་སྦྱོར་གྱི་སྐབས་སུ་བསོད་ནམས་ཀྱི་ཚོགས་མཐའ་ཡས་ [070A]༄༅། །པས་སོ། །ན་འཇུག་པའི་ཐབས་བྱས་པའོ། །འདིར་ནི་མཐོང་ལམ་དུ་གྱུར་བའི་རིམ་པ་བཞི་བའི་འོད་གསལ་གྱི་མཉམ་གཞག་ཐུན་གཅིག་གིས་ཉོན་སྒྲིབ་ཀུན་བརྟགས་ལྷན་སྐྱེས་ས་བོན་དང་བཅས་པ་ཅིག་ཅར་ སྤོང་ནུས་པ་ནི། དེས་ནི་བསོད་ནམས་ཀྱི་སོགས། ན་བཤད་ཟིན་ཏོ། །སྒྱུ་མའི་སྐུ་དེ་ཡི་རྣམ་པ་ནི་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་སྦྱོར་བའི་རྣམ་པ་ཅན་རྟེན་གཞལ་ཡས་ཁང་བརྟེན་པ་ལྷ་སོ་གཉིས་དང་ བཅས་པར་ལྡང་པ། རིམ་པ་གསུམ་པའི་སྒྱུ་ལུས་དང་འདྲའོ། །དེའི་གཙོ་བོ་ལོངས་སྐུ་དང། འཁོར་རྣམས་ལམ་དུས་ཀྱི་སྤྲུལ་སྐུར་འཇོག་པ་ཡིན་ནོ། །ན་དོགས་པ་དུ་མ་ཞིག་ཆོད་པར་འགྱུར་རོ། །སྤྱིར་ཟུང་འཇུག་ལ་སློབ་མི་སློབ་ གཉིས། སློབ་པའི་ཟུང་འཇུག་ལའང་ལོངས་སྤྲུལ་གཉིས། ཟུང་འཇུག་ལོངས་སྐུ་ལའང་གཙོ་ཕལ་གཉིས། ཟུང་འཇུག་སྤྲུལ་སྐུ་ལའང་ཕྲ་རགས་གཉིས་སུ་ཡོད་པ་ཡིན་ནོ། །བ་རྒྱ་ཆེར་གསུངས་སོ། །ཞེས་པའི་མཚམས་སུ། ཉོན་སྒྲིབ་ སྤངས་པའི་འགོག་བདེན་དེ་འཁོར་བ་ལས་གྲོལ་བའི་ཐར་པ་ཡིན་པས་དྲི་བ་བཞི་པའི་ལན་དང། སློབ་པའི་ཟུང་འཇུག་པ་ནི་འཁོར་བ་ལས་གྲོལ་བ་པོ་གང་ཟག་ཡིན་པས་དྲི་བ་དྲུག་པའི་ལན་ཡིན་ནོ། །བ་སྤྱོད་བསྡུས་དང་མཐུན་པར་ཤོད་ ཅིག་དོན་གྱི་འོད་གསལ་གྱི་ལུགས་ལྡོག་གི་ཉེར་ཐོབ་ནས་སྨིག་རྒྱུའི་བར་གྱི་རྟགས་ཅན་གྱི་ཤེས་པ་རྣམས་རྗེས་དྲན་གྱི་ཡན་ལག་ཡིན་ནོ། །ཐབས་ནི་ཀུན་རྫོབ་དབྱེར་མེད་དུ་སྦྱོར་བའོ། །སྣོད་བཅུད་ཐམས་ཅད་མདོར་བསྡུས་པ་རྩ་བ་ [070B] སྐད་ཅིག་ཙམ་གྱིས་ཡེ་ཤེས་ཀྱི་སྐུ་རྫོགས་པར་བྱེད་པ་ནི། དག་པའི་སྒྱུ་ལུས་དེ་དང་འོད་གསལ་ཟུང་དུ་འཇུག་པ་དེ་ཏིང་ངེ་འཛིན་གྱི་ཡན་ལག་ ཅེས་སོགས་སོ།།་འདིའི་བསྐྱེད་རྫོགས་ཟུང་དང། སྔགས་རིམ། སྦས་དོན་ཀུན་གསལ། དྲང་ངེས་བཅས་ཀྱི་ཟིན་བྲིས་མཇུག་ ཁྱབ་བདག་འཁོར་ལོའི་མགོན་པོ་རྗེ་ཕ་བོང་ཁ་བ་བདེ་ཆེན་སྙིང་པོ་དཔལ་བཟང་པོའི་གཟིགས་དཔེ་ལ་ རྗེ་བང་ཉིད་ནས་བསྩལ་བའི་གསུང་མཚན་དང། བར་དུ་འཇུག་དགོས་ཡིག་ཆུང་ཁག་རྗེ་ཉིད་ཀྱི་གསུང་བཤད་ཟིན་བཏུས་ཐོ་རེ་བ་འགའ་བཅས་ཕྱོགས་སུ་བཀོད་ལགས་པ། སྔགས་རིམ་ཆེན་མོ་སོགས་ཀྱི་རྩ་གཞུང་སོ་སོ་དང་སྦྱར་ཏེ་གོ་བ་སྐྱེད་ལུགས་མཁྱེན་པར་ མཛོད།། །། ༈ །ཡོན་སྦྱར་མཐུན་རྐྱེན་འབྲེལ་ཚད་བླ་མ་ཡིས། །ཚེ་རབས་འབྲེལ་མེད་མཉེས་བཞིན་རྗེས་འཛིན་ཅིང། །ཟུང་འཇུག་རྡོ་རྗེ་འཆང་དབང་མྱུར་ཐོབ་ཤོག། །།འགྲོ་ དོན་འཕེལ།། །།